དེ་རིང་ནི2025ལོའི་ཟླ07པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་གྱིས་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་བརྒྱུད་བསྒྲགས་བྱ་རྒྱུའི་མངགས་བཅོལ་གནང་།

2025-07-04 14:48:21   |   74

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའི་འགན་འཁུར་བློ་མཐུན་གྱིས་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིའུ་པིན་ཁྲང་ལ་སྐུལ་ལྕག་དང་འཚམས་འདྲི་བརྒྱུད་བསྒྲགས་བྱ་རྒྱུའི་མངག་བཅོལ་གནང་། 

ཞི་ཅིན་ཕིང་བསྟན་དོན། ཁྱེད་ཉིད་དགུང་ལོ92སྐབས་སུ་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས་པ་ཤེས་སྐབས་བདག་ཧ་ཅང་དགའ་པོ་བྱུང་། ཁྱེད་ལ་ཏང་ལ་ཕྱོགས་པའི་སེམས་པ་དྲག་པོ་ཞིག་མངའ་བས་སེམས་འགུལ་ཐེབས་པ་ཞིག་རེད། ཁྱེད་ཀྱིས་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཏེ། རིག་རྩལ་ལས་དོན་པ་སྔར་བས་མང་བས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད། སྐུ་གཟུགས་བདེ་ཐང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུ། 

ཡིའུ་པིན་ཁྲང1933ལོར་འཁྲུངས་པ་དང་དུས་ཡུན་རིང་པོར་ཟློས་གར་འཁྲབ་སྟོན་བྱས་ཤིང་། 《གྲུབ་ཆེན་དམ་པ་ཅི་ཀུང》སོགས་བརྩམས་ཆོས་ནང་མི་དམངས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་སྒྱུ་རྩལ་གཟུགས་བརྙན་མང་པོ་བཞེངས་ཡོད། 2024ལོར་ཀྲུང་གོའི་བརྙན་འཕྲིན་གསེར་གླག་བྱ་དགའ་སྐབས32པའི་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེ་གང་མཛད་འཁྱོལ་བྱ་དགའ་ཐོབ། ཡིའུ་པིན་ཁྲང་རིག་རྩལ་བྱ་གཞག་ལ་ཞུགས་ནས་ལོ70ལྷག་ཙམ་སོང་བ་དང་། ཏང་ནང་ཞུགས་རྒྱུའི་འདུན་པ་སྔར་ནས་ཡོད་མོད། རྟག་པར་རང་ཉིད་ལ་ད་དུང་ཏང་ཡོན་གྱི་ཆ་རྐྱེན་འཛོམས་མེད་པའི་ངོས་འཛིན་བྱས། ཁོང་གིས2024ལོའི་ལོ་མགོར་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་རེ་འདུན་ཞུ་ཡིག་ཕུལ་བ་དང་། 2025ལོའི་ཟླ་5པར་ཀྲུང་གུང་གྲ་སྒྲིག་ཏང་ཡོན་དུ་བླངས་པའི་ཆོག་མཆན་སྤྲད། “བདུན་གཅིག”གི་སྔ་ནུབ་ཏུ་ཁོང་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་ཏང་ཨུས་སྤེལ་བའི་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་པ་རེད།


མཉམ་སྤྱོད།