དེ་རིང་ནི2025ལོའི་ཟླ11པའི་ཚེས12ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཏིང་ཞུའེ་ཞང་གིས་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏེ་དང་མཇལ་འཛོམས་གནང་བ།

2025-11-12 09:00:18   |   49

སྒྲིག་སྒྱུར།   སངས་དོན།      ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཟླ11པའི་ཚེས11ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་གིས་པེ་ཅིན་དུ་ནོར་ཝེའི་ཕྱི་འབྲེལ་བློན་ཆེན་ཨའེ་ཏེ་དང་མཇལ་འཛོམས་གནང་། 

000.jpg

ཏིང་ཞུའེ་ཞང་གིས་ཀྲུང་ནོར་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོ་དང་བདེ་ལེགས་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། ན་ནིང་ཟླ9པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབུ་བཞུགས་བློན་ཆེན་སི་ཐེ་ལེ་མཇལ་འཛོམས་གནང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག ཀྲུང་གོའི་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས་ཀྲུང་གོ་དང་ནོར་ཝེའི་མཉམ་ལས་ལ་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱ་ཐུབ་ངེས་ཡིན། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་ཚོང་དོན་མ་འཇོག་དང་། ལྗང་མདོག་ཕྱོགས་སྒྱུར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་མང་བ་བསྐྲུན་དགོས་ཞེས་གསུང་།

ཨའེ་ཏེ་ཡིས་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་སོགས་ཐད་ཀྲུང་གོར་ཐོབ་པའི་ཕུལ་བྱུང་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ནོར་ཝེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས་ནོར་ཀྲུང་འབྲེལ་བ་སྔར་བས་མཐོ་རུ་བཏང་སྟེ་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུང་།


མཉམ་སྤྱོད།