དེ་རིང་ནི2025ལོའི་ཟླ08པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མདོ་ལ་རྫོང་དུ་བརྟག་ཞིབ་གནང་སྐབས་སྐྱེ་ཁམས་དང་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས་པ་ནན་བཤད་གནང་བ།

2025-08-22 11:05:30   |   156

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ8པའི་ཚེས20དང21ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མདོ་ལ་རྫོང་དུ་ཕྱིན་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། རིག་གནས་དང་གནས་སྐོར་མཉམ་འདྲེས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། ཞིང་ཆེན་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་སྣེ་ཁྲིད་དུ་བཟུང་ནས་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས“ལྷ་ཁམས་མདོ་ལ། མཛེས་པའི་རྩྭ་ཐང་།”ཞེས་པའི་མིང་བྱང་རྒྱུན་མཐུད་ངང་གསལ་པོར་བཟོ་དགོས།

1.jpg

ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི་དང་། མདོ་ལ་རིང་མོའི་སྤུས་ལེགས་ཐོན་རྫས་འགྲེམས་སྟོན་ཁང་། མཚོ་སྔོན་གྱི་ཡུས་ནུང་ཞང་ཚོང་དོན་ཚད་ཡོད་སྤྱི་གཉེར་བཅས་སུ་ཤ་བོ་སྐྱབས་ཀྱིས་ནགས་ཚལ་དོ་དམ་སྲུང་སྐྱོང་དང་། མཛེས་ལྗོངས་ཁུལ་འཆར་འགོད། སྤུས་ལེགས་ཐོན་རྫས་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་གནང་བ་དང་། རྫོང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་དང་སྤེལ་རེས་གཏིང་ཟབ་བྱས་ནས་ཅིན་མདོ་ལ་དང་ཡུས་ཏ་སོགས་གཙོ་ཁྲིད་ཁེ་ལས་ཀྱི་གསར་སྤེལ་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ནགས་ཚལ་གྱི“ཆུ་མཛོད་དང་དངུལ་མཛོད། འབྲུ་རིགས་མཛོད། ཐཱན་མཛོད”བཅས་ཀྱི་ནུས་པ་ཆེན་པོ་བཞི་འདོན་སྤེལ་གང་ལེགས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་སྦྲེལ་ཚིགས་གནད་འཁེལ་འཚོལ་བ་དང“རི་བོ་གཉིས”ཀྱི་རིགས་པའི་གཞུང་ལུགས་གཞན་སྒྱུར་བྱེད་པའི་མདོ་ལའི་ལག་ལེན་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱེད་དགོས། ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དང་སྒར་འདེབས་རྟེན་གཞི་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་ནགས་ཚལ་གངས་ཤུད་སོགས་ཁྱད་ལྡན་ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྐང་བགྲོད་གནས་སྐོར་ལམ་ཐིག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་བྱེད་པ། མཛེས་ལྗོངས་ཁུལ་གྱི་རིག་གནས་ནང་དོན་དང་སྐྱེ་ཁམས་རིན་ཐང་མཐོ་རུ་གཏོང་བ་བཅས་ཀྱི་ཐད་ཤུགས་རྒྱག་དགོས། རྫོང་རིམ་པའི་སྤྱི་འདོམས་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་མ་དངུལ་སྣ་ཚོགས་བེད་སྤྱོད་ནུས་ལྡན་བྱེད་པ་དང་། ཞིང་འབྲེལ་དང་ཞིང་པར་སྐུལ་ཁྲིད་བྱེད་པའི་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་རིག་གནས་གནས་སྐོར་འཕེལ་རྒྱས་ཁྲོད་མང་ཚོགས་ལ་ཕན་འབྲས་དེ་བས་མང་བ་ཐོབ་པར་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། ཅིན་མདོ་ལ་དང་ཡིས་ཏ་སོགས་སྣེ་འདྲེན་ཁེ་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས“མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་མུ་མཐུད་དུ་གཏོད་དགོས། སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི“གཅིག་ཅན་དགུ” བཟོ་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མདོ་ལ་རིང་མོའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་གི་ལག་རྩལ་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱས་ཏེ། “མདོ་ལ་རིང་མོའི་བོད་ལུག”གི་སྤུས་རྟགས་ལེགས་སུ་གཏོང་དགོས། སྟོང་སོ་ཆུང་བའི་བཟོ་ལས་གླིང་ཁུལ་ཡག་པོ་གཉེར་ནས་ཤྭ་བ་དང་གླ་བ་སོགས་ཁྱད་ལྡན་གསོ་ཚགས་ཤུགས་ཆེན་སྤེལ་བ་དང་། ཆུ་ཚན་དང་ཀྲུང་བོད་ལུགས་སྨན་རྩྭ་སོགས་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། གསའ་ཡི་སྐྱེ་ཁམསIPསྐོར་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མཚོ་བྱང་གིས“མཚོ་སྔོན་སྨན་ལྗོངས”གཏོད་ཆེད་ལེགས་སྐྱེས་ཕུལ་ནས་སྣ་མང་ཅན་གྱི་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་ཞིག་གཏོད་དགོས།

2.jpg

མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གྲངས་གཞི་ཆེན་མོའི་འགྲེམས་བཤམས་ལྟེ་གནས་དང་། བཙུན་མོའི་རོ་མཆོག་ཁྲོམ་གཞུང་། བདེ་སྐྱིད་མཚེའུ་སོགས་སུ་ཤ་བོ་སྐྱབས་ཀྱིས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་དང་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་སོགས་ཀྱི་གནས་ཚུལ་ལ་ཉན་པ་དང་། ས་གནས་ས་ཐོག་ཏུ་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ལེགས་ཆར་བརྟེན་ནས་སྐྱེ་ཁམས་ཤེས་དཔལ་སློབ་གྲྭ་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས(རང་བྱུང་སློབ་གྲྭ)31གི་གཡུལ་སའི་ནུས་པ་གང་ལེགས་སྤྱོད་པ། རང་བྱུང་སློབ་གསོ་དང་སྐྱེ་ཁམས་སློབ་གསོ་རྒྱུན་རྣམ་ཅན་དུ་སྤེལ་བ་བཅས་བྱས་ནས་མི་དེ་བས་མང་བས་མདོ་ལ་རིང་མོ་ཤེས་རྟོགས་དང་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་དུ་འཇུག་དགོས། གྲོང་ཁྱེར་གྱི་ལྗང་སྒྱུར་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་མཚན་ཁྲོམ་དཔལ་འབྱོར་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལས་རྣམ་བཀོད་སྒྲིག་ལེགས་སུ་གཏོང་བ། ཞིང་ཕྱུགས་ཐོན་རྫས་ཀྱི་ཚོང་ལམ་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་ཁྱེར་དང་གྲོང་རྡལ་དུ་དེ་བས་དྲོད་ཁོལ་དང་ཡིད་དབང་འཕྲོག་ཤུགས་ལྡན་པར་བྱེད་དགོས།

3.jpg

མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭར་ཤ་བོ་སྐྱབས་ཀྱིས་ཏང་གི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་བར་བགྲོ་གླེང་ཟབ་མོ་བྱས་ཏེ། སློབ་ཁྲིད་ཚན་ཞིབ་དང་སློབ་ཚན་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་སྤུས་ལེགས་སློབ་ཚན་ཇུས་འགོད་ཡག་པོ་བྱེད་པ། ནུབ་ལམ་དམག་དཔུང་གི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ། གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་བྱེད་དགོས། སློབ་ཚན་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་འཕེལ་རྒྱས་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སོགས་གཞི་རིམ་གྱི་ལག་ལེན་ལ་དམིགས་ནས་ཉམས་མྱོང་ཕྱོགས་བསྡོམས་དང་གདམ་གསེས་བྱས་ཏེ་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་དེ་བས་མང་བ་གསར་སྤེལ་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་ཐོག་འབུད་རྒྱུར་སྐུལ་འདེད་གཏོང་བ་དང་སློབ་ཁྲིད་ཀྱི་དངོས་ཕན་རང་བཞིན་ཆེ་རུ་བཏང་ནས་ཏང་གི་སློབ་གྲྭའི་སློབ་གཉེར་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་བསྟན།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་དེ་བཞིན་མདོ་ལ་རྫོང་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་བརྟག་ཞིབ་གནང་བར་ཕེབས་རོགས་ཞུས།


མཉམ་སྤྱོད།