དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་དུ་སྐོར་ཞིབ་བྱེད་པའི་བྱ་བའི་སྐུལ་སློང་ཚོགས་འདུ་བསྡུས་པ།

2025-07-21 09:08:34   |   414

རྩོམ་སྒྲིག མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་གཅིག་གྱུར་བཀོད་སྒྲིག་ལྟར། ཉེ་ལམ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་བསྡུས། ཀྲུང་དབྱང་གི་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པའི་མགོ་གཙོ་ཀྲང་ཆན་གྱིས་སྐུལ་སློང་གཏམ་བཤད་གནང་ནས། ཏང་ཀྲུང་དབྱང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐོར་ཞིབ་བྱ་བ་ཏན་ཏིག་ངང་སྤེལ་བར་བླང་བྱ་བཏོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

微信图片_20250721085927.jpg

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡི་འགན་ཁུར་མི་སྣ་གཙོ་བོ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པའི་བློ་མཐུན་ཡོངས་ཚོགས་འདུར་ཞུགས། ལས་ཐོག་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་དང་ལས་བྱེད་པ་གཞན་དག་དང་།  ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པའི་འཐུས་ཚབ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུ་ཡི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོའི་མགོ་གཙོ། ཞིང་ཆེན་ཏང་ཨུའི་པུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི།   མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་། དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་བཅས་ཚོགས་འདུར་ཟུར་ཞུགས་བྱས།

ཀྲང་ཆན་གྱིས་ནན་གྱིས་བསྟན་དོན། སྐོར་ཞིབ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འཐབ་ཇུས་རང་བཞིན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། “གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ཀྱིས་གོང་བཀུར་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་སྒྲུབ་པ། སྐོར་ཞིབ་བྱ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ། ལྟ་སྐུལ་ལ་ངོས་འཛིན་ཡང་དག་བྱེད་པ། རང་རྟོགས་སྒོས་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱས་ཏེ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་ལེགས་པོ་བྱས་ནས། ཏང་ཀྲུང་དབྱང་གིས་སྤྲད་པའི་སྐོར་ཞིབ་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱ་དགོས།

ཀྲང་ཆན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ནས། ཆབ་སྲིད་སྐོར་ཞིབ་ཀྱི་ངེས་གནས་འབུར་དུ་ཐོན་པར་བྱེད་པ་དང་། སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་ཏེ། དར་ཆ་གསལ་སྒྲེང་སྒོས་“སྲུང་སྐྱོང་གཉིས”རྩ་བའི་ལས་འགན་དུ་བརྩི་རྒྱུ་ཡིན། དཀྱིལ་སྙིང་ལ་དམིགས་པ་དང་ཆེ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུའི་རྒྱུན་སྐྱོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་གཟབ་ནན་གྱི་བྱེད་ཕྱོགས་ཀྱི་རྒྱུན་སྐྱོང་བ། མ་ལག་ལྡན་པའི་འདུ་ཤེས་དང་ཕྱོགས་བསྡུས་ལྟ་སྐུལ་ནུས་པ་འདོན་རྒྱུའི་རྒྱུན་སྐྱོང་བ། དངོས་ཐོག་བདེན་འཚོལ་དང་སྒྲིག་ལམ་སྒྲིག་སྲོལ་བཅའ་ཁྲིམས་བཅས་གཞིར་འཛིན་རྒྱུའི་རྒྱུན་སྐྱོང་བ་བཅས་བྱས་ཏེ། ནུས་ལྡན་སྒོས་ཆབ་སྲིད་ཀྱི་ལྟ་སྐུལ་གནད་འཁེལ་བྱ་རྒྱུ་ཡིན། ཏང་ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་ལ་བཏོན་པའི་བྱེད་ནུས་ངེས་གནས་དང་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལ་གཏིང་ཟབ་ཏུ་ངོས་འཛིན་དང་ལག་བསྟར་དངོས་འབེབས་བྱེད་པ་དང་། ཁྱོན་ཡོངས་ནས་བཅོས་སྒྱུར་སྔར་ལས་ཟབ་སྤེལ་བྱེད་པའི་བཀོད་སྒྲིག་དངོས་འབེབས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་གཏིང་ཟབ་ཏུ་སྤེལ་བ། མགོ་ཁྲིད་ཚན་ཁག་དང་ལས་བྱེད་འཇོན་མིའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་བཅས་ཀྱི་འཛུགས་སྐྲུན་དང་སྐོར་ཞིབ་དག་ཐེར་ལེགས་བཅོས་གནས་ཚུལ་བཅས་ལ་ཤུགས་བསྣན་ནས། དབང་ཆ་དང་འགན་འཁྲི་ལ་ནན་མོར་ཅེར་བ་དང་། མགོ་ཁྲིད་དང་པོ་དང་མགོ་ཁྲིད་ཚན་ཁག་ལ་ནན་མོར་ཅེར་བ། མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་ལ་ནན་མོར་ཅེར་བ། ཆབ་སྲིད་ཀྱི་བར་ཁྱད་ཤུགས་ཆེན་པོས་འཚོལ་བ་དང་། འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ནུས་ལྡན་གྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུ་ཡིན།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་བཅུ་གཅིག་པས་མཚོ་སྔོན་ཞིང་ཆེན་དུ་སྐོར་ཞིབ་བྱེད་པ་ཡིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བཞིན་པ་དང་། མཚོ་སྔོན་གྱི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་གནང་བཞིན་པ་མཚོན་ཡོད། ཆབ་སྲིད་ཀྱི་ལངས་གནས་དངོས་སུ་ཇེ་མཐོར་བཏང་སྟེ། “གཏན་འཁེལ་གཉིས”ལ་གོང་བཀུར་དང་། “སྲུང་སྐྱོང་གཉིས”སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས་ཀྲུང་དབྱང་གི་སྐོར་ཞིབ་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱས་ཏེ།    ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་དངོས་སུ་ཇེ་དྲག་ཏུ་བཏང་སྟེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་སྣ་ཚོགས་མཐའ་གཅིག་ཏུ་ལེགས་འགྲུབ་བྱ་དགོས། ཀྲུང་དབྱང་གི་སྐོར་ཞིབ་བཀོད་སྒྲིག་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་།    རང་རྟོགས་སྒོས་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱེད་པ།    འབྲེལ་གཏུག་དང་གཞོགས་འདེགས་ལ་ཤུགས་བསྣན་ནས།  འཕྲིན་བཅར་དང་ཞུ་གཏུག་གི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་དགོས། ཆབ་སྲིད་ཐད་ནས་བལྟ་བ་དང་ཆབ་སྲིད་ཐད་ནས་བསྒྲུབ་པ།    ཆབ་སྲིད་ཀྱི་ཐད་ནས་བསྒྱུར་བ་བཅས་ཀྱི་རྒྱུན་བསྐྱངས་ཏེ། སྐོར་ཞིབ་ཀྱི་ཞོར་དུ་བཅོས་སྒྱུར་བྱེད་པ་དང་། ཤེས་མ་ཐག་བཅོས་སྒྱུར་བྱེད་པ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱས་ནས། མཐའ་གཅིག་ཏུ་བློ་དཀར་བའི་ཆབ་སྲིད་རང་རྟོགས་དང་།    གྲི་ཁ་ནང་སྐོར་གྱི་ཆབ་སྲིད་སྤོབས་པ།    འགན་འཁྲི་འཁུར་ཕོད་པའི་ཆབ་སྲིད་གཤིས་སྤྱོད་བཅས་ལ་བརྟེན་ནས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་བྱ་བ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས། ཐེངས་འདིའི་སྐོར་ཞིབ་གོ་སྐབས་སུ་བྱས་ནས། སྦྱངས་པ་སྤྱོད་གོ་ཆོད་པར་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་པ་ཡོང་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་དུ་ཟླ་གཉིས་དང་ཕྱེད་ཀའི་རིང་ལ་བྱ་བ་བསྒྲུབ་རྒྱུ་ཡིན་པ་དང་། སྐོར་ཞིབ་སྐབས་ཀྱི་ཆེད་སྤྱོད་ལས་རེས་ཁ་པར་ཨང་གྲངས་ནི0971-3686677ཡིན་ལ།  ཉིན་རེའི་ཁ་པར་དང་ལེན་གྱི་དུས་ཚོད་ནི་ཆུ་ཚོད8:00ནས18:00བར་ཡིན།  ཆེད་སྤྱོད་སྦྲགས་སྲིད་ཡིག་སྒམ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཨང་རྟགསA219པ་རེད།  སྐོར་ཞིབ་ཚན་ཆུང་གིས་གཏུག་ཡིག་དང་ལེན་བྱེད་པའི་དུས་ཡུན2025ལོའི་ཟླ9པའི་ཚེས23བར་ཡིན། སྐོར་ཞིབ་བྱ་བའི་སྲོལ་ཡིག་གི་གཏན་འབེབས་ལྟར།   ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གིས་གཙོ་བོར་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་མགོ་ཁྲིད་ཚན་ཁག་དང་དེའི་ཁོངས་མི་དང་།  རིམ་པ་ཞོལ་མའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཚན་ཁག་གི་འགན་ཁུར་མི་སྣ་གཙོ་བོ་དང་ལས་གནས་གཙོ་བོའི་མགོ་ཁྲིད་ལས་བྱེད་པའི་གནད་དོན་ཞུ་གཏུག་གི་ཁ་པར་དང་འཕྲིན་ཡིག གཏུག་བཤེར་བཅས་དང་ལེན་བྱ་རྒྱུ་ཡིན་ལ།  ཆབ་སྲིད་ཀྱི་སྒྲིག་ལམ་དང་རྩ་འཛུགས་ཀྱི་སྒྲིག་ལམ།  སྤྱོད་གཙང་གི་སྒྲིག་ལམ།  མང་ཚོགས་ཀྱི་སྒྲིག་ལམ།  བྱ་བའི་སྒྲིག་ལམ།  འཚོ་བའི་སྒྲིག་ལམ་བཅས་དང་འགལ་བའི་སྐོར་གྱི་ཞུ་གཏུག་དང་ཡར་ཞུ་གཙོ་གནད་དུ་འཛིན་རྒྱུ་རེད།  དེ་ལས་གཞན་པའི་སྐོར་ཞིབ་ཀྱི་དང་ལེན་ཁྱབ་ཁོངས་སུ་མི་གཏོགས་པའི་འཕྲིན་བཅར་གྱི་གནད་དོན་དག་གཏན་ཁེལ་ལྟར་མཚོ་སྔོན་ཞིང་ཆེན་དང་འབྲེལ་ཡོད་སྡེ་ཁག་གིས་ཐག་གཅོད་ནན་མོ་བྱ་རྒྱུ་རེད།


མཉམ་སྤྱོད།