དེ་རིང་ནི2025ལོའི་ཟླ11པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་རྟེན་མཛོད་ཁང་ཆེན་མོའི་སྒོ་ཕྱེ་བར་རྟེན་འབྲེལ་ཞུས།

2025-11-03 11:37:38   |   254

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། ཀྲུང་གོའི་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཤིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་གི་དུས་ཚོད་ཟླ11ཚེས2ཉིན་གྱི་གློག་འཕྲིན་ལྟར་ན། ཟླ་11ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་རྟེན་མཛོད་ཁང་ཆེན་མོའི་སྒོ་ཕྱེ་བར་རྟེན་འབྲེལ་ཞུས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཅིབ་ཀྱི་རྟེན་མཛོད་ཁང་ཆེན་མོའི་སྒོ་ཕྱེ་བའི་སྐབས་འདིར། ངས་ཙུང་ཐུང་སའེ་ཤིས་དང་ཨེ་ཅིབ་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་རྟེན་འབྲེལ་ཞུ་རྒྱུ་ཡིན། ཨེ་ཅིབ་རྟེན་མཛོད་ཁང་གིས་ཨེ་ཅིབ་ཀྱི་རིག་གནས་ལོ་རྒྱུས་ཐོག་ངོ་མཚར་ཆེ་བའི་རྣམ་པ་ཞིག་བཞག་ནས། གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཆེད་ནུས་པ་གལ་ཆེན་འདོན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨེ་ཅིབ་བར་གྱི་མཛའ་མཐུན་ལ་ལོ་རྒྱུས་རིང་བོ་ལྡན་ལ། ཉེ་བའི་ལོ་ཤས་རིང་། ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སོང་བ་དང་། རྒྱལ་ཁབ་གཉིས་ཀའི་མི་ཆོས་འབྲེལ་འདྲིས་ལའང་རྣམ་པ་བཟང་བོ་བྱུང་ཡོད་དེ། ཧྲང་ཧའེ་རྟེན་མཛོད་ཁང་གི“གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་མོར”ལེགས་འགྲུབ་བྱུང་བ་དང་། ཀྲུང་ཨེའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་ས་ཁ་ལའི་གཏོར་གཟུགས་མཆོད་རྟེན་འོག་ཐུན་མོང་ཐོག་ངོ་མཚར་ཆེ་བའི་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འཚོལ་ཞིབ་བྱས། ང་ཚོས་གནའ་བོའི་ཤེས་དཔལ་ཆེན་པོ་གཉིས་ཀྱི་ཕན་ཚུན་མཐུན་སྦྱོར་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་ཉིན་རེ་བཞིན་ཕན་ཚུན་རྒྱུན་ལོན་དང་མཛའ་མཐུན་ཡོང་བའི་རྣམ་པ་བཟང་བོ་ཞིག་མཐོང་ཐུབ། མིག་སྔར། འཛམ་གླིང་ཐོག་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་ཞིག་མགྱོགས་མྱུར་བྱུང་བཞིན་ཡོད་པས། ཀྲུང་ཨེའི་ཤེས་དཔལ་གྱི་གནའ་བོའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱིས་རིག་གནས་ལ་ཕན་ཚུན་ཞིབ་བཤེར་བྱ་རྒྱུ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ནས་ཀྲུང་ཨེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ནུས་གསར་པ་ཟམ་མི་ཆད་པར་བསྣན་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཟེར།


མཉམ་སྤྱོད།