དེ་རིང་ནི2025ལོའི་ཟླ07པའི་ཚེས03ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་།

2025-07-02 15:37:45   |   64

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཤིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ཏེ་གསུང་བཤད་གནང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མིས“ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ་གྱོད་གཞིར་བརྟེན་ནས་ཞིབ་བཤེར་ལ་སྐུལ་འདེད་དང་། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་ལ་དམིགས་ནས་ཆེད་དོན་བརྗེ་རེས་གཏམ་བཤད་གནང་།

图片1.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཁུལ་ཨུས་རྒྱུན་མཐུད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཞིབ་ཕྲའི་བྱེད་ཐབས་བཅས་ལག་བསྟར་གཏིང་ཟབ་དང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མང་ཚོགས་ཁག་ཅིག་གི་ཞེ་ལོག་པའི“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་བྱས་ཏེ། ཡུན་རིང་བཀག་འགོག་བྱེད་མ་ཐུབ་པའི་གོམས་གཤིས་ངན་པ་འགའ་ཤས་བཀག་འགོག་བྱས་ཤིང་།   རྒྱུན་ལྡན་གྱི་གོམས་གཤིས་ངན་པ་འགའ་དང་བཅོས་དཀའ་བའི་གནད་དོན་བཅོས་སྒྲིག་བྱས་པས། ཁུལ་ཡོངས་ཀྱི་སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། རྩ་བའི་རང་བཞིན་གྱི་ཆ་ནས་ནས་ལེགས་སུ་ཕྱིན་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བྱེད་པོའི་འགན་འཁྲི་སྔར་ལས་བརྟན་པོར་ཁུར་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ཡོང་བར་སྐུལ་འདེད་གཏོང་དགོས་ཟེར།

图片2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གྱོད་གཞི་དཔྱད་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལ་འགལ་བའི་དཔེ་མཚོན་གྱོད་དཔེའི་གནོད་འཚེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། ཉེན་བརྡ་འཕྲོད་པ་དང་གུས་སྐྲག་ཤེས་པ། མཐའ་ཚད་སྲུང་བ་བཅས་བྱས་ནས་རང་རྟོགས་ངང“མཐོ་སྒང་གི་དམིགས་བསལ་སྨྲ་བ”དང“ཁ་གསབ་ཀྱི་བསམ་པ”“དོན་ཆུང་གནད་ཆུང་སྨྲ་བ”“འཕེལ་རྒྱས་ལ་ཤུགས་རྐྱེན་ཡོད་པ་སྨྲ་བ”“རིག་གནས་གོམས་སྲོལ་སྨྲ་བ”སོགས་ནོར་འཁྲུལ་གྱི་བསམ་བློ་དང་འཐབ་རྩོད་བྱས་ཏེ་བསམ་བློའི་ཐོག་ནས་རྩ་བ་ཡོ་བསྲང་དང་ཡོང་ཁུངས་གཙང་བཟོ། རྨང་གཞི་བརྟན་པོ་བཅས་བྱེད་དགོས། གྱོད་གཞིར་བརྟེན་ནས་ཞིབ་བཤེར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བསམ་བློའི་གོ་རྟོགས་མཐོར་འདེགས་བཏང་སྟེ་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཁྲོད་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པ་བཅས་ཀྱི་ངོས་ནས་པར་འགྲེམས་བྱས་པའི་དཔེ་མཚོན་གྱོད་དཔེ་བེད་སྤྱོད་ཡག་པོ་བྱས་ཏེ། ཉེན་བརྡའི་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་གཅིག་ཤེས་ཀུན་གྲོལ་དང་བསླབ་བྱར་འཛིན་དགོས། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས།  རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཞིབ་ཕྲའི་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། སྒྲིག་འགལ་བཟའ་འཐུང་དང་གཞུང་དངུལ་སྤྱད་དེ་ཡུལ་སྐོར་བྱེད་པ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུ་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བབྱེད་པའི་སློབ་སྦྱོང་སློབ་གསོའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མགོ་ཁྲིད་ལ་ཤུགས་སྣོན་པ་དང་གཅིག་གྱུར་འཆར་འགོད། སྒྲིག་འཛུགས་ཞིབ་ཚགས་བཅས་བྱས་ཏེ་བཅོས་སྒྲིག་བྱ་བར་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་འགན་ལེན་བྱེད་དགོས་ཟེར།

图片3.jpg

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་སོ་སོ་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།    


མཉམ་སྤྱོད།