དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁག་དྲུག་པའི་ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའི་རྐང་འཛིན་ངོ་འཕྲད་ཚོགས་འདུ་འཚོགས།

2025-07-15 16:12:39   |   222

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མདོ་ལ་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ7པའི་ཚེས14ཉིན། མཚོ་བྱང་ཁུལ་གྱིས་ཁག་དྲུག་པའི་ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའི་རྐང་འཛིན་ཐུག་འཕྲད་ཚོགས་འདུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་བ་དང་། ཁུལ་གྱི་མགོ་ཁྲིད་རུང་ཧུང་ཀྲི་དང་། སི་ཅི་ཧྲེང་། ཁག་དྲུག་པའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན་ལིའུ་ཡུས་པིན་དང་དེ་བཞིན་རྐང་འཛིན་ཁོངས་མི་ཞུགས་ཡོད་པ་རེད། 

001.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཚད་མཐོའི་མཐོང་ཆེན་འོག་དང་། ཧྲན་ཏུང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པ་མཚོ་བོད་ས་མཐོར་ཕྱིན་ནས་མཚོ་བྱང་གི་འཕེལ་རྒྱས་ལ་སེམས་ཤུགས་བཏོན་པ་དང་། མཚོ་བྱང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད། ལྷག་པར་དུ་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་མཚོ་བྱང་གི་འཕེལ་རྒྱས་ལ་དམིགས་ནས་ལས་གནས་ལ་གཞི་ཚུགས་པ་དང་ནུས་པ་འདོན་སྤེལ། འབྲེལ་མཐུད་ཀྱི་ནུས་པ་བཏོན་ནས་རོགས་སྐྲུན་མ་དངུལ་སྒོར་དུང་ཕྱུར10བརྩོན་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་ཐོན་ལས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་རོགས་སྐྱོར་ཧུར་ཐག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར50ལས་བརྒལ་བའི་རྣམ་གྲངས་ཁག་གཅིག་མཚོ་བྱང་དུ་དོན་འཁྱོལ་བྱས་ནས་མཚོ་བྱང་གི་ཁྱད་ལྡན་རོང་འབྲོག་ཐོན་ཟོག་རིགས་སྣ་བརྒྱ་ཙམ་ཧྲན་ཏུང་གི་ཚོང་ར་བཀྲམ་པར་སྐུལ་འདེད་བཏང་ཞིང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་གཉིས་པ་བདེ་བླག་ངང་རིམ་གསུམ་སྨན་ཁང་དུ་གསར་འཛུགས་བྱས། ལུའུ་ཆིན་མཐོ་འབྲིང་དུས་ལྟར་ལེགས་འགྲུབ་བྱུང་ནས་བཀོལ་སྤྱོད་བྱས་པས་མཚོ་བྱང་གི་འཕེལ་རྒྱས་ལ་ལས་གཞི་ནང་འདྲེན་དང་ཐོན་ཁུངས་གཅིག་བསྡུ། འཇོན་ནུས་གཅིག་བསྡུ། བར་སྟོང་རྒྱ་སྐྱེད་བཅས་བྱས་རྗེས་བླ་ན་མེད་པ་བཞག་ཡོད། 

003.jpg

002.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ལས་བྱེད་པ་ཁག་ལྔ་པས་མཐའ་མའི་ལས་གནས་སུ་ལས་ཀ་ཡག་པོ་སྒྲུབ་པ་དང་། སྤེལ་རོགས་ཁྲིད་གསུམ་ཡག་པོ་བྱས་ཏེ་ལས་དོན་སྦྲེལ་མཐུད་བཟང་པོ་དང་བརྟན་བརླིང་བར་བརྒལ་བྱེད་པར་འགན་ལེན་བྱེད་དགོས། ཧྲན་ཏུང་དུ་ལོག་རྗེས་མཚོ་བྱང་ལ་སྔར་བཞིན་དོ་ཁུར་དང་། མཚོ་བྱང་དྲིལ་བསྒྲགས། མཚོ་བྱང་ལ་རྒྱབ་སྐྱོར་བཅས་བྱས་ཏེ། མཚོ་བྱང་གི་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་དང་མཚོ་བྱང་གི་གཏམ་རྒྱུད་རྒྱུན་མཐུད་ངང་ཡག་པོ་ཤོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། མཚོ་སྐྱོར་ལས་བྱེད་པ་ཁག་དྲུག་པས་མཚོ་སྐྱོར་ལས་བྱེད་སྐོར་ཁག་གོང་མའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་བ་དང་། མཚོ་སྐྱོར་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་གསར་གཏོད་རང་བཞིན་རྒྱུན་འཁྱོངས་བྱེད་པ། མཚོ་བྱང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་པོར་དམིགས་པ་མ་ཟད། ཧྲན་ཏུང་གི་མཚོ་སྐྱོར་ལས་དོན་གྱི་སྤྱིའི་བཀོད་སྒྲིག་དང་ཟུང་འབྲེལ་བཅས་བྱས་ཏེ་རང་ངོས་ཀྱི་ལེགས་ཆ་དང་། ཆེད་ལས་ཀྱི་དགེ་མཚན། སྦྲེལ་མཐུད་ཀྱི་ནུས་པ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ། ལས་གནས་ཀྱི་འགན་འཁྲི་ལ་གཞི་ཚུགས་པ་དང་རང་འགུལ་ངང་ལས་ཀ་བསྒྲུབ་ནས་མཚོ་བྱང་གི“ལྔ་བཅོ་ལྔའི”མཆར་གཞི་ལ་ཐབས་འདོན་ཇུས་འདོན་དང་། “མཚོ་བྱང་ལྔའི”འཛུགས་སྐྲུན་ནང་རང་འགུལ་ངང་ཞུགས་ནས་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ལ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་དང་མཚོ་བྱང་གི་འཕེལ་རྒྱས་ལ་སྟོབས་ཤུགས་འབུལ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཐད་ཐུགས་ཁུར་དང་། ལས་ཀའི་ཐད་བློས་འཁེལ་བ། འཚོ་བའི་ཐད་སྙིང་ཉེ་བ། དོ་དམ་ཐད་སེམས་ཤུགས་འདོན་པ་བཅས་མཐའ་འཁྱོངས་བྱས་ཏེ། མཚོ་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།


མཉམ་སྤྱོད།