དེ་རིང་ནི2025ལོའི་ཟླ07པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲའོ་ལེ་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་གནང་།

2025-07-09 15:09:08   |   132

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpeg

ཟླ7པའི་ཚེས6ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་གནང་། འདི་ནི་ཟླ7པའི་ཚེས7ཉིན། ཀྲའོ་ལེ་ཅི་ཡིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཝུན་ཧུའེ་ལམ་ཁྲོམ་གཞུང་དམངས་ཆེན་འཐུས་མི་འབྲེལ་གཏུགས་ཁང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཟླ7པའི་ཚེས6ནས་ཚེས8ཉིན་བར་མཚོ་སྔོན་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་དོན་འཁྱོལ་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་སྒྲུབ་བྱས་ནས།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ཕུན་སུམ་ཚོགས་པར་མཇུག་བསྒྲིལ་ཆེད་ལེགས་སྐྱེས་འབུལ་དགོས། 

2.jpeg

ཟླ7པའི་ཚེས6ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་གནང་། འདི་ནི་ཟླ7པའི་ཚེས8ཉིན། ཀྲའོ་ལེ་ཅི་ཡིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་ཧྲོའུ་ལི་གྲོང་རྡལ་མཐོ་སྒང་སྔོ་ཚལ་རྟེན་གཞིར་རྟོག་ཞིབ་གནང་བའི་ཚུལ་རེད།

ཀྲའོ་ལེ་ཅི་སྔ་རྗེས་སུ་ཟི་ལིང་དང་མཚོ་ཤར་ཏུ་ཕེབས་ནས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འབྲེལ་གཏུག་ཁང་དང་། ཁེ་ལས། གྲོང་གསེབ་སོགས་སུ་གཏིང་ཟབ་ཏུ་ཕྱིན་ནས། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་མང་ཚོགས་དང་སྤེལ་རེས་བྱས་ཏེ། དམངས་འཐུས་ཚོགས་ཆེན་གྱི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་རྟོག་ཞིབ་དང་། ལས་ཁུངས་ཀྱི་ལས་བྱེད་པར་ལྟ་སྐོར་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུར་མགོ་འཛིན་གནང་།

ཀྲའོ་ལེ་ཅིས་ནན་གྱིས་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་།“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ།“འདུ་ཤེས་བཞི”ཆེ་རུ་གཏོང་བ་དང་།“ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཏང་གི་སྲིད་ཇུས་གལ་ཆེན་གྱི་ཁ་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དེ་དམངས་འཐུས་ཚོགས་ཆེན་གྱི་ལས་དོན་ཁྲོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པར་འགན་ལེན་བྱེད་དགོས། མཚོ་སྔོན་གྱི་རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱིས་རིམ་པ་དེ་གའི་ཏང་ཨུའི་མགོ་ཁྲིད་འོག མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྟེ་རྒྱལ་ཁབ་ཀྱི་དོན་ཆེན་འདི་ལ་སྲུང་སྐྱོབ་ལེགས་པོ་བྱ་རྒྱུར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་དེར་དམིགས་ཏེ། ཁྲིམས་སྐྱོང་གི་བྱ་ཐབས་སྤྱད་དེ་གཙང་གསུམ་འབྱུང་ཡུལ་གྱི“ཀྲུང་ཧྭའི་ཆུ་མཛོད”ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།

ཀྲའོ་ལེ་ཅི་ཡིས་བསྟན་དོན། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། རང་རྟོགས་ངང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ལ་བརྟེན་པ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་སྤེལ་ནས། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞི་རྒྱ་ཁྱབ་ཏུ་མཉན་ནས། དམངས་འཐུས་ཚོགས་ཆེན་གྱི་ལས་དོན་དེ་དམངས་སེམས་ཀྱི་རྨང་གཞི་བརྟན་པོ་ཞིག་གི་ཐོག་ཏུ་བསྒྲུབ་དགོས། གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས། འཐུས་མིས་ཁྲིམས་ལྟར་དང་གོ་རིམ་ལྡན་པ། ཚད་ལྡན་བཅས་ཀྱི་སྒོ་ནས་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་དང་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཚང་མས་མི་དམངས་ལ་རྩ་བ་ཚུགས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་དགོས་ལ། དེ་ནི་དམངས་འཐུས་ཚོགས་ཆེན་གྱི་བྱ་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་དང་འཐུས་མིས་འགན་འཁྲི་སྒྲུབ་པའི་རྨང་གཞི་ཡིན།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་དབང་ཚད་དང་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་གོ་རིམ་ལ་བརྩི་སྲུང་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ནན་ཏན་གྱིས་ལག་བསྟར་བྱེད་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྲིམས་འཛུགས་ཀྱི་སྤུས་ཚད་འགག་སྒོར་དམ་འཛིན་ཏན་ཏིག་བྱེད་དགོས། ས་གནས་ཀྱི་ཁྲིམས་འཛུགས་དང་འགལ་བ་མི་ཡོང་བ་དང་། ཁྱད་ཆོས་ལྡན་པ། བཀོལ་སྤྱོད་བྱེད་ཆོག་པ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་གང་ཐུབ་བྱས་ནས། ཤུགས་ཆེན་པོས་དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། དམངས་འཐུས་ཚོགས་ཆེན་གྱི་ལྟ་སྐུལ་ལས་དོན་ཡག་པོར་སྒྲུབ་པའི་འགག་རྩ་ནི་ལྟ་སྐུལ་ཡང་དག་པ་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་རྒྱུན་འཁྱོངས་བྱས་ཏེ་ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱ་རྒྱུ་དེ་རེད། གསར་དུ་བཟོ་བཅོས་བརྒྱབ་པའི་ལྟ་སྐུལ་བཅའ་ཁྲིམས་ལག་བསྟར་དང་། ཁྲིམས་བཀོད་ལྟ་སྐུལ་གྱི་རྣམ་པ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། བྱ་བའི་ལམ་སྲོལ་འཐུས་ཚང་་དུ་བཏང་སྟེ། གནད་དོན་ཐག་གཅོད་དང་ལས་དོན་ལེགས་བཅོས། ལམ་ལུགས་འཐུས་ཚང་བཅས་བྱེད་པར་དངོས་གནས་སྐུལ་འདེད་གཏོང་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན།“ལས་ཁུངས་བཞིའི”གནས་ངེས་བླང་བྱ་གཞིར་བཟུང་། དམངས་འཐུས་ཚོགས་ཆེན་གྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་ནུས་ལྡན་ངང་སྤེལ་བ། སྤྱོད་ཚུལ་གཙང་མ་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།


མཉམ་སྤྱོད།