དེ་རིང་ནི2025ལོའི་ཟླ07པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ།

2025-07-24 18:00:11   |   230

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཤིན་ཧྭ་དྲ་བ།    བཤེར་འབེབས།   རིན་ཆེན་ཚེ་རིང་།


01.jpg

ཟླ7པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་ལྔ་པ་གནང་བར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤེ་ཧོང་ཁྲེ་ཧྲེ།

ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ7པའི་ཚེས24ཉིན་འབྱོར་བའི་གློག་འཕྲིན། ཟླ7པའི་ཚེས24ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་ལྔ་པར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50སོང་རིང་། སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཕན་ཚུན་ལ་ཕན་སྐྲུན་པ་མ་ཟད། འཛམ་གླིང་ལའང་ཕན་པ་བཟོས་ཡོད། དེའི་ནང་གི་ཉམས་མྱོང་གལ་ཆེན་དང་བློ་སྒོ་ནི་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག སྒོ་དབྱེ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་ཡིན། འདི་ཡང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཀྱིས་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་དང་འབད་བརྩོན་ཁ་ཕྱོགས་ཡིན། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ80འཁོར་བའི་ལོ་ཞིག་ཡིན་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་འགག་རྩའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ་སླེབས་ཡོད། ཀྲུང་གོ་དང་ཡོ་རོབ་གཉིས་ཀ་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་པ་དང་སྒོ་དབྱེ་མཉམ་ལས་དར་སྤེལ་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཤིག་ཡིན་པས་རྒྱལ་སྤྱིའི་དུས་བབ་ཇི་ཙམ་ཛ་དྲག་དང་རྙོག་འཛིང་ཆེ་བ་ཡིན་ན། ཀྲུང་གོ་དང་ཡོ་རོབ་ཀྱིས་དེ་ཙམ་གྱིས་འབྲེལ་གཏུག་ལ་ཤུགས་སྣོན་དང་། ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་དང་འགྱུར་ལྡོག་འགྲོ་ཚད་མགྱོགས་སུ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཡོ་རོབ་ཀྱི་མགོ་ཁྲིད་པས་སླར་ཡང་མིག་རྒྱང་རིང་བ་དང་འགན་འཁྲི་འཁུར་སེམས་མངོན་པར་བྱས་ཏེ། མི་དམངས་ཀྱི་རེ་སྒུག་དང་མཐུན་པ་དང་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འཐབ་ཇུས་ཀྱི་གདམ་ག་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡང་དག་འཛིན་པ་དང་། ཀྲུང་ཡོ་འབྲེལ་བ་སྔར་ལས་བཟང་བའི་འབྱུང་འགྱུར་གྱི་ལོ50གསར་འཛུགས་བྱས་ནས་འཛམ་གླིང་ལ་དེ་བས་བརྟན་བརླིང་དང་ཁག་ཐེག་འདོན་སྤྲོད་བྱེད་དགོས། 

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཐད་འདོད་ཚུལ་གསུམ་བཏོན་པ་སྟེ། གཅིག་ནི་ཕན་ཚུན་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རོགས་ཟླའི་འབྲེལ་བའི་ངེས་གནས་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ནི་ཞི་བདེར་དགའ་ཞེན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས་ཞི་མཐུན་དང་། ཁོང་ཡངས། མཉམ་ལས། གཉིས་ཕན་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། གལ་ཏེ་ནུབ་ཕྱོགས་ཀྱིས་བསྐྱོད་མྱོང་བའི་ལམ་བུར་བརྟེན་ནས་ཀྲུང་གོར་བསྡུར་ཞིབ་བྱས་ཚེ་ཀྲུང་གོའི་ངོས་འཛིན་ལ་ཁྱད་པར་ཤོར་སྲིད། ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་རྒྱུས་རིག་གནས་དང་། ལམ་ལུགས། འཕེལ་རྒྱས་དུས་མཚམས་བཅས་དངོས་གནས་མི་འདྲ་མོད། འོན་ཀྱང་ཁྱད་པར་དེ་རིགས་དེ་སྔ་ཀྲུང་ཡོ་དབར་ཕྱི་འབྲེལ་འབྲེལ་བ་འཛུགས་པ་དང་འབྲེལ་བ་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་དུ་གྱུར་མེད་ལ། སླད་ཕྱིན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་མི་རུང་། མིག་སྔར། ཡོ་རོབ་ལ་འཕྲད་པའི་འགྲན་སློང་ནི་ཀྲུང་གོ་ནས་ཡོང་བ་ཞིག་མིན། ཀྲུང་གོ་དང་ཡོ་རོབ་དབར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་དང་ས་ཁོངས་ཀྱི་ཆབ་སྲིད་འགལ་བ་མེད་པ་དང་། མཉམ་ལས་དེ་འགྲན་རྩོད་ལས་ཆེ་བ་དང་ཐུན་མོང་གི་ངོས་འཛིན་དེ་མི་མཐུན་པའི་ཆ་ལས་མང་བའི་གཞི་རྩའི་ཆ་དང་རྩ་བའི་དགོངས་གཞི་ལ་འགྱུར་ལྡོག་བྱུང་མེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་སྟེ། ཡོ་རོབ་འདི་ཉིད་སྣེ་མང་འཛམ་གླིང་ཁྲོད་ཀྱི་སྣེ་གལ་ཆེན་ཞིག་ཏུ་བརྩིས་ནས་ཡོ་རོབ་གཞི་གཅིག་ཅན་དང་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྱང་ཀྲུང་གོ་མི་དམངས་ཀྱིས་བདམས་པའི་འགྲོ་ལམ་དང་ལམ་ལུགས་ལ་བརྩི་འཇོག་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག ཀྲུང་གོ་འཕེལ་རྒྱས་དང་དར་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེས་གཞན་གང་རུང་ལ་ཕོག་ཐུག་བཏང་མེད་ལ།  རང་རྐྱ་ཕེར་ཞིང་ཕྱོགས་གསུམ་པའི་ཚོད་འཛིན་ཡང་མེད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་། རྒྱུས་ལོན་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཕན་ཚུན་ངོས་འཛིན་ཡང་དག་བྱེད་དགོས།

གཉིས་ནི་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ནས་མི་མཐུན་པའི་འགལ་བ་ཐག་གཅོད་འོས་འཚམ་བྱེད་དགོས། ལོ་རྒྱུས་དང་དོན་དངོས་ཀྱི་ཐོག་ནས་ཕན་ཚུན་བརྟེན་རྒྱུ་ནི་ཉེན་ཁ་མིན་པ་དང་། ཁེ་ཕན་མཉམ་འདྲེས་ནི་འཇིགས་སྐུལ་མིན་པ། འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ“བར་གྱང་མཐོན་པོ་རྩིག་པར”བརྟེན་མི་རུང་བ། “འབྲེལ་ཐག་གཅོད་པ”ནི་རང་ཉིད་ཁེར་རྐྱང་དུ་ལུས་རྒྱུ་ཡིན་པ་ར་སྤྲོད་བྱས་ཡོད། “བརྟེན་ཚད་དམའ་རུ་བཏང་ཡང”མཉམ་ལས་ཉུང་དུ་གཏོང་མི་རུང་། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡིན་ལ། འཕེལ་རྒྱས་ཁྲོད་འགུལ་རྣམ་དོ་སྙོམས་ཀྱང་ཡོང་ཐུབ་པ་ཡིན། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་དེས་ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་དང་བར་མཐོངས་གསར་པ་རྒྱ་ཆེར་གཏོང་ཐུབ་པ་ཡིན་ཞེས་བསྟན་པ་རེད། ཀྲུང་གོ་དང་ཡོ་རོབ་ཀྱིས་ལྗང་མདོག་དང་གྲངས་འཛིན་གྱི་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཕན་ཚུན་གྱི་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཡོ་རོབ་ཕྱོགས་ཀྱིས་ཚོང་དོན་དང་མ་འཇོག་ཁྲོམ་ར་སྒོ་དབྱེ་རྒྱུན་འཁྱོངས་བྱས་ནས་ཚོད་འཛིན་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་བྱེད་ཐབས་སྤྱོད་པར་ཚོད་འཛིན་བྱས་ཏེ། ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་ལས་དར་བྱེད་པར་འགྲོ་བར་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

གསུམ་ནས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་སྒྲིག་སྲོལ་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། དམག་འཁྲུག་དང་ཞི་བདེ། འགྲན་རྩོད་དང་མཉམ་ལས། བཀག་སྡོམ་དང་སྒོ་དབྱེ་བཅས་ཀྱི་གདམ་ག་གལ་ཆེན་མདུན་དུ་ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་ནི་གཞི་ནས་ཡང་དག་པའི་གདམ་ག་ཞིག་རེད། ཀྲུང་གོ་དང་ཡོ་རོབ་ཀྱིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་བཙུགས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་དུས་བསྟུན་མདུན་སྐྱོད་ཀྱིས་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་མདུན་སྐྱོད་ཀྱི་ལམ་བུར་གསལ་བར་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱིས་ཆབ་སྲིད་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་རྩོད་གཞི་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་བྱ་བ་རང་ངོས་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་དང་རྩ་ལག་མཉམ་བཅོས་དར་སྤེལ་གཏོང་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་པེ་ལུན་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་སྟེ། གནམ་གཤིས་འགྱུར་ལྡོག་དང་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་ལ་ཁ་གཏད་གཅོག་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཡོ་རོབ་ཕྱོགས་དང་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྲིད་ཇུས་འབྲེལ་གཏུག་དང་དངོས་སྒྲུབ་མཉམ་ལས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་པ་རེད།

02.jpg

ཟླ7པའི་ཚེས24ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་མགོ་ཁྲིད་པའི་མཇལ་འཛོམས་ཐེངས་ཉེར་ལྔ་པ་གནང་བར་ཕེབས་པའི་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐ་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཤང་ཧྲེ།

ཡོ་རོབ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་སྐོར་གྱི་འདོད་ཚུལ་ཁག་གསུམ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ50སོང་རིང་། ཡོ་རོབ་དང་ཀྲུང་གོས་ཁྱབ་ཁོངས་རྒྱ་ཆེ་བའི་ནང་མཉམ་ལས་བྱས་པས་གཞི་ཁྱོན་དང་ཟབ་ཚད་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་ཕན་ཚུན་གྱི་མཉམ་ལས་དང་ཚོང་དོན་རོགས་ཟླ་གལ་ཆེན་དུ་གྱུར་ནས་རང་སོ་སོའི་དཔལ་འབྱོར་དར་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་འགྲོ་རྒྱུར་རམ་འདེགས་བྱས་ཡོད། ཀྲུང་གོ་འདི་ཉིད་བཟོ་སྐྲུན་ལས་རིགས་དང་ཚན་རྩལ་རྒྱལ་ཁབ་ཆེན་པོར་གྱུར་ནས་མི་དུང་ཕྱུར་ཁ་ཤས་དབུལ་སྒྲོལ་ཐུབ་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོར་གཡོ་འགུལ་ཐེབས་པ་དང་འཛམ་གླིང་ལ་བློ་སྒོ་གལ་ཆེན་ཕྱེ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོར་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་རྒྱུར་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་གཉིས་ཀ་འཛམ་གླིང་ཐོག་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་བ་དང་དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་པའི་ཆ་ཐག་གཅོད་བྱས་ཏེ། ཕྱོགས་གཉིས་པོའི་མཉམ་ལས་ལ་དོ་སྙོམས་དང་འདྲ་མཉམ། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་བས་མང་བ་མུ་མཐུད་དུ་ཐོབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་པ་རེད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་བ་གཅོད་རྒྱུའི་རེ་བ་མི་བྱེད་པར་ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཟིང་ཆ་ཆེ་བ་དང་གཏན་འཁེལ་མེད་པའི་རང་བཞིན་གྱིས་ཁེངས་པའི་འཛམ་གླིང་གི་མདུན་དུ་ཡོ་རོབ་དང་ཀྲུང་གོས་འགན་འཁྲི་འཁུར་བ་དང་། ཕྱོགས་མང་རིང་ལུགས་ཐུན་མོང་ཐོག་མཐའ་འཁྱོངས་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལོ50ཡི་ནང་དེ་བས་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་དུ་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

ཝང་དབྱི་མཇལ་འཛོམས་ལ་ཞུགས།


མཉམ་སྤྱོད།