དེ་རིང་ནི2025ལོའི་ཟླ09པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད།

2025-09-03 11:29:48   |   446

སྒྲིག་སྒྱུར། སངས་དོན། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཡོངས་ཀྱི་སྤུན་ཟླ་རྣམ་པ།

གུས་པར་འོས་པའི་རྒྱལ་ཁབ་ཀྱི་གཙོ་བདག་དང་སྲིད་གཞུང་གི་མགོ་གཙོ། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་རྣམ་པ།

གུས་པར་འོས་པའི་སྐུ་མགྲོན་རྣམ་པ།

གཟིགས་ཞིབ་དང་ལེན་བྱེད་མཁན་དམག་དཔོན་རྣམ་པ།

བློ་མཐུན་དང་གྲོགས་པོ་རྣམ་པ།

དེ་རིང་ང་ཚོ་འདིར་གཟབ་རྒྱས་ངང་འཛོམས་ཏེ། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ80འཁོར་བར་དྲན་གསོ་ཞུས་ཏེ་ཐུན་མོང་ཐོག་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེར་གཅེས་སྤྲས་བྱེད་པ། འབྱུང་འགྱུར་བསྐྲུན་པ་བཅས་བྱ་རྒྱུ་ཡིན།

ངས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་འཇར་འགོག་དམག་འཁྲུག་ནང་ཞུགས་མྱོང་བའི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རྒྱལ་གཅེས་མི་སྣ། འཇར་འགོག་དམག་དཔོན་བཅས་དང་། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་གྱི་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་གྱི་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་གྲོགས་པོ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། དེ་རིང་གི་ཚོགས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཁག་གི་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་ཡིན།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ནི་དཀའ་སྤྱད་ཚད་མེད་བརྒྱུད་པའི་རླབས་ཆེན་གྱི་དམག་འཁྲུག་ཅིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་གྲོས་མགོ་བཏོན་ནས་བཙུགས་པའི་འཇར་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་གྱི་དར་ཆའི་འོག་ཀྲུང་གོའི་མི་དམངས་ཀྱིས་བློ་སྟོབས་ཞུམ་མེད་ཀྱིས་དགྲ་བོར་འཐབ་འཛིང་བྱས་པ་དང་། ཤ་ཁྲག་གི་ལུས་པོར་བརྟེན་ནས་ལྕགས་རི་རིང་པོ་བསྐྲུན་པས། ཉེ་རབས་ནས་བཟུང་ཕྱི་དགྲའི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁ་ཐེངས་དང་པོ་བླངས།

ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོ་མི་དམངས་ཀྱིས་མི་རིགས་བློས་བཏང་སྟེ་མིའི་རིགས་ཀྱི་ཤེས་དཔལ་སྐྱོབ་པ་དང་འཛམ་གླིང་གི་ཞི་བདེར་སྲུང་སྐྱོང་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ལོ་རྒྱུས་ཀྱིས་ང་ཚོར་མིའི་རིགས་ཀྱི་ལས་དབང་བདེ་སྡུག་མཉམ་མྱོང་བྱེད་པ་དང་། རྒྱལ་ཁབ་ཁག་དང་མི་རིགས་ཁག་བར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། འཆམ་མཐུན་མཉམ་གནས། ཕན་ཚུན་རོགས་རེས་བཅས་བྱས་ན་ད་གཟོད་ཐུན་མོང་གི་བདེ་འཇགས་སྲུང་སྐྱོང་བྱེད་ཐུབ་པ་དང་། དམག་འཁྲུག་གི་འབྱུང་རྩ་མེད་པར་བཟོས་ནས་ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་དུ་མི་ཐོན་པ་བྱེད་ཐུབ་པའི་ཉེན་བརྡ་བཏང་ཡོད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

ཀྲུང་ཧྭ་མི་རིགས་ནི་གཏུམ་སྤྱོད་ལ་མི་སྐྲག་པ་དང་རང་ཚུགས་རང་སྟོབས་ཀྱི་རླབས་ཆེན་མི་རིགས་ཤིག་ཡིན། ལོ་དེར། དྲང་བདེན་དང་སྡིག་རྩུབ། འོད་ཟེར་དང་མུན་ནག ཡར་ཐོན་དང་ལོག་སྤྱོད་ཀྱི་ཤི་གསོན་གྱི་འགྲན་རྩོད་མདུན་དུ། ཀྲུང་གོ་མི་དམངས་ཀྱིས་དགྲ་བོར་མཉམ་སྡང་དང་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཏེ་རྒྱལ་ཁབ་ཀྱི་འཚོ་གནས་དང་མི་རིགས་བསྐྱར་དར། མིའི་རིགས་ཀྱི་དྲང་བདེན་ཆེད་དུ་དཔའ་མཛངས་རྟུལ་ཕོད་ཀྱིས་དམག་འཐབ་བྱས་ཡོད། དེ་རིང་། མིའི་རིགས་ཡང་བསྐྱར་ཞི་བདེའམ་དམག་འཁྲུག་དང་། གླེང་མོལ་ལམ་འགྲན་རྒོལ། གཉིས་ཕན་ནམ་ཡང་ན་སྡོམ་སྟོངས(零和)ཀྱི་གདམ་གར་འཕྲད་ཡོད། ཀྲུང་གོ་མི་དམངས་བློ་བརྟན་འགྱུར་མེད་ངང་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་པ་དང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་ལངས་ནས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་ཡིན།

ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་བློས་ཐུབ་ཀྱི་དཔའ་བོའི་དམག་དཔུང་ཞིག་ཡིན། དམག་ཡོངས་ཀྱི་དཔོན་དམག་ཚོས་བླ་ན་མེད་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་དང་། འཛམ་གླིང་ཐོག་གི་དམག་དཔུང་རྩེ་གྲ་འཛུགས་སྐྱོང་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་འཐབ་ཇུས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་དགོས།

ལོ་རྒྱུས་ཀྱིས་འདས་ཟིན་པའི་དོན་རྐྱེན་ཟིན་ཐོར་བཀོད་ཡོད་པ་མ་ཟད།  འབྱུང་འགྱུར་གྱི་བློ་སྒོ་ཡང་ཕྱེས་ཡོད།  དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དུ་སྐྱོད་པ་དང་། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ། ཁྱོན་ཡོངས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་རྒྱལ་ཁབས་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་གི་ཆེད་དུ་མཐུན་སྒྲིལ་འབད་བརྩོན་བྱེད་དགོས།

ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་འགོག་ཐབས་མེད་ལ།  མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན།


མཉམ་སྤྱོད།