དེ་རིང་ནི2025ལོའི་ཟླ10པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱ་སྐྱེད་ཚོགས་འདུ་འཚོགས།

2025-10-28 09:11:38   |   67

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས27ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུ་འཚོགས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱ་སྐྱེད་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས།

1.jpg

ཚོགས་འདུའི་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་བགྲོད་ལམ་གསར་པའི་ཐོག་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་ཞིང་།  དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་གཏིང་ཟབ་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཕྱོགས་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གསུམ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་བྱ་བར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ།“ལྔ་བཅོ་ལྔའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པ་གཏིང་ཟབ་སྒོས་གསལ་བཤད་བྱས་པས། ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་ཆེན་པོ་ལྡན་ལ། མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་བྱ་བ་ལེགས་པར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《བསམ་འཆར》གྱིས་མ་འོངས་པའི་ལོ5རིང་གི་འཕེལ་རྒྱས་ལ་རྩེ་རིམ་ཇུས་འགོད་དང་འཐབ་ཇུས་འཆར་འགོད་བྱ་རྒྱུ་དེ་ནི་བབ་བསྟུན་འཕྲལ་སྒྲུབ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བའི་སྤྱི་ཁྱབ་སྐུལ་སློང་དང་སྤྱི་ཁྱབ་བཀོད་སྒྲིག་ཅིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཤུགས་རྐྱེན་གལ་ཆེན་དང་གཏིང་ཟབ་ཐོན་ངེས་ཡིན་ཟེར།

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། "ལྔ་བཅུ་བཞིའི"རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་། "ལྔ་བཅོ་ལྔའི"རིང་གི་གོ་གནས་གལ་ཆེན་དང་གནས་བབ་ལ་བརྡར་གཅོད། བསམ་བློ་དང་རྩ་དོན་གལ་ཆེན་ལ་མཛུབ་ཁྲིད་བྱེད་པ་བཅས་དམ་འཛིན་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། ལག་བསྟར་དོན་འཁྱོལ་བྱེད་པའི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་འཁེལ་འཚོལ་བ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་མཚོ་བྱང་དུ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

3.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ལྟེ་བའི་དམིགས་ཚད་ལ་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་ཀྱི་བསམ་གཞིགས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པ། ནུས་ཤུགས་ཡོད་རྒུས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གཏོད་པ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་དགོས་ཟེར། "ལྔ་བཅོ་ལྔའི"རིང་གི་དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འབད་འཐབ་དམིགས་ཚད་དང་འཐབ་ཇུས་ཀྱི་གཙོ་གནད་ལ་དཔེ་བསྡུར་ཚད་འཛིན་བྱས་ནས། མཚོ་བྱང་གི་ཐོན་ཁུངས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་གཞི་ཚུགས་ཏེ་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བའི་སྒོ་ནས་མཚོ་བྱང་ཁུལ་གྱི"ལྔ་བཅོ་ལྔའི"འཆར་འགོད་བཟོ་བའི་བྱ་བར་ཞིབ་འཇུག་དང་འཆར་འགོད་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་སྟེ་མཚོ་བྱང་ཁུལ་གྱི་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཞིབ་འཇུག་དང་འཆར་འགོད་ཡག་པོ་བྱེད་དགོས། སྒོ་འབྱེད་འཆར་འགོད་བཟོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་སྡུད་བྱས་ནས་འཆར་འགོད་སོ་སོ་གཅིག་གྱུར་འཆར་འགོད་དང་སྦྲེལ་མཐུད་ཡག་པོ་བྱས་ཏེ། ངེས་གནས་གནད་ལ་འཁེལ་བ་དང་མཐའ་མཚམས་ཁ་གསལ་བ། ནུས་པ་གསབ་རེས། གཅིག་གྱུར་སྦྲེལ་མཐུད་བཅས་ཀྱི་འཆར་འགོད་མ་ལག་འཛུགས་དགོས་ཟེར།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས་ཤིང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་ཚ་རླབས་མགྱོགས་མྱུར་ངང་འཕྱུར་བར་བྱས་ཏེ། སློབ་སྦྱོང་གསོ་སྦྱོང་དམ་འཛིན་དང་། དྲིལ་སྒྲོག་དང་སྒྲོག་འགྲེལ་རྒྱ་ཁྱབ་བྱེད་པ། མཛུབ་ཁྲིད་ལ་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་དང་ལས་རིགས་སོ་སོར་བརྒྱུད་སྒྲོག་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་ཀྱི་གཏིང་ཟབ་ཟུག་པར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་དང་མིག་སྔའི་བྱ་བ་དམ་འཛིན་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་སྲུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་ལྷིང་སོགས་གཙོ་གནད་ལས་འགན་གཅིག་གྱུར་གྱིས་དམ་འཛིན་བྱས་ཏེ། དུས་ཚིགས་བཞི་པ་དང“ལྔ་བཅུ་བཞི”མཇུག་སྒྲིལ་བའི་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་ལེགས་པོ་བྱེད་དགོས་ཟེར།    


མཉམ་སྤྱོད།