དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་མཚོ་བྱང་དུ་རྟོག་ཞིབ་བྱས།

2025-07-03 16:13:56   |   41

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས2ཉིན། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་སྤྱིའི་འགན་འཛིན་པའམ་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིའུ་ཅན་ཕིང་འཁོར་དང་བཅས་པས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱས་པར་མ་ཟད། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཉིང་རྡུལ་བཟོ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་བཞུགས་མོལ་བརྗེ་རེས་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བཞུགས་མོལ་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་ཐོག་ལིའུ་ཅན་ཕིང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་པ་དང་། 221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་ཁྱབ་ཁོངས་སོ་སོའི་བྱ་བ་སྒྲུབ་པའི་གནས་ཚུལ་ངོ་སྤྲོད་ཀྱང་བྱས། ཁོས་བཤད་རྒྱུར། ཐེངས་འདིའི་བརྗེ་རེས་ཀྱིས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་དང་མཚོ་བྱང་ཁུལ་བར་གྱི་འབྲེལ་གཏུག་དང་མཉམ་ལས་གཏིང་ཟབ་ཏུ་ཕྱིན་པར་མ་ཟད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཉིང་རྡུལ་བཟོ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུར་དེ་བས་སྲ་བརྟན་གྱི་སྟེགས་བུ་བསྐྲུན་ཡོད། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་ཐེངས་འདིའི་བརྗེ་རེས་གོ་སྐབས་སུ་བརྩིས་ནས་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་དགོས་མཁོར་ཟུང་འབྲེལ་དམ་ཟབ་བྱས་ཏེ། མཚོ་བྱང་དང་མཉམ་ལས་བྱེད་པར་སྔར་བས་ཤུགས་བསྣན་ནས་རིག་གནས་ཀྱི་ཡང་སྙིང་སྔོག་འདོན་གང་ལེགས་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་བརྒྱུད་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཉིང་རྡུལ་བཟོ་ལས་ཀྱི་སྙིང་སྟོབས་མང་ཚོགས་དང་མི་སེམས་ཀྱི་ཟབ་སར་ཟུག་ཏུ་བཅུག་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་ལ་བསམ་པའི་སྒུལ་ཤུགས་ཆེན་མོ་གཅིག་ཏུ་བསྒྲིལ་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་རྟེན་གཞིའི་གནས་རྙིང་སྲུང་སྐྱོང་བེད་སྤྱོད་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན། གསར་བརྗེའི་སློབ་གསོའི་ཆས་རྟགས་གཏོད་པ་སོགས་ཀྱི་ཐད་མཚོ་བྱང་ལ་རོགས་རམ་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།  ཁོས་བསྟན་དོན། མཚོ་བྱང་ནི་མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྱུར་ཡོད་པ་དང་། སྐྱེ་ཁམས་ཀྱི་བཙན་ས་ཡིན་པར་མ་ཟད། འཕེལ་རྒྱས་འགྲོ་བའི་གནས་མལ་དྲོན་མོ་ཞིག་ཀྱང་ཡིན་པས། ཀྲུང་གོ་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་ལས་སྟེགས་དང་ཐོན་ཁུངས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་གསར་བརྗེའི་ཉམས་ཞིབ་དང་སློབ་གསོའི་གསོ་སྦྱོང་གི་གདང་སྒྱུར་རིམ་སྤོར་ལ་རོགས་རམ་བྱེད་པ་དང་སྡེ་ཚོགས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལེགས་ཆར་བརྟེན་ནས་མཚོ་བྱང་གི་རླུང་འོད་ཆུ་གསུམ་དང་དེ་བཞིན་ས་དྲོད་སོགས་བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་གསར་སྤེལ་ཐད་ཀྱི་མཛུབ་ཁྲིད་ལ་ཤུགས་སྣོན་པ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། མཚོ་བྱང་དང་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྦྱིན་དགོས་ཟེར།

བཞུགས་མོལ་ཚོགས་འདུ་མཇུག་སྒྲིལ་རྗེས། ལིའུ་ཅན་ཕིང་འཁོར་དང་བཅས་པ་སྔ་རྗེས་སུ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། རྗེས་དྲན་ཚོམས་ཆེན། དྲན་གསོ་རྡོ་རིང་། དེ་སྔའི221གི་བཟོ་གྲྭའི་གནས་རྙིང་ཡན་ལག་བཟོ་གྲྭ་དང་པོ་དང་། མདེལ་འཇོག་ས་ཚིགས། ས་འོག་བཀོད་འདོམས་ལྟེ་གནས། འགད་གཏོར་ཚོད་ལྟ་ཁང་སོགས་སུ་གཟིགས་སྐོར་དང་སློབ་སྦྱོང་གནང་བར་ཕེབས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ221རྟེན་གཞིའི་འཕེལ་རྒྱས་བརྒྱུད་རིམ་དང་རྡུལ་ཕྲན་མཁར་གྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། རྒྱ་ཆེའི་ཚན་ཞིབ་མི་སྣས་གསེར་དངུལ་ཐང་དུ་མེས་རྒྱལ་གྱི་ཉིང་རྡུལ་བྱ་གཞག་ཆེད་རང་དོན་རྒྱབ་བསྐྱུར་གྱིས་བྱ་བ་སྒྲུབ་པའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང"བདག་འཛིན་རིང་དུ་སྤངས་པའི"རྒྱལ་གཅེས་བརྩེ་སེམས་ཚོར་བར་བྱས། རྗེས་དྲན་ཚོམས་ཆེན་དུ་ལིའུ་ཅན་ཕིང་འཁོར་དང་བཅས་པས་ཀྲུང་གོའི་ཉིང་རྡུལ་བྱ་གཞག་གི་ཆེད་དུ་རྩ་ཆེའི་ཚེ་སྲོག་ཤོར་བའི་དཔའ་བོ་དང་མི་རིགས་ལ་མཛད་རྗེས་ཆེ་བར་དྲན་གསོ་ཟབ་མོ་ཞུས་ཤིང་། ཚན་རིག་པ་རྒན་རབས་ཚོའི་བླ་ན་མེད་པའི་ཕུགས་བསམ་དང་དད་སེམས་ཉམས་སུ་བླངས། དྲན་གསོ་རྡོ་རིང་མདུན་དུ་ཚང་མ་བརྗིད་ཉམས་དང་གཟབ་ནན་གྱིས་ལངས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་རླབས་ཆེན་སྟོབས་ཤུགས་ལ་མྱོང་བ་བྱས་པ་དང་། དེ་སྔའི221བཟོ་གྲྭའི་གནས་རྙིང་སོ་སོ་རུ་ཚང་མས་མདོག་ཁྲའི་བཟོ་ཁང་དང་སྒྲིག་ཆས་རྙིང་པར་ལྟ་སྐོར་བྱས་པ་བརྒྱུད་སྐབས་དེའི་འབད་འཐབ་ཀྱི་གཏམ་རྒྱུད་ལ་ཉན་ཏེ་ཉིང་རྡུལ་བཟོ་ལས་ཀྱི་ལས་གཏོད་ཀྱི་དཀའ་ཚེགས་དང་དཀའ་ལས་ཆེ་བར་ཉམས་ལེན་ཟབ་མོ་བྱས།

ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད་རྒྱུར། རྡུལ་ཕྲན་མཁར་དེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་གནས་ཡིན་པའི་ངོས་ནས་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེ་བའི་བརྩེ་སེམས་འདུས་ས་དང་མཐུན་སྒྲིལ་ལེགས་སྐྱེས་ཀྱི་སྙིང་སྟོབས་འོད་དུ་འཕྲོ་ས། ཁྱད་ལྡན་སྙིང་སྟོབས་ཀྱི་རྟགས་མ་མཚོན་ས་རེད། ལྟ་སྐོར་བརྗེ་རེས་སློབ་སྦྱོང་བྱས་པ་བརྒྱུད“མདེལ་གཉིས་སྐར་གཅིག”བྱ་གཞག་གིས་རྒྱལ་ཁབ་ཆེན་པོ་དར་རྒྱས་ཡོང་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་པ་ཚོར་བྱུང་ལ། ཐེངས་འདིའི་བརྗེ་རེས་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ་ཐུན་མོང་ཐོག་རིག་གནས་ཀྱི་ཡང་སྙིང་སྔོག་འདོན་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཀྲང་ཐའོ་དང་ཚོ་ཅི་ཆང་གིས་རྟོག་ཞིབ་ལ་ཕེབས་རོགས་བྱས་པ་དང་འབྲེལ་བཞུགས་མོལ་ནང་ཞུགས།


མཉམ་སྤྱོད།