དེ་རིང་ནི2025ལོའི་ཟླ10པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལུའོ་ཏུང་ཁྲོན་སོ་སོར་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་སྤྱི་གཉེར་གྱི་འབྲེལ་ཡོད་འགན་ཁུར་པར་ཐུག་འཕྲད་བྱས་པ།

2025-10-15 11:28:54   |   72

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་སོ་སོར་རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་གྱི་སྤྱི་གཉེར་པ་གཞོན་པ་ཧྥུའུ་ཀྲིན་པང་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་ཚད་ཡོད་སྤྱི་གཉེར་གྱི་རྐང་འཛིན་དབུ་གཙོ་ལི་གོ་ཀྲུང་སོགས་ལ་ཐུག་འཕྲད་བྱས།

ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧྥུའུ་ཀྲིན་པང་དང་ལི་གོ་ཀྲུང་བཅས་མཚོ་སྔོན་དུ་ཡོང་བར་དགའ་བསུ་ཞུས་པ་དང་།   རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་སྤྱི་གཉེར་གྱིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོབ་བྱས་པར་བཀའ་དྲིན་ཞུས།    ཁོས་བཤད་རྒྱུར།   མིག་སྔར་མཚོ་སྔོན་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་བཞིན་ཡོད་ལ།   སྟོབས་ཤུགས་གཅིག་ཏུ་བསྡུས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་མགྱོགས་མྱུར་སྒོས་བསྐྲུན་པ།     ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཁྲོད་སྲ་ཞིང་བརྟན་པའི་གོམ་སྟབས་གསར་པ་སྤོ་བཞིན་ཡོད།   རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་ཀྲུང་ཞིན་ཐའེ་ཧྥུའུ་ནུས་ཁུངས་སྤྱི་གཉེར་གྱིས་མ་འོངས་པར་ཁ་ཕྱོགས་ནས་གོ་སྐབས་དམ་འཛིན་གྱིས་ནུས་ཁུངས་ལས་གཞི་འཛུགས་སྐྲུན་དང་དག་གཙང་ནུས་ཁུངས་གསར་སྤེལ།    མཐོ་སྒང་གི་སྒྲིག་ཆས་སྒྲིག་བཟོ།   རྣམ་པ་གསར་པའི་གསོག་ནུས།   ལྗང་མདོག་རྩིས་ཤུགས་སོགས་ཁྱབ་ཁོངས་གཙོ་བོར་དམིགས་ནས་མཚོ་སྔོན་བར་གྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ།    དགེ་མཚན་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད།    གཉིས་ཕན་མཉམ་རྒྱལ་བཅས་སྔར་ལས་མངོན་འགྱུར་བཟང་བོ་བྱ་རྒྱུའི་རེ་བ་བཅངས་ཡོད།   མཚོ་སྔོན་གྱིས་སྟོབས་ཤུགས་ཡོད་རྒུས་སྤུས་ལེགས་ཚོང་གཉེར་ཁོར་ཡུག་འདོན་སྤྲོད་བྱས་ནས། ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་སྟེ་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་ངེས་ཡིན།

ཧྥུའུ་ཀྲིན་པང་དང་ལི་གོ་ཀྲུང་གཉིས་ཀྱིས་ཁེ་ལས་མཚོ་སྔོན་དུ་འཕེལ་རྒྱས་བྱུང་བའི་གནས་ཚུལ་དང་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་འཆར་གཞི་མཚམས་སྦྱོར་མདོར་བསྡུས་བྱས་པ་དང་།    མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པའི་ཚུལ་བསྟན།    ཁོ་ཚོས་ཀྲུང་དབྱང་ཁེ་ལས་དང་རང་རང་གི་དགེ་མཚན་སྔར་ལས་ལེགས་པོར་བཏོན་ཏེ་མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་ཟབ་ཞུགས་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ལས་བཀོད་སྒྲིག་ལ་འཆར་འགོད་བྱེད་པ།     དངུལ་གཏོང་ཤུགས་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།   ལས་གཞི་སྔར་ལས་མང་པོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཞེས་བསྟན།

ཀྲང་ཅིན་ཀང་ཐུག་འཕྲད་ལ་ཞུགས།


མཉམ་སྤྱོད།