དེ་རིང་ནི2025ལོའི་ཟླ08པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2025ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་འོས་སྦྱོར་ཚོགས་འདུ་འཚོགས་པ།

2025-08-05 16:33:57   |   60

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


༡.jpg

ཟླ8པའི་ཚེས4ཉིན། མཚོ་བྱང་ཁུལ་གྱི2025ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འོས་སྦྱོར་ཚོགས་འདུ་མཚོ་སྔོན་པོ་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་རུ་འཚོགས། བྱེད་སྒོའི་དམིགས་ཡུལ་ནི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་པ་དང་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དྲིལ་སྒྲོག་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་ཤུགས་རྐྱེན་དང་ཁྱབ་སྤེལ་ནུས་པ་ཆེ་རུ་གཏོང་ཆེད་ཡིན། 

༢.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་རྩ་འཛུགས་པུའི་པུ་ཀྲང་སི་ཅི་ཧྲེང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་ཀརྨ་ཚེ་རིང་། ཁྲང་ལིན་དང་། དེ་བཞིན་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་འབྲེལ་ཡོད་ཆེད་མཁས་པ་བྱེད་སྒོར་ཞུགས། ཀརྨ་ཚེ་རིང་གིས་གཙོ་སྐྱོང་གནང་།

༣.jpg

༤.jpg

༥.jpg

བྱེད་སྒོའི་རིང་། བྱེད་སྟངས་གལ་ཆེན་རབས་དང་རིམ་པ་སྔ་རྗེས་སུ་ཁྱབ་བསྒྲགས་ལག་བསྟར་བྱས་ཏེ།《མདོ་ལའི་བོད་ལུག་ཚོགས་པའི་ཚད་གཞི》དངོས་སུ་ཁྱབ་བསྒྲགས་དང་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་དྲ་འཚོང་སྤྱི་སྟེགས་དངོས་སུ་སྤེལ་མགོ་བརྩམས་པ། མཚོ་བྱང་ཁུལ་གྱི་གནམ་གཤིས་སྤུས་ཚད་ལ་ཁས་ལེན་དཔང་ཡིག་སྤྲད། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སུ་བདམས་པའི་ཕུལ་བྱུང་ཁེ་ལས33ལ་གཟེངས་བསྟོད་བྱ་དགའ་སྤྲད། 2025ལོའི་ཞིང་ཕྱུགས་ཁྱབ་ཁོངས་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་ཕུལ་བྱུང་ཁེ་ལས་ཀྱི་མིང་ཐོ་དང་བྱ་དགའི་ཁ་གསབ་མ་དངུལ་སྤྲད། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཟི་ལིང་ཐད་འཚོང་ཁང6ལ་ཐོག་མའི་སྒོ་བྱང་སྤྲད། གཞན་ཡང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཁུལ་ཡོངས་ལ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ཁུལ་བསྐྲུན་རྒྱུར་ཁྱོན་ཡོངས་དང་གཏིང་ཟབ་པའི་སྒོ་ནས་དྲིལ་སྒྲོག་དང་ངོ་སྤྲོད་བྱས།

༦.jpg

༧.jpg

༨.jpg

ཐེངས་འདིའི་བྱེད་སྒོས་ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་ལས་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་བརྗོད་དོན་ལ་དམ་པོར་ཟུང་འབྲེལ་བྱས་ནས་ཞིང་ལས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གྲུབ་འབྲས་གཉིས་འགྲེམ་སྟོན་དང་། ཞིང་ཕྱུགས་ཐོན་རྫས་དང་ཤུལ་བཞག་ཐོན་རྫས་མཉམ་དུ་འགྲེམ་སྟོན་བྱས་པ། དྲ་ཐོག་དང་དྲ་ཕྱིའི་ཉོ་ཚོང་གཉིས་ཀྱིས་སྐུལ་འདེད་གཏོང་བའི་སྣ་མང་མཉམ་འདྲེས་མངོན་འགྱུར་བྱུང་ཡོད། བྱེད་སྒོའི་ཡུལ་དངོས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམ་ཁག18བཙུགས་པ་དང་སྤུས་ལེགས་ཞིང་ཕྱུགས་ཁེ་ལས40ཡིས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རིགས400ལྷག་ཁྱེར་ནས་འགྲེམ་འཚོང་ནང་ཞུགས་ཡོད་པ་དང་། དེའི་ནང་ནོར་ལུག་ཤ་དང་འབྲི་ཞོ། ནས་ཀྱི་ཐོན་རྫས། ལོག་དཀར་སྣུམ་སོགས་ཕུན་སུམ་ཚོགས་པའི་རིགས་འདུས། སྐད་གྲགས་ཅན་གྱི་ཐད་གཏོང་མཁན་གདན་འདྲེན་ཞུས་ཏེ་ཡུལ་དངོས་ནས་ཚོང་རྫས་ཕྱིར་འཚོང་བྱས་པ་དང་། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་འཛིན་ཤོག་སྤྲད་ནས་འཛད་སྤྱོད་པའི་ཉོ་སྒྲུབ་ཀྱི་སྤྲོ་སེམས་དེ་བས་ཆེ་རུ་ཕྱིན་ཡོད། ཡུལ་དངོས་ཀྱི་མྱོང་རོལ་ཁུལ་དུ་འབྲི་ཞོ་དང་མདོ་ལའི་འཁྱག་ཟས་སོགས་ཆས་རྟགས་ཐོན་རྫས་ལ་དགའ་བསུ་གྲངས་མེད་ཐོབ།

༩.jpg

༡༠.jpg

ཐེངས་འདིའི་འོས་སྦྱོར་བྱེད་སྒོ་དེས་ཝང་ལོ་པིན་རོལ་དབྱངས་རིག་གནས་གནས་དུས་ཆེན་གྱི་མཐོ་རླབས་འཕྱུར་བར་བྱས་ནས“དུས་ཆེན་བྱེད་སྒོ+ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན+ཁེ་ལས་ངོ་སྤྲོད+དྲ་ཐོག་དྲ་ཕྱིའི་ཉོ་ཚོང+སྨྱན་སྦྱོར་བརྒྱུད་སྒྲོག+མང་ཚོགས་མཉམ་ཞུགས”ཀྱི་གཞི་རྒྱུ་མང་པོ་མཉམ་འདྲེས་ཀྱི་རྣམ་པ་བསྐྲུན་ཡོད། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་སྤུས་ལེགས་ཐོན་ཁུངས་དང་མི་མངོན་པའི་སྟོབས་ཤུགས་རིམ་པ་མང་པོའི་ཐོག་ནས་ཆས་རྟགས་ཀྱི་སྐད་གྲགས་ཆེ་བའི་ཁྱབ་སྤེལ་མྱུར་ཚད་དང་རྒྱ་ཆེ་ཚད་ནུས་ལྡན་ངང་ཆེ་རུ་ཕྱིན་ཏེ། ཆས་རྟགས་འགྲེམ་སྟོན་དང་མཚམས་སྦྱོར་ཟབ་མོ། ཕྱིར་འཚོང་སྐུལ་འདེད། མཉམ་འདྲེས་གཏིང་ཟབ་བཅས་ཀྱི་བྱེད་སྒོའི་དམིགས་འབེན་མངོན་འགྱུར་བྱུང་བས་ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་ལས་ལས་རིགས་ལྔ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་གསར་གཏོད་ཐབས་ལམ་འཚོལ་ཞིབ་བྱས་ཡོད།

ཁུལ་ཐད་གཏོགས་ཀྱི་སྡེ་ཁག་སོ་སོ་དང་མང་ཚོགས་ཚོགས་པ་སོ་སོ། རྫོང་བཞིའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་མཚོ་བྱང་གི་ཕུལ་བྱུང་ཞིང་ཕྱུགས་ཁེ་ལས་ཀྱི་འཐུས་མི། ལས་རིགས་སོ་སོའི་མང་ཚོགས་དང་ཁུལ་དུ་ཡོང་བའི་གནས་སྐོར་བ་སོགས་མི2000ལྷག་བྱེད་སྒོར་ཞུགས་ཡོད།


མཉམ་སྤྱོད།