དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་སྲིད་གཞུང་ཐེ་ཝན་ལས་དོན་གཞུང་ལས་ཁང་གིས་ཐེ་ཝན་ཚོང་པ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས།

2023-03-01 10:16:34   |   111

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མཚོ་བྱང་སྨྱན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ2ཚེས28ཉིན།  ཞིང་ཆེན་སྲིད་གཞུང་ཐེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དབྱིང་ཤིའུ་ལི་ཡིས་སྐམ་ས་ཆེ་མོར་ཡོད་པའི་ཐེ་ཝན་ཚོང་པ15སྒྲིག་འཛུགས་བྱས་ཏེ།  མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱེད་པར་ཕེབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྟོག་ཞིབ་ཚོགས་ཆུང་དང་བཅས་པར་མཇལ་འཕྲད་གནང་བ་དང་འབྲེལ་མཚོ་བྱང་ཁུལ་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་བློ་བརྗེ་རེས་བྱས།

དེ་རྗེས་འཚོགས་པའི་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་ཡག་པོ་བྱེད་པ་དང་། ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། ས་གནས་ཀྱི་འཕེལ་རྒྱས་དེ་སྤྱི་ཡོངས་དང་མཉམ་འདྲེས་བྱེད་པ་བཅས་ཕྱོགས་གསུམ་ཐད་ནས་ལྟ་ཚུལ་གླེང་བ་དང་། ད་ཐེངས་ཀྱི་ཐེ་ཝན་གྱི་ཚོང་པ་དང་ཁེ་ལས་ཀྱི་བརྟག་ཞིབ་བྱེད་སྒོའི་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་སྐམ་ས་དང་ཐེ་ཝན་གཉིས་ནང་མི་ཡིན་པའི་འདུ་ཤེས་རྒྱུན་འཛིན་དང་། ཞིང་ཆེན་གྱི་ཐེ་ཝན་གཞུང་ལས་ཁང་གི་མཉམ་ལས་འབྲེལ་སྦྱོར་ལ་ཤུགས་སྣོན་བྱེད་པ། ཞབས་ཞུའི་འགན་ལེན་ཇེ་དྲག་དང་སྲིད་ཇུས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་པ། མཉམ་ལས་མཉམ་ཁེ་གཏིང་ཟབ་སྤེལ་བ། གཞིས་སྡོད་དང་ལས་བརྩོན་ལ་འཚམ་པའི་ཁོར་ཡུག་གསར་སྐྲུན་བྱེད་པ། ཧུར་ཐག་གིས་ཐེ་ཝན་གྱི་ཁེ་ལས་དང་ཚོང་བར་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་དང་མཚོ་བྱང་ལྔའི་འཛུགས་སྐྲུན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་རོལ་བྱེད་དགོས་པ་བསྟན།

ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་མཚོ་བྱང་ཁུལ་གནས་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་ཐད་འགྲེལ་བཤད་ཞིབ་ཕྲ་གནང་། ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་གནས་སྐོར་སྤུས་རྟགས་ཀྱི་རིན་ཐང་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། མཛེས་ལྗོངས་ཁུལ་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་སོང་བའི་ཕན་འབྲས་མངོན་གསལ་དོད་པ། གནས་སྐོར་ལམ་ཐིག་གི་མ་ལག་རྒྱུན་ཆད་མེད་པར་རྒྱ་སྐྱེད་དང་འཐུས་སྒོ་ཚང་དུ་ཕྱིན་པ། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱིས་ས་ཁོངས་ཧྲིལ་པོའི་གནས་སྐོར་ཚོད་ལྟའི་ལས་དོན་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་རྒྱུར་སྣེ་ཁྲིད་བཅས་བྱས་ཡོད་པ་བསྟན། མཚོ་བྱང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཁྲོད་ཀྱི་འབྲེལ་ཡོད་བྱ་དགའི་ཁ་གསབ་མ་དངུལ་གྱི་རོགས་སྐྱོར་དང་། ས་ཆ་མཁོ་སྤྲོད་ལ་ཤུགས་སྣོན། ཁྲལ་བསྡུའི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གློག་ཤུགས་འགན་ལེན་ཡག་པོ་བྱེད་པ་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་ངོ་སྤྲོད་བྱས།

རྟོག་ཞིབ་ཚོགས་ཆུང་གི་ཁེ་ལས་མཁས་ཅན་ཚོས“མདེལ་གཉིས་དང་སྲུང་སྐར་གཅིག”གི་གསར་བརྗེའི་རིག་གནས་སྔོག་འདོན་དང་། དྲ་གྲགས་ཀྱི་བྱེད་སྒོ་སྤེལ་ཡུལ།  རིག་གནས་གནས་སྐོར་དུས་ཆེན་གཉེར་བ། ཕྱི་རོལ་གྱི་རོལ་དབྱངས་དུས་ཆེན། མཐོན་པོ་སྐྱེས་རིའི་གསར་བརྗེའི་མཛེས་ལྗོངས་ཁུལ་གཏོད་པ། མཚོ་བྱང་གི་རིག་གནས་ཐོན་རྫས་ཞིབ་འཇུག་གསར་སྤེལ། ལུས་རྩལ་འགྲན་བསྡུར་ཆེ་གྲས་སྒྲིག་འཛུགས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས་པ་དང་། ཚང་མས་གསར་གཏོད་ལས་གཏོད་ཀྱི་ཡུལ་གྲུ་འདིར་དགའ་ཞེན་བྱེད་ཀྱིན་ཡོད་ལ། མཚོ་བྱང་གི་ཚོང་གཉེར་ཁོར་ཡུག་ལེགས་པ་དང་ཆབ་སྲིད་སྐྱེ་ཁམས་བཟང་བ། ཐོན་ཁུངས་མོད་པོ་ཡིན་པའི་གོ་སྐབས་དམ་འཛིན་བྱས་ཏེ། འཕེལ་རྒྱས་བྱེད་འདོད་ཡོད་པའི་བསམ་ཚུལ་བསྟན།

ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།


མཉམ་སྤྱོད།