དེ་རིང་ནི2025ལོའི་ཟླ07པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

2025-07-11 15:31:59   |   59

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ7པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་གཙོ་སྐྱོང་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གྱི་ནང་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ནས། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་གཟིགས་ཞིབ་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་དེས་ཏང་ཀྲུང་དབྱང་གི་ཐོན་ཁུངས་རྣམ་པའི་ས་ཁུལ་ཚུར་སྒྱུར་གྱི་ཐུགས་དཀྱེལ་ཡངས་ལ་གཟིགས་རྒྱང་རིང་བ་མཚོན་ཞིང་། དེ་ཧྲན་ཞིའི་བྱ་བའི་གནད་འཁེལ་མཛུབ་སྟོན་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡོངས་ཁྱབ་བླང་བྱའང་ཡིན་པས། མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པར་དངོས་ཡོད་ཀྱི་དམིགས་གཏད་རང་བཞིན་དྲག་པོ་ལྡན་པས། ཐོན་ཁུངས་ཀྱི་དགེ་མཚན་སྐུལ་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་ནུས་ཁུངས་བདེ་འཇགས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། ཐོན་ལས་ཀྱི་གནས་བཞི་བསྐྲུན་པ་གཙོ་འབད་ཁ་ཕྱོགས་བྱས་ནས། ལྗང་མདོག་རྩིས་གློག་གི་མཐུན་སྦྱོར་ཚོད་ལྟའི་གནས་ཟབ་སྤེལ་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་མོ་བྱེད་པར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་ཏེ། རྒྱལ་ཁབ་སྤྱི་གླིང་དོ་དམ་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་རིན་ཐང་མངོན་འགྱུར་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱེད་དགོས། དམངས་ཚིས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ལས་ཞུགས་གཙོ་བོར་འཛིན་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཁས་ལེན་ལྔའི་སློབ་གསོ་ཟབ་སྤེལ་བྱེད་པ་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྩ་བ་སྲ་བརྟན་དུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁག་ཁུར་འགན་ལེན་དང་དངོས་སྒྲུབ་སྔོན་བརྩོན་བྱེད་པར་སྐུལ་མ་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་མཚོ་སྔོན་དུ་གཟིགས་ཞིབ་ལ་ཕེབས་པ་དེས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་གྱི་བྱ་བར་མཐོང་ཆེན་ཚད་མེད་གནང་བ་མཚོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡི་གསུང་བཤད་ཀྱི་བླང་བྱར་གོ་བ་བླངས་ནས་ལག་བསྟར་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཆུ་མཛོད་ལ་སྲུང་སྐྱོབ་བྱེད་མཁན་བཟང་པོ་ཞིག་བྱས་ཏེ། རི་སྔོ་ཆུ་དྭངས་དེ་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་དགེ་མཚན་གསར་པ་མུ་མཐུད་དུ་བཏོན་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས། བློ་བརྟན་འགྱུར་མེད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་དྲིན་དྲན་པ་དང་ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་ཁྲིད་སྟོན་བྱེད་དགོས། བློ་བརྟན་འགྱུར་མེད་སྒོས་དམངས་ཚིས་དངོས་དོན་ལེགས་པོར་སྒྲུབ་སྟེ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་སྔར་ལས་ཆེ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་དགོས། དམངས་ཆེན་བྱ་བས་ཏང་གི་འགོ་ཁྲིད་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་པ་དང་། ལྟེ་བར་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། མཚོ་སྔོན་གྱི་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་དང་། ཀྲུང་དབྱང་རིམ་པའི་ཆེད་ཚན་གྱི་འབྲེལ་ཡོད་བརྡ་ཐོའི་དགོངས་དོན། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་བྱ་བའི་བླང་བྱ་བཅས་ལག་བསྟར་ནན་མོ་བྱེད་པ་དང་། སློབ་སྦྱོང་ལ་སྤུས་ཀ་ཡོད་པ་དང་ཞིབ་བཤེར་ལ་ནུས་ཤུགས་ཡོད་པ། བཅོས་སྒྱུར་ཕན་འབྲས་ཡོད་པ་བཅས་ཀྱི་ཐད་རྒྱུན་མཐུད་སྒོས་ནུས་པ་བཏོན་ནས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་གཏོང་བ་དང་། སློབ་སྦྱོང་སློབ་གསོར་མགོ་མཇུག་ཡོད་པ་དང་བདེ་བླག་ངང་ལག་བསྟར་བྱས་ཏེ་ཕན་འབྲས་ཐོབ་པར་ཁག་ཐེག་བྱ་དགོས། ཡུན་ནན་ཞིང་ཆེན་ཆུས་ཅིན་གྲོང་ཁྱེར་གྱིས་བསྡོམས་རྩིས་རྫུན་བཟོ་དང་ཆབ་སྲིད་སྐྱེ་ཁམས་ཞན་འགྱུར་གྱི་དཔེ་མཚོན་གྱོད་གཞིའི་བསླབ་བྱ་བསྡུ་ལེན་བྱས་ཏེ། གྱོད་གཞིར་དཔེ་ལྟོས་དང་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་ཤེས་པར་བྱེད་པ་དང་། རང་བཤེར་རང་བཅོས་དང་ལམ་ལུགས་འཐུས་ཚང་། འགན་འཁྲི་དངོས་འབེབས་བཅས་བྱས་ནས། དངོས་སུ་དོ་དམ་དང་དོ་དམ་ནན་མོ་བྱེད་པ། དོ་དམ་བྱེད་ཕོད་ལ་ནན་མོ་བྱེད་ཕོད་པ། ཡུན་རིང་ལ་དོ་དམ་དང་ཡུན་རིང་ལ་ནན་མོ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་གཏོད་ཀྱི་འཕེལ་རྒྱས་ཁོར་ཡུག་ཅིག་བསྐྲུན་དགོས།


མཉམ་སྤྱོད།