དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། བྱ་བའི་སྤྱོད་ཚུལ་བཟང་པོར་བརྟེན་ནས་གཙོ་གནད་ལས་དོན་ཁག་གི་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

2025-08-21 13:31:35   |   356

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཏང་དོན་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མགོ་ཁྲིད་ལས་བྱེད་པའི‘1+10’ཡི་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་དང་། “4+1+N”འགན་གཙང་མཉམ་འབྲེལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་དོན་འཁྱོལ་བྱ་རྒྱུར་དམིགས་ནས། རྐང་ཚ་རྫོང་དུ་ཕྱིན་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་། ཤ་བོ་སྐྱབས་ཀྱིས་ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ“གཞན་གྱིས་ནུས་ཤུགས་ཏིལ་ཙམ་བཏོན་ན། རང་གིས་སྟོབས་ཤུགས་རི་ཙམ་འདོན་དགོས་པའི”དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་གཙོ་གནད་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས་ཞེས་ནན་གྱིས་བསྟན།

001.jpg

འོམ་ཆུ་གྲོང་རྡལ་དུ་ཤ་བོ་སྐྱབས་ཀྱིས་རྫོང་དང་གྲོང་རྡལ་རིམ་པའི་འགན་འཁུར་བློ་མཐུན་གཙོ་བོ་དང་སྤེལ་རེས་བཞུགས་མོལ་གནང་བ་དང་། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཉན། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་སློབ་གྲྭའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། སྐྱོན་ཆ་དང་ཞན་ཆ་བཙལ་བ་གནད་ལ་འཁེལ་བ་དང་། ལེགས་བཅོས་བྱ་ཐབས་ཞིབ་འཇུག་བྱས་ཏེ། སློབ་ཁྲིད་སློབ་ཚན་དང་། རྨང་གཞིའི་སྒྲིག་བཀོད། དགེ་རྒན་གྱི་སྟོབས་ཤུགས་བཅས་འཛུགས་སྐྱོང་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས། “སྔར་བས་ལེགས་པ་ལྔ”ཡི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  གྲོང་གསེབ་དར་སྤེལ་དང་། “མ་རྩ་གསུམ”གྱི་དོ་དམ། རྒན་གསོའི་ཞབས་ཞུ་སོགས་ལ་དམིགས་ནས། མངོན་གསལ་དོད་པའི་གནད་དོན་གསལ་བོར་བཙལ་ནས་བྱེད་ཐབས་ལེགས་པོར་བརྟེན་ནས་མང་ཚོགས་ཉེ་སའི་རུལ་སུངས་གཅིག་སྡུད་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་དགོས། གཞི་རིམ་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས། “ལྟེ་སྙིང་གཅིག་དང་རུ་ཁག་ལྔས་དར་རྒྱས་ལ་སྐུལ་འདེད་”དང“ཁང་གཉིས་དང་ལས་སྟེགས་གཅིག”སོགས་ཀྱི་གཞི་རྟེན་ནུས་པ་འདོན་སྤེལ་བྱས་ཏེ། གཞི་རིམ་བཅོས་སྐྱོང་སྤྱི་ཚོགས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་བསྣན་ནས་ཐབས་མང་མཉམ་སྤྱོད་ཀྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་ཡག་པོ་བསྐྲུན་ནས། མང་ཚོགས་ཀྱི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། ཆོས་ལུགས་དགོན་སྡེ་དོ་དམ་ལ་ཤུགས་བསྣན་ནས། རྒྱ་ཆེའི་དགེ་འདུན་པ་རྣམས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཆུ་མཛོད་དང་། མྱུར་བགྲོད་མེ་འཁོར་ས་ཚིགས། སྤྱི་སྤྱོད་གནམ་ཐང་བཅས་འཛུགས་སྐྲུན་དང་དེ་བཞིན་དམའ་སྟོང་དཔལ་འབྱོར་སོགས་ཁྱབ་ཁོངས་ལ་དམིགས་ནས། གཙོ་གནད་རྣམ་གྲངས་ཇུས་འགོད་བྱས་ཏེ་སྔོན་འགྲོའི་བསམ་གཞིགས་ལ་བརྟེན་ནས་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་ལས་གྲྭའི་རིམ་སྤོར་མགྱོགས་སུ་གཏོང་བ་དང་། ཡུལ་ཚོ་གྲོང་རྡལ་དང་གྲོང་ཚོ(སྡེ་ཁུལ)“ཡོད་པ་བཅུ”ཡི་ལས་གྲྭའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ལ། སྒྱུར་བཅོས་ཀྱི་ཉམས་མྱོང་མུ་མཐུད་དུ་འཚོལ་ཞིབ་བྱེད་དགོས། སྐྱེ་ཁམས་སྔོན་གྲལ་དུ་འཇོག་པའི་འདུ་ཤེས་བརྟན་པོར་བསྐྱེད་དེ། སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་འཕྲོད་བསྟེན་གཅིག་སྡུད་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ། བཙོག་ཆུ་ཐིགས་པ་གཅིག་དང་གད་སྙིགས་ལེབ་མོ་གཅིག་ཀྱང་མཚོ་སྔོན་པོའི་ནང་བཞུར་དུ་འཇུག་མི་རུང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་བདེ་སྐྱིད་ཟ་ཁང་གི་ཚད་གཞི་ཇེ་མཐོར་བཏང་ནས་རིམ་སྤོར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སློབ་གྲྭ་དང་འཕྲོད་བསྟེན་ཁང་ཡག་པོར་གཉེར་བ། སློབ་གསོ་དང་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། མ་མཐའི་མཚམས་ཐིག་གི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་བརྟན་པོ་བཙུགས་ནས་ཆུ་ལོག་སྔོན་འགོག་བྱེད་ཐབས་སོ་སོ་ཕྱོགས་ཡོངས་ནས་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

002.jpg

མཚོ་སྔོན་གྱི་ཁྱད་ལྡན་ཚོང་ཟོག་ཉམས་ལེན་ལྟེ་གནས་སུ་ཤ་བོ་སྐྱབས་པའེ་དབྱིན་ཚོང་ཁྲོམ་དང་རིག་ནུས་ཕྱུགས་ལས་གཞི་གྲངས་ཆེན་མོའི་ལྟེ་གནས། ཁྱད་ལྡན་ཐོན་ལས་རིག་གནས་འགྲེམས་སྟོན་ཁང་བཅས་སུ་ཕྱིན་ནས་ཚོང་རའི་གཉེར་སྐྱོང་དང་གཞི་གྲངས་ཆེན་མོའི་ལས་སྟེགས་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོར་གནང་ནས་ནན་གྱིས་བསྟན་དོན། གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་ནུས་པ་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་ཐབས་ལམ་རྒྱ་སྐྱེད་བཏང་སྟེ། གྲོང་གསེབ་ཐོན་ལས་དར་སྤེལ་ཡོང་བར་སྒུལ་ཤུགས་ཆེན་པོ་འདོན་དགོས། རིག་ནུས་ཕྱུགས་ལས་གཞི་གྲངས་ཆེན་མོའི་ལས་སྟེགས་ཀྱི་བྱེད་ནུས་བཀོད་སྒྲིག་འཐུས་ཚང་དུ་བཏང་ནས་ནོར་ལུག་ཕྱིར་གཏོང་དང་རྩྭ་ཕྱུགས་དོ་མཉམ། གསོ་སྤེལ་ཁུངས་འདེད་སོགས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། “རྐང་ཚའི་མཚོ་སྔོན་པོའི་ནོར་གནག”དང“རྐང་ཚའི་མཚོ་སྔོན་པོའི་བོད་ལུག”གི་ཆས་རྟགས་རྒྱུན་མཐུད་ངང་གཏོད་དགོས། ཁྱད་ལྡན་ཐོན་ལས་རིག་གནས་འགྲེམས་ཁང་གི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ་དང་། ཐུན་མོང་མ་ཡིན་པའི་རིག་གནས་དང་ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། རྐང་ཚའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱེད་པའི་རྟེན་མཛོད་ཁང་བསྐྲུན་དགོས་ཟེར།

003.jpg

མཚོ་སྔོན་པོ་རྒྱས་ནས་ཆུས་བསྣུབས་པའི་རོང་འབྲོག་པའི་སྡོད་ཁང་གནས་སྤོ་ལེགས་བཅོས་བཟོ་སྐྲུན་ལས་གཞི་དང་འོམ་ཆུ་གྲོང་རྡལ་བྲག་དམར་སྡེ་བའི་ཡུལ་སྲོལ་རིག་གནས་གནས་སྐོར་ཐོན་ལས་ཀྱི་ལས་གཞི་ཨར་ལས་བྱ་ཡུལ་དུ་ཤ་བོ་སྐྱབས་ཀྱིས་སྙན་ཞུར་ཉན་པ་དང་ཡུལ་དངོས་ལ་གཟིགས་པ། འཕེལ་རིམ་འདྲི་བ། ལས་གཞི་འཆར་འགོད། ལས་ཡུན་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་གནང་ནས་ནན་གྱིས་བསྟན་དོན། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས་ཤིང་། གནས་སྤོ་བྱེད་པའི་མང་ཚོགས་ཀྱི་དགོས་མཁོ་དང་རེ་འདུན་ལ་དམིགས་ནས་ཨར་ལས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། གནས་སྤོ་བཀོད་སྒྲིག་བྱ་བ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་བདེ་འཇགས་བཟོ་སྐྲུན་ལེགས་པོ་བསྐྲུན་དགོས། ས་གནས་ཀྱི་གནས་ཚུལ་ལ་བསྟུན་ནས་རྒྱུན་མཐུད་སྒོས་ལས་གཞི་བྱ་ཡུལ་འདེམས་པར་ཤུགས་སྣོན་དང་།    ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་ཁྱབ་ཚུལ་འཆར་འགོད། ཐབས་བརྒྱ་ཇུས་སྟོང་གིས་བྲག་དམར་སྡེ་བའི་ཡུལ་སྲོལ་རིག་གནས་གནས་སྐོར་གྱི་ལས་གཞི་བེད་སྤྱོད་ཡག་པོ་བྱས་ནས་ལས་གཞིས་ཕན་འབྲས་འདོན་སྤེལ་བྱེད་པར་འགན་ལེན་བྱེད་དགོས་ཟེར།

004.jpg

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་དང་། ལུང་དབྱང་ཧྲེང་། རྐང་ཚ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་བརྟག་ཞིབ་ལ་ཕེབས་རོགས་བྱས།


མཉམ་སྤྱོད།