དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་བོད་སྨན་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་སྨན་རྫས་རིག་པ་དང་ཟས་རིགས་སློབ་གླིང་གིས་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་གན་རྒྱ་བཞག

2025-07-23 16:03:02   |   339

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་སྔོན། མཚོ་བྱང་ཁུལ་བོད་སྨན་ཁང་དང་ལྷོ་ནུབ་མི་རིགས་སློབ་ཆེན་སྨན་རྫས་རིག་པ་དང་ཟས་རིགས་སློབ་གླིང་གིས་ཏང་རྩ་འཛུགས་མཉམ་སྐྲུན་དང་དེ་བཞིན་སྨན་ཁང་དང་སློབ་གྲྭའི་འཐབ་ཇུས་མཉམ་ལས་ལ་གྲོས་མཐུན་གན་རྒྱ་བཞག་པར་མ་ཟད། “སློབ་ཁྲིད་ཚན་རིག་ཞིབ་འཇུག་ལག་ལེན་རྟེན་གཞིའི”སྒོ་བྱང་བཀལ། མཚོ་བྱང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་དང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་སློབ་གཙོ་གཞོན་པ་ཨེར་ཀུའུ་ཏ་ཅི། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཚོ་བྱང་ཁུལ་བོད་སྨན་ཁང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་མཛད་སྒོར་ཞུགས།

1.png

རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་སློབ་གྲྭ་དང་མཚོ་བྱང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་བྱས་པ་ནས་བཟུང་ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་ཐོན་ལས་མཐོ་རུ་གཏོང་རྒྱུ་སོགས་ཁྱབ་ཁོངས་མང་པོར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཐེངས་འདིའི་ཆ་སྒྲིག་གིས་ཏང་འཛུགས་སྐྱོང་བྱེད་པ་སྣེ་ཁྲིད་དུ་བཟུང་ནས་རྟེན་གཞི་འཛུགས་སྐྱོང་དང་ཏང་ཀྲི་པུ་མཉམ་སྐྲུན་སོགས་བརྒྱུད་ནས་མཐོ་སློབ་རིག་ཚན་འཇོན་མི་དང་ས་གནས་ཐོན་ཁུངས་མཉམ་འདྲེས་བྱས་ཏེ་བོད་སྨན་གྱི་ཚན་ཞིབ་གསར་གཏོད་དང་འཇོན་མི་གསོ་སྐྱོང་། གྲུབ་འབྲས་རིམ་བསྒྱུར་བྱེད་པར་སྐུལ་འདེད་བཏང་ཡོད།

2.png

གན་རྒྱ་བཞག་རྗེས། ཨེར་ཀུའུ་ཏ་ཅི་འཁོར་དང་བཅས་པས་ཁུལ་བོད་སྨན་ཁང་གི་འབྲེལ་ཡོད་ཚན་ཁག་ལ་རྟོག་ཞིབ་བྱས་པར་མ་ཟད། བཞུགས་མོལ་བརྗེ་རེས་ཀྱི་ཚོགས་འདུ་འཚོགས་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་བོད་སྨན་རྫས་རྒྱུན་འཛིན་གསར་གཏོད། འཇོན་མི་མཉམ་འབྲེལ་གསོ་སྐྱོང་། སྨན་རྫས་ཐོན་ཁུངས་སྲུང་སྐྱོབ་སོགས་ཀྱི་ཐད་ཐུན་མོང་ངོས་འཛིན་བྱུང་། དེའི་རིང་ཕྱོགས་གཉིས་ཀྱི་ཏང་ཀྲི་པུ་ཡིས་རྐང་ཚ་རྫོང་དུ“དམངས་ཕན་འོས་འགན་སྨན་བཅོས”སྤེལ་བ་དང་འབྲེལ་རྡུལ་ཕྲན་མཁར་དྲན་གསོ་ཁང་སོགས་སུ་ཏང་གི་བརྗོད་དོན་སློབ་ཚན་ཐེངས4དང“སྲ་བརྟན”སྐོར་གྱི་སྒྲོག་བཤད་ཐེངས2སྤེལ།

གོམ་སྟབས་རྗེས་མར། ཕྱོགས་གཉིས་ཀྱིས་ཏང་འཛུགས་སྐྱོང་བྱེད། བདེ་ཐང་ལ་མཉམ་བསྐྱོད་ཅེས་པའི་ཆས་རྟགས་སྣེ་ཁྲིད་དུ་བཟུང་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དངོས་སྤྱོད་སྨན་རྫས་སྐོར་གྱི་འཇོན་མི་གསོ་སྐྱོང་བྱས་ཏེ“ཏང་འཛུགས་སྐྱོང+ཚན་རིག་སློབ་གསོ་མཉམ་འདྲེས”ཀྱི་རྣམ་པ་འཚོལ་ཞིབ་བྱས་ནས་བོད་སྨན་སྨན་རྫས་དེང་རབས་ཅན་དང་མི་རིགས་ས་ཁོངས་ཚད་མཐོའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་རེད།

5.png


མཉམ་སྤྱོད།