མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-02-28 10:44:55   |   96

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་གྱི་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་གྱི་སྤྱིའི་བཀོད་སྒྲིག་འཆར་འགོད》པར་འགྲེམས་བྱས།

  • 2022ལོར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་སྡོམ་ནག་ཚོགས་དང་འབྲེལ་བའི་རྩ་འཛུགས160ལྷག་དང་སྟོབས་ཤུགས་ངན་པའི་ཉེས་གསོག་ཚོགས་པ1520ལྷག་མེད་པར་བཟོས།

  • རིག་གནས་གནས་སྐོར་པུས་བརྡ་ཐོ་བཏང་ནས་ཟླ3ཚེས1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནས་རིག་གནས་དང་གནས་སྐོར་ཁྲོམ་རའི་ཁེ་ལས་ལ་གློག་རྡུལ་ལག་ཁྱེར་སྤྱོད་རྒྱུ་རེད།

  • རྒྱལ་ཁབ་རྒྱང་བརྙན་སྤྱི་ཁྱབ་ཅུ་ཡིས་ཉེ་ཆར་ཚོགས་འདུ་འཚོགས་ནས་བརྙན་ཐུང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ན་སོ་དར་ལ་མ་བབས་པའི་མིར་མགོ་འཁོར་བར་དོགས་ཟོན་བྱེད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་དྲ་རྒྱའི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི600ལས་བརྒལ་ཡོད་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་དུས་རྒྱལ་ཡོངས་ཀྱི་རིམས་ནད་མུ་མཐུད་བརྟན་པོའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་རིམས་ནད་མངོན་གསལ་དོད་པོ་ངང་འཕར་བའི་ཞིང་ཆེན་ཤེས་རྟོགས་བྱུང་མེད།

  • ཟླ2ཚེས27ཉིན།  རྨ་ཆུའི་ཞོ་ལང་ཏིའི་(黄河小浪底)ཆུ་བེད་ལྟེ་གནས་ཀྱིས་སྨད་རྒྱུད་དུ་དཔྱིད་ཀར་ཆུ་འདྲེན་པའི་ཆུ་སྒོ་ཕྱེས་མགོ་ཚུགས།

    a.jpg


  • ཟླ2ཚེས27ཉིན།  དཔལ་འབྱོར་རིག་པ་མཁས་ཅན་དང་པེ་ཅིང་སློབ་ཆེན་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བསླབ་པ་རྒན་གྲས་དགེ་རྒན་ཆེ་མོ་བ་ལི་དབྱི་ཉིང་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ92རེད།

  • ཚེས27ཉིན། ཨ་རིའིP-8Aཆུར་འཛུལ་དམག་གྲུར་རྒོལ་བའི་གནམ་གྲུ་གཅིག་ཐེ་ཝན་མཚོ་འགག་བརྒྱུད་དེ་ཡོངས་བསྒྲགས་ངང་འུད་སྒྲོག་བྱས། རང་རྒྱལ་གྱི་ཤར་རྒྱུད་འཐབ་ཁུལ་གྱིས་དམག་ཤུགས་སྒྲིག་འཛུགས་བྱས་ནས་ཨ་རིའི་གནམ་གྲུའི་བྱ་སྤྱོད་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས།

    b.jpg


  • ཨ་རིས་ཨུ་རུ་སུ་དང་འབྲེལ་བ་ཡོད་པའི་རྒྱུ་རྐྱེན་རྒྱུ་མཚན་དུ་བྱས་ནས་ཀྲུང་གོའི་ཁེ་ལས་ལ་བཀག་སྡོམ་བྱས།  རང་རྒྱལ་ཕྱི་འབྲེལ་པུས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་རིང་། མཁའ་རླུང་གྲང་མོས་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་སྲིད་པ་དང་། ནུབ་བྱང་དང་། ཧྭ་པེ། བྱང་ཤར་བཅས་སུ་དྲོད་ཚད4-8℃དམའ་རུ་འགྲོ་རྒྱུ་དང་། ཆ་ཤས་སུ་དྲོད་ཚད་ཏུའུ་10ཡན་མར་ཆག་རྒྱུ་རེད།

  • བཟོ་འཕྲིན་པུས་བརྡ་ཐོ་བཏང་ནས“བཙན་ཤེད་ཀྱིས་བསྡམས་བཀྱིག”དང“ཁ་རོག་གེར་ཕབ་ལེན”སོགས་ཀྱི་བྱེད་ཐབས་བརྒྱུད། བེད་སྤྱོད་བྱེད་མཁན་ལ་མགོ་སྐོར་ངངAPPཕབ་ལེན་བྱེད་མི་ཆོག་པའི་བླང་བྱ་བཏོན་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་བཟའ་བཅའི་འཐེན་བཤེར་ཁག་ཐེངས15ཚད་ལོངས་མེད་པའི་བརྡ་ཁྱབ་བཏང་།

  • ཏ་ལེན་མཚོ་དོན་ཅུ་ཡིས་ཟླ2ཚེས27ཉིན་གྱི་ཆུ་ཚོད8པ་ནས་ཟླ3ཚེས3ཉིན་གྱི་ཆུ་ཚོད18བར། ཧོང་ཧེ(黄海)་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་དངོས་སུ་བརྒྱབ་ནས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས།

  • ཉེ་ཆར། ཧོ་ནན་(河南)དང་། ཧུའུ་ནན(湖南)། ཧོ་པེ་(河北)སོགས་ས་ཁུལ་དུ་སོ་འདེབས་འཛུགས་ཀྱི་སྨན་བཅོས་ཞབས་ཞུའི་རིན་གོང་དམའ་རུ་བཏང་འདུག

  • ཟླ2ཚེས27ཉིན་གྱི་ཆུ་ཚོད7:58སྟེང་། ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་གྱི་ཝུན་སུའུ་རྫོང་(阿克苏温宿县)དུ་ས་ཡོམ་རིམ་པ5.1བྱུང་བ་དང་།  ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཡིན་ལ།  གནས་སྐབས་སུ་མི་སྣ་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད།

  • ཟླ2ཚེས27ཉིན། 2022ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་བྱ་བའི་གསར་དུ་འཚོལ་ཞིབ་བྱུང་བའི་དོན་དག་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་།  ཧུའུ་པེའི་ཧྲི་ཡན་(湖北十堰学堂梁子)ཞོ་ཐང་ལིང་ཙི་གནའ་ཤུལ་སོགས་རྣམ་གྲངས22མཐའ་མའི་དཔྱད་འདེམས་དུས་མཚམས་སུ་ཚུད་ཡོད་པ་རེད།

  • ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྐྱེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་གཅིག་སྡུད་སྦྱོང་བརྡར་གྱི་མིང་ཐོ་གསར་ཤོས་ཁྱབ་བསྒྲགས་བྱས་པ་དང་། ཝུའུ་ལེ་དང་། ཡན་ཅུན་ལིང་། ཀྲང་ལིན་ཧྥན་སོགས་ཀྱི་མིང་ཐོ་ཡོད་པ་མ་ཟད།  རྒྱལ་ཁོངས་སུ་ཞུགས་པའི་སྤོ་ལོ་རྒྱག་མཁན་ཨའེ་ཁེ་སེན་སོགས་སྦྱོང་བརྡར་གྱི་མིང་ཐོར་ཚུད་ཡོད། 

  • ཉེ་ཆར།  སི་ཁྲོན་དབྱི་པིན་(四川宜宾)གྱི་སྐྱེས་པ་ཞིག་གིས་རང་ཁྱིམ་གྱི་ཉ་རྫིང་དུ་གློག་ཉ་(电鱼)བཏང་བར་སྒོར500ཡི་ཆད་པ་བཅད་པ་རེད། འོན་ཀྱང་། ས་གནས་དེ་གས་བཅའ་ཁྲིམས་སྤྱོད་སྟངས་མི་འཚམ་པའི་གནད་དོན་ཡིན་པའི་བརྡ་ཁྱབ་བཏང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་ཆད་པ་མེད་པར་བཟོས་པ་དང་འབྲེལ་དགོངས་དག་ཞུས།

c.gif


  • ཀྲེ་ཅང་ཀྲོའུ་ཧྲན(浙江舟山)་གྱི་རླངས་འཁོར་གཅིག་ཆུར་ལྷུང་བ་དང་རླངས་འཁོར་ནང་གི་མི4ཉེན་ཁར་འཕྲད། ལམ་བར་དུ་ཡོད་པའི་ཝང་ཅ་མིང་དང་། ཧྲེང་ཧྲོང་ཝུའེ། ཧོ་པིན་བཅས་ཆུར་མཆོངས་ནས་ཉེན་ཁ་འཕྲད་པའི་མི་དེ་དག་བདེ་ལེགས་ངང་བསྐྱབས།

སྲིད་ཇུས།

  • ཨན་ཧོས་(安徽)ཀྱིས་ཇུས་གཞི་པར་འགྲེམས་བྱས་ནས་སྤྱིར་བཏང་སློབ་གླིང་གི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སློབ་མའི་ལས་ཞུགས་རོགས་སྐྱོར་འཆར་གཞི་སོགས་ཀྱི་བྱེད་ཐབས་བཏོན་པ་དང་། ལོ་ཧྲིལ་པོར་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་སློབ་མ4000ལས་མི་ཉུང་བ་ཞིག་ལ་ལས་ཀ་འཚོལ་རོགས་བྱ་རྒྱུ་རེད།

  • ཀྲེ་ཅང་(浙江)གིས་ཇུས་གཞི་པར་འགྲེམས་བྱས་ནས2024ལོ་ནས་བཟུང་། ཟློས་གར་རིག་པ་དང་རླུང་འཕྲིན་བརྙན་འཕྲིན་རྩོམ་སྒྲིག་འཁྲབ་སྟོན་སོགས་སྒྱུ་རྩལ་རིགས་ཀྱི་ཆེད་ལས8ཀྱིས་མཐོ་རྒྱུགས་སློབ་བསྡུའི་ཁྲོད་། ཆེད་ལས་ཡིག་རྒྱུགས་སྒྲིག་འཛུགས་བྱས་མེད།

  • ཅང་ཤིས་(江西)ཀྱིས་བརྡ་ཐོ་བཏང་ནས་གནས་ཚུལ་ཤེས་རྟོགས་དང་རང་མོས་ཀྱི་རྩ་དོན་གཞིར་བཟུང་ཐོག   ན་རན་བུ་མོ་ཚོར་རིན་མེད་ངང་རིམས་འགོག་སྨན་ཁབHPVརྒྱག་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ས་ཆ་མང་ཆེ་བ། ཅི་ལིན་ཤར་རྒྱུད། ཀན་སུའུ་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་ལྷོ་རྒྱུད། ཁྲུང་ཆིང་། ཀུའེ་ཀྲོའུ་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་དབུས་རྒྱུད་དང་བྱང་རྒྱུད། ཅང་ཤིས་བྱང་རྒྱུད། ཨན་ཧོས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་ཆུང་འབབ་ཀྱི་རེད།

    d.jpg


  • ཡུན་ནན །(云南)  2023ལོའི་ལོ་སྟོད་དུ་བྱ་གཞག་ཚན་པས་ཡོངས་བསྒྲགས་ངང་གདན་ཞུའི་རིགས་དབྱེའི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ3ཚེས28ཉིན་གྱི་ཆུ་ཚོད9པ་ནས་ཟླ4ཚེས1ཉིན་གྱི་ཆུ་ཚོད18བར་ཡིན།

  •  ཧོ་ནན། (河南)ཟླ2ཚེས28ཉིན་གྱི་ཆུ་ཚོད18ནས་ཟླ3ཚེས1ཉིན་གྱི་ཆུ་ཚོད8པའི་བར་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཆ་འཕྲིན་ལས་སྟེགས་ཀྱིས་ཕྱི་ཕྱོགས་ལ་ཞབས་འདེགས་ཞུ་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།