དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇུ་ཡུན་གསར་འགྱུར།

2023-02-25 09:07:29   |   116

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན

a.jpg


  • ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་ཏེའོ་ཡུས་ཐེ་རྒྱལ་མགྲོན་ཁང་གི་འབྱུང་གསོ་ཁང་དུ་ཁམ་ཕུ་ཁྲེའི་རྒྱལ་པོ་ཤིས་ཧ་མོ་ཉི་དང་རྒྱལ་ཡུམ་མོ་ཉི་ལེ་དང་བྱམས་བརྩེའི་ངང་མཇལ་འཛོམས་གནང་།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས24ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་བརྒྱ་དང་སུམ་བཅུ་པར་མིང་རྟགས་བཀོད།

  • ཚེས24ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་མིང་ཐོ་ཁྱབ་བསྒྲགས་བྱས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས་བཟུང2023ལོའི་དཔྱིད་རླུང་བྱ་སྤྱོད་དང་ལས་ཞུགས་རོགས་སྐྱོར་ཟླ་བའི་བྱེད་སྒོས་ལས་གནས་ཁྲི2700ཡོངས་བསྒྲགས་བྱས་ཡོད།

  • 2022ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི347.6སླེབས། དེ་དུས་མཚུངས་ལས3.4%འཕར་ནས་ལོ་ཧྲིལ་པོར་སླར་གསོ་རང་བཞིན་གྱི་འཕར་ཡོད།

  • ཚེས24ཉིན། ཚན་རྩལ་པུས་བསྟན་དོན། 2022ལོར་རང་རྒྱལ་གྱི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་ཨང་རིམ11པར་འཕར་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་ཀྱི་གྲས་སུ་སླེབས་ཡོད།

b.jpg


  • ཚེས24ཉིན་གྱི་ཆུ་ཚོད12:01སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་(酒泉)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཧོ་ལུའུ་སི་ཨང1པོའི་རྒྱང་ཚོར་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས།

  • ཚེས24ཉིན། ཀྲུང་གོའི་ཕྱི་འབྲེལ་པུ་ཡིས《ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས།

  • ཚེས24ཉིན།  ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི2301དམག་གྲུའི་རུ་དཔུང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་ཞིབ་བྱས།

    c.jpg


  • ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཞིབ་འཇུག་ཆོག་མཆན་སྤྲད་པ་བརྒྱུད། དབྱང་ཁོ་ཝེ་ཆི་ཀྲུང་གོའི་རྒྱལ་ཁབ་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོར་བསྐོ་གཞག་བྱས།

སྤྱི་ཚོགས།

  • ཟླ2པའི་ཚེས26ནས་ཟླ3པའི་ཚེས1ཉིན་བར། ནུབ་བྱང་དང་། ཧྭ་པེ། བྱང་ཤར་ས་ཁུལ་བཅས་སུ་དྲོད་ཚད4~8℃དམའ་རུ་འགྲོ་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཆག་ཚད་ཏུའུ10ཡན་ལ་སླེབས་རྒྱུ་རེད།

  • ཚེས24ཉིན།  འཕྲལ་སྡོམ་དོ་དམ་པུས་བསྟན་དོན། གཏེར་རིའི་བདེ་འཇགས་ལ་དམ་འཛིན་ནན་པོ་བྱེད་པ་དང་། གཏེར་རིའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་ཆེད་དོན་བཅོས་སྒྲིག་སྤེལ་རྒྱུ་རེད།

  • ཚེས24ཉིན།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་བཟའ་བཏུང་ཆུད་ཟོས་བཀག་འགོག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་མགོ་ཚུགས་པ་རེད།

  • ཚེས24ཉིན། དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་བསྟན་དོན། མིག་སྔར་ཤེས་རྟོགས་བྱུང་བའི་གནས་ཚུལ་ལ་བལྟས་ན། ཁང་བའི་དངུལ་བུན་སྔ་སྣུར་དུ་འཇལ་དཀའ་བའི་གནད་དོན་རིམ་བཞིན་ཞི་ལྷོད་དུ་འགྲོ་བཞིན་ཡོད་ཅེས་བཤད།

  • ཚེས24ཉིན།  ཧྲན་ཤིས་(陕西)དང་ལེའོ་ཉིང་(辽宁)སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱིས་རེས་སྐོར་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་དོན་འཁྱོལ་བྱས་ཚུལ་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས།

  • ཉེ་ཆར། ཧྲན་ཤིས་(陕西)ཞིབ་དཔྱོད་ལས་ཁུངས་ཀྱིས་ནང་སོག་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཡོན་ཀྲང་ཧུའུ་དབྱི་ཧྥུང་གིས་ལྐོག་རྔན་བླངས་པ་དང་། ཤུགས་རྐྱེན་ཐེབས་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་གྱོད་གཞིར་གཞུང་གཏུག་བྱས་པ།

d.jpg


  • ཚེས23ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཏུན80རིམ་པའི་གཤེར་དབྱང་ཅ་ཝན་སྒུལ་བྱེད་འཕྲུལ་འཁོར་གྱི་སྐར་ཆ200ཡི་ཚོད་ལྟའི་རླངས་འཁོར་བདེ་བླག་ངང་ལེགས་གྲུབ་བྱུང་ཡོད།

  • 2020ལོ་ནས2022ལོ་བར།  སྤྱི་བདེ་ལས་ཁུངས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་འབྲེལ་བ་ཡོད་པའི་ཉེས་དོན་གྱོད་གཞི་ཁྲི7ལྷག་ཙམ་མྱུལ་ཞིབ་བྱས་པ་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་རྫས་སྤྱི་རྒྱ་ཁྲི་18གཞུང་བཞེས་བཏང་།

    e.gif


  • ཧུའུ་པེའི་ཤན་ཐོ(湖北仙桃)ཡི་རླངས་འཁོར་ཆུང་ཆུང་ཞིག་དང་ཟོག་འདྲེན་རླངས་འཁོར་གཉིས་གདོང་ཐུག་བརྒྱབ་རྗེས། ཚོད་འཛིན་མ་ཐུབ་པར་ཆུར་ལྷུང་བ་དང་ཉེ་འགྲམ་གྱི་གྲོང་མི40ལྷག་ཙམ་གྱིས་རང་འགུལ་ངང“ཐག་འཐེན་རྣམ་པའི”རོགས་སྐྱོབ་བྱས་ནས་ཉེན་ཁའི་མི་གཉིས་བསྐྱབས་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས《མི་སྒེར་གྱི་ཆ་འཕྲིན་རྒྱལ་མཚམས་སྒྲོལ་བའི་ཚད་གཞིའི་གན་རྒྱའི་བྱེད་ཐབས》ཁྱབ་བསྒྲགས་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱིས་ཕྱི་རྒྱལ་དུ་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་མ་བྱས་གོང་། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་ལ་ཤུགས་རྐྱེན་ཐེབས་ཚུལ་དཔྱད་དཔོག་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཧོ་ནན་(河南)གྱིས་བསམ་འཆར་པར་འགྲེམས་བྱས་ནས་ཁེ་ལས་ཀྱིས་རྩལ་ནུས་ཕོགས་སྣོན་དང་། དམིགས་བསལ་གདན་ཞུའི་ལས་གནས་ཕོགས་སྣོན། ཚན་ཆུང་དཔོན་གྱི་ཕོགས་སྣོན། དགེ་ཕྲུག་ཁྲིད་པའི་ཕོགས་སྣོན་སོགས་འཛུགས་རྒྱུར་སྐུལ་ལྕག་བྱས།

  • ཧྲན་ཏུང་ཅི་ནན་(山东济南)གྱིས་ཆུ་སྤྱོད་གྲོན་ཆུང་ལས་དོན་ཁྲོད། བྱས་རྗེས་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པའི་ཚན་པར་བྱ་དགའ་མཐོ་ཤོས་སྒོར་ཁྲི10སྤྲོད་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། ཧྲན་ཤིས་(山西)ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་རྒྱུ་རེད། དེའི་ཁྲོད། སི་ཁྲོན་ནུབ་རྒྱུད་ས་མཐོའི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་པ་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་ལྷོ་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བ། ཐེ་ཝན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་རྒྱུ་རེད།

f.jpg


  • ཧེ་ལུང་ཅང་། པེ་ཅིང་ནས་ཧ་ཨར་པེན་བར་གྱི་མྱུར་བགྲོད་གཞུང་ལམ་ཞིང་ཆེན་ནང་ཁུལ་གྱི་དེ་སྔའི་གྲོན་བསྡུའི་ཚད་གཞིའི་གོ་ཆོད་དུས་ཚོད2026ལོའི་ཟླ12ཚེས31ཉིན་བར་རིང་དུ་བཏང་བ་དང་། རླངས་འཁོར་གྱི་རིང་ཚད་ལ་སྨི6མེད་པ་དང་། མི9སྡོད་ཆོག་པའམ་དེ་མན་གྱི་འགྲུལ་སྐྱེལ་རླངས་འཁོར་རེར་སྤྱི་ལེ་རེར་སྒོར0.45ཡིན།

  • ཧོ་པེ(河北)། མཐོ་སློབ་དཀྱུས་མའི་ཆེད་སྦྱོང་ཡིག་རྒྱུགས་དེ་ཚེས26ཉིན་ནས་བཟུང་དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་རེད།


མཉམ་སྤྱོད།