དེ་རིང་ནི2025ལོའི་ཟླ12པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2025ལོའི་ཁུལ་ཨུའི་མེ་ཟོན་བདེ་འཇགས་བྱ་བའི་ཚོགས་འདུ་འཚོགས་པ།

2025-12-04 15:11:15   |   175

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས3ཉིན། 2025ལོའི་ཁུལ་ཨུའི་མེ་ཟོན་བདེ་འཇགས་བྱ་བའི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མིག་སྔའི་ཁུལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་ཏེ། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁར་དོགས་ཟོན་དང་སེལ་བ། གནོད་འཚེའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་སྔར་ལས་ཆེ་རུ་གཏོང་བ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་མེ་ཟོན་བདེ་འཇགས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་གཞོགས་འདེགས་རོགས་རམ་བྱེད་དགོས་པ་བསྟན། ཁུལ་ཨུའི་ཧྲུའི་ཅི་ཤ་བོ་སྐྱབས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

811f9ecee77a4a699f6557f97086132e.jpg

ཚོགས་འདུའི་ཐོག་བསྟན་དོན། ད་ལོའི་ཚུན་ལ། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་རང་འགུལ་ངང་ས་གནས་ཀྱི་འཕེལ་རྒྱས་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་ལེན་སོགས་འགག་རྩའི་ཁྱབ་ཁོངས་སུ་ལྷག་བསམ་རྣམ་དག་གིས་འགན་སྒྲུབ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ། གནོད་འཚེའི་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་རོགས་སྐྱོབ་ལས་འགན་གལ་ཆེན་ཁྲོད་སྔོན་ལ་གདོང་མཆོང་བྱས་པས་མཁོ་བསྟུན་རོགས་སྐྱོབ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་མ་ལག་སྔར་ལས་དམ་ཚགས་དུ་ཕྱིན་ནས་ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་འཐབ་ཇུས་བཀོད་སྒྲིག་སྔར་ལས་ལེགས་པའི་སྒོ་ནས་གཅིག་གྱུར་འཆར་འགོད་བྱེད་པར་གཞིགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས"ལྔ་བཅོ་ལྔའི"མེ་ཟོན་བྱ་གཞག་འཕེལ་རྒྱས་ཀྱི་འཆར་འགོད་སྒྲིག་བཟོ་བྱས་ཏེ། མེ་ཟོན་བདེ་འཇགས་ཀྱི་རྨང་གཞི་ཁྱོན་ཡོངས་ནས་བརྟན་དུ་གཏོང་དགོས། མེ་ཟོན་རོགས་སྐྱོབ་བྱ་བ་སྔར་ལས་མངོན་གསལ་དོད་པའི་གོ་གནས་ཐོག་བཞག་ནས་འགན་འཁྲི་སྔར་ལས་ནན་དུ་བཏང་སྟེ། "ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་སྤྱི་སྒྲུབ། འགན་འཛོལ་ཤོར་བར་འགན་འཁྲི་བདའ་འདེད"བཅས་ཀྱི་མེ་ཟོན་བདེ་འཇགས་འགན་འཁྲིའི་མ་ལག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། དངོས་འཐབ་ནུས་པ་མཐོར་འདེགས་སུ་གཏོང་བ་དང་། མཚོ་བྱང་ཁུལ་གྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ། ཆེད་ལས་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་མཁོ་བསྟུན་བཀོད་འདོམས་མ་ལག་སྟོབས་ཆེར་བཏང་ནས། གཙོ་གནད་ཁྱབ་ཁོངས་ཀྱི་མཁོ་བསྟུན་སྔོན་ཇུས་ཚན་རིག་དང་མཐུན་པའི་ངང་བཟོས་ཏེ། གནོད་འཚེའི་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཕྱོགས་བསྡུས་མཁོ་བསྟུན་རོགས་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཚན་རྩལ་ནུས་པ་ཆེ་རུ་གཏོང་བ་དང་། "བློ་གྲོས་མཁོ་བསྟུན་དང་གཞི་རིམ་བཅོས་སྐྱོང་མཉམ་འདྲེས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། རིག་ནུས་ཅན་གྱི་བཀོད་འདོམས་མ་ལག་འཛུགས་སྐྲུན་དང་སྔོན་ཐོན་སྒྲིག་ཆས་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ། མེ་ཟོན་ལས་སྒྲུབ་ས་ཚིགས(གནས)ཀྱི་བཀོད་པ་ཇེ་ལེགས་སུ་བཏང་སྟེ། "སྡེ་བ་དང་དགོན་སྡེ་གཞི་གཅིག་རྣམ་པའི"མ་དཔེ་ཁྱབ་གདལ་ཡག་པོ་བྱས་ཏེ་གཞི་རིམ་གྱི་མེ་ཟོན་བཅོས་སྐྱོང་བྱ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས།

5db72be10e96ca37876a37dc39c14ab1.jpg

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས"མིག་མངས་འགྲིག་སྐོར་གཅིག"གི་བསམ་བློ་བརྟན་པོ་བཙུགས་ནས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁའི་ཞན་ཆ་མཐུན་སྦྱོར་དང་ཐག་གཅོད་ནན་ཏན་བྱས་ཏེ། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་བྱ་གཞག་གི་སྤུས་འབྲས་དོན་གཉེར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་མེ་ཟོན་དྲིལ་སྒྲོག་གི"བསྐྱོད་པ་ལྔའི"བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་དང་དྲིལ་སྒྲོག་གཡུལ་ས་སྟོབས་ཆེར་བཏང་སྟེ། ཁུལ་རིམ་པའི་ཁྱད་ལྡན་མེ་ཟོན་བདེ་འཇགས་སློབ་གསོའི་དཔེ་སྟོན་ས་ཚིགས་འཛུགས་པ་དང་འབྲེལ་ཁུལ་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་མ་ལག་ནང་བཅུག་ནས་མེ་ཟོན་སློབ་གསོ་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ལ། མེ་ཟོན་བདེ་འཇགས་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་དགོས། དགུན་དུས་ཀྱི་གནོད་འགོག་གེགས་སེལ་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་བདེ་འཇགས་བྱ་ཐབས་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས།

ཚོགས་འདུའི་ཐོག2025ལོའི་ཞིང་ཆེན་ཏང་ཨུའི་མེ་ཟོན་བདེ་འཇགས་བྱ་བའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་ཁུལ་ཨུའི་མེ་ཟོན་བདེ་འཇགས་བྱ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ལ་ཁྱབ་བརྡ་བཏང་། ཁུལ་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་དང་མེ་ཟོན་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་གྱི་སྙན་ཞུར་ཉན་པ། 2025ལོའི་ཁུལ་ཨུའི་མེ་ཟོན་བདེ་འཇགས་བྱ་བའི་གནད་དོན་དང་དཀའ་ངལ་གྱི་དོན་དག་ཐག་གཅོད་བྱེད་པར་གྲོས་ཞིབ་བྱས།

bddbbba29f907da833482645c163cbad.jpg

ཁུལ་གྱི་མགོ་ཁྲིད་ཀྲུང་ཀྲི་ཅུན་དང་ཀྲང་ཨའེ་ཧུང་། སི་ཅི་ཧྲེང་། ཚོ་ཅི་ཆང་། ཝང་ཞིང་ཧོས་བཅས་ཞུགས་ལ། ཁུལ་མེ་ཟོན་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།


མཉམ་སྤྱོད།