དེ་རིང་ནི2025ལོའི་ཟླ08པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60ལོན་པའི་དགའ་སྟོན་སླེབས་ལ་ཉེ་བ་དང་བསྟུན་ནས་ལྷ་སའི་ཁྲོམ་གཞུང་གང་སར་སྤྲོ་སྣང་གི་རྣམ་པས་ཁེངས་འདུག

2025-08-19 14:49:20   |   45

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས18ཉིན། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ60ལོན་པའི་དགའ་སྟོན་སླེབས་ལ་ཉེ་བ་དང་བསྟུན་ནས། ལྷ་སའི་ཁྲོམ་གཞུང་གང་སར་སྤྲོ་སྣང་གི་རྣམ་པས་ཁེངས་ཡོད། གྲོང་ཁུལ་གྱི་གཞུང་ལམ་གཙོ་བོའི་ལམ་སྒྲོན་དབྱུག་པའི་ཐོག་རྒྱལ་དར་གསར་རྐྱང་དང་ཚོན་ལྡན་དར་ཆ་གྲལ་འགྲིག་པོ་བཀལ་ཡོད་ཅིང་། དེ་དག་རླུང་ཁྲོད་དུ་ལྷབ་ལྷུབ་གཡོ་བཞིན་ཡོད་པས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། གཞན་ཡང་ལས་སྒྲུབ་མི་སྣ་མེ་ཏོག་གི་ཚོམ་བུ་སྒྲིག་པར་བྲེལ་བཞིན་ཡོད་ཅིང་། ཐང་ཆེན་དང་སྤྱི་གླིང་ཆེ་གྲས་ཁག་གིས་ཀྱང་མཛེས་རྒྱན་སྤྲས་བཞིན་ཡོད་དེ། ལྷ་སས་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཏེ་དུས་ཚོད་གལ་ཆེན་དེ་བསུ་རྒྱུ་རེད།   པར་རིས་ནི་གྲོང་ཁུལ་གྱི་གཞུང་ལམ་གཙོ་བོའི་ཐོག་བཀལ་པའི་ཚོན་ལྡན་དར་ཆ་རེད།

1.jpg

ཀྲུང་གོའི་གསར་འགྱུར་དྲ་བའི་གསར་འགོད་པས་པར་བླངས།


མཉམ་སྤྱོད།