དེ་རིང་ནི2025ལོའི་ཟླ07པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་རང་རྒྱལ་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་མུ་ཕྲེང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་སྐོར་གླེང་བ།

2025-07-13 11:46:50   |   23

སྒྲིག་སྒྱུར། ཀླུ་མཁར་རྒྱལ།   ཡོང་ཁུངས། སློབ་བརྩོན་རྒྱལ་སྟོབས།   བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20250506092536.jpg

要以企业牵头,整合集聚创新资源,形成跨领域、大协作、高强度的创新基地,开展产业共性关键技术研发、科技成果转化及产业化、科技资源共享服务,推动重点领域项目、基地、人才、资金一体化配置,提升我国产业基础能力和产业链现代化水平。

——习近平2021年5月28日在中国科学院第二十次院士大会、中国工程院第十五次院士大会和中国科协第十次全国代表大会上的讲话

ཁེ་ལས་ཀྱིས་སྣེ་ཁྲིད་ནས་གསར་གཏོད་ཐོན་ཁུངས་སྡེབ་སྒྲིག་བྱས་ཏེ། ཁྱབ་ཁོངས་བརྒལ་བ་དང་། གཞོགས་འདེགས་ཆེན་པོ། ཤུགས་ཚད་ཆེན་པོ་བཅས་ཀྱི་གསར་གཏོད་རྟེན་གཞི་ཆགས་པ་དང་། ཐོན་ལས་ཀྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་སྤེལ་དང་། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར། དེ་བཞིན་ཐོན་ལས་ཅན་དང་ཚན་རྩལ་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུ་བཅས་སྤེལ་བ། གཙོ་གནད་ཁྱབ་ཁོངས་ཀྱི་ལས་གཞི་དང་། རྟེན་གཞི། འཇོན་མི། མ་དངུལ་བཅས་གཞི་གཅིག་ཅན་གྱི་བགོ་སྒྲིག་ལ་སྐུལ་འདེད་བཅས་བྱས་ཏེ། རང་རྒྱལ་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་མུ་ཕྲེང་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།

——ཞི་ཅིན་ཕིང་གིས2021ལོའི་ཟླ5ཚེས28ཉིན་ཀྲུང་གོའི་ཚན་རིག་གླིང་གི་གླིང་རམས་པའི་ཚོགས་ཆེན་སྐབས་ཉི་ཤུ་པ་དང་ཀྲུང་གོའི་བཟོ་སྐྲུན་གླིང་གི་གླིང་རམས་པའི་ཚོགས་ཆེན་བཅོ་ལྔ་པ། ཀྲུང་གོའི་ཚན་རིག་པའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད།


མཉམ་སྤྱོད།