དེ་རིང་ནི2025ལོའི་ཟླ12པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུ་འཚོགས།

2025-12-15 09:46:07   |   50

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1~1.jpg

ཟླ12པའི་ཚེས12ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཚོགས་འདུ་ཐེངས77པ་དང་ཁུལ་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས70པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུ་དང་རྒྱུན་ལས་ཚོགས་འདུའི་དགོངས་དོན། དེ་བཞིན་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་པར་མ་ཟད་ལོ་མཇུག་གི་གཙོ་གནད་བྱ་བའི་ལས་འགན་བཀོད་སྒྲིག་བྱས།

2~1.jpg

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དང་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་གྲོས་གཞི་ཕྱོགས་ཡོངས་ནས་དཔེ་སྡུར་ཚད་འཛིན་བྱས་ནས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པར་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བའི《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་འབྲེལ་ཡོད་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་གྲོས་གཞི》ལྟར་ནུས་ཤུགས་ཡོད་རྒུས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་དང་ཆེད་དོན་འཆར་འགོད་སོ་སོ་སྒྲིག་བཟོ་སོགས་ཀྱི་བྱ་བ་ལེགས་པར་སྒྲུབ་དགོས། དཔལ་འབྱོར་འཁོར་སྐྱོད་བྱ་བ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དབྱེ་ཞིབ་ཚོགས་འདུའི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས་ཐོན་ལས་གསུམ་པའི་འཕར་ཚད་དང་རོང་འབྲོག་པའི་ཡོང་འབབ། གཏན་འཇགས་རྒྱུ་ནོར་མ་འཇོག་སོགས་གཙོ་གནད་ལྷུ་ཚིགས་དང་འགག་རྩའི་གནས་ལ་དམ་པོར་དོ་སྣང་བྱས་ཏེ། བསམ་བློའི་ཐད་ཡང་བསྐྱར་མཐོང་ཆེན་དང་བྱེད་ཐབས་ཐད་ཡང་བསྐྱར་དོན་འཁྱོལ་བྱས་ནས་ལོ་འཁོར་མོའི་དམིགས་ཚད་དང་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་། གལ་ཆེའི་གནས་དང་འགག་རྩའི་ལྷུ་ཚིགས་བཅས་ལ་དམིགས་ཏེ་ནགས་ཚལ་རྩྭ་ཐང་མེ་འགོག་དང་འཛུགས་སྐྲུན་མེ་འགོག་སོགས་མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་། རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་བཅོས་སྐྱོང་ཏན་ཏིག་བྱས་ཏེ་མེ་ཟོན་བདེ་འཇགས་ཀྱི་ཉམས་ཞན་ལྷུ་ཚིགས་རེ་རེ་གསལ་བོར་ཤེས་སུ་བཅུག་ནས་གནད་དོན་དང་མངོན་མེད་རྐྱེན་ངན་དུས་ཐོག་བཅོས་སྒྲིག་ཐག་གཅོད་བྱས་ཏེ་གཏན་འཇགས་རང་བཞིན་གྱིས་ལོ་མཇུག་དང་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སོ་སོ་བརྟན་པོ་དང་གོ་རིམ་ལྡན་པའི་ངང་འགན་ལེན་བྱེད་དགོས། སྤུས་ཚད་བཟང་བའི་ཁུལ་དང་ཤེས་བྱའི་ཐོན་དབང་ཆེ་བའི་ཁུལ་འཛུགས་སྐྲུན་བྱེད་པའི་ངོས་འཛིན་སྔར་བས་ཆེ་རུ་བཏང་ནས་སྤུས་ཚད་དང་ཤེས་བྱའི་ཐོན་དབང་ཆེ་བའི་ཁུལ་གྱི་འཐབ་ཇུས་ལག་བསྟར་ཡག་པོ་བྱས་ཏེ། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཇེ་ཆེ་ཇེ་ལེགས་ཇེ་བཟང་དུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྡོམ་རྩིས་རྫུན་བཟོ་དང་རྫུན་བཟོའི་གནོད་སྐྱོན་ཆེན་པོ་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་གྱོད་གཞི་གཏིང་གསལ་དང་གྱོད་གཞི་གཏན་འགོག་བྱེད་པའི་བསླབ་བྱ་གཏིང་ཟབ་བསྡུ་ལེན་བྱས་ཏེ་སྡོམ་རྩིས་ལས་བྱེད་པའི་ལས་སྒོའི་གསོ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། སྡོམ་རྩིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་རྒྱ་ཁྱབ་ཏུ་སྤེལ་ནས་སྡོམ་རྩིས་བྱ་བ་ལམ་ལུགས་ཅན་དང་ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་སྔར་བས་མཐོར་འདེགས་སུ་གཏོང་དགོས། སྲིད་འཛིན་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་བརྟན་པོར་འཛུགས་པ་དང་ལག་བསྟར་བྱེད་པ། ཐིན་རིམ་པའི་མགོ་ཁྲིད་ཀྱི“1+10”འགན་སྦྲེལ་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ། སྡེ་ཁུལ། ཁེ་ལས་སོགས་དཀའ་གནད་དང་འགག་གནས་སོ་སོའི་བྱ་བར་དངོས་སུ་སྐུལ་འདེད་བཏང་སྟེ་འགན་འཁུར་ཁྱབ་ཁོངས་ཀྱི་འགན་འཁུར་བློ་མཐུན་རྣམས་ཀྱིས་མང་ཚོགས་ཀྱི“བྲལ་དཀའ་སྡུག་སྨོན”གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ་དམ་ནན་མཐར་ཕྱིན་རྣམ་པའི་འོག་ཏུ་སྣེ་ཁྲིད་བྱ་བའི་རྣམ་པ་ཆགས་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ཀྱིས་ཁུར་ནས《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བཅའ་ཁྲིམས》དང《རྒྱལ་ཁབ་སྤྱི་གླིང་བཅའ་ཁྲིམས》ལག་བསྟར་ནན་མོ་བྱེད་དགོས། བདེ་འཇགས་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་སོགས་ཀྱི་དཔྱད་ཞིབ་གྲ་སྒྲིག་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་པ་དང་། དཔྱད་ཞིབ་སྐར་གྲངས་དཔྱད་བསྡུར་གྱི་ཚད་གཞི་དང་འབྲེལ་ཡོད་བླང་བྱར་དཔེ་སྡུར་བྱས་ནས་བྱ་བ་སོ་སོ་ཏན་ཏིག་སྒོས་ལེགས་པར་སྒྲུབ་དགོས། བྱ་བའི་འཕེལ་རིམ་ལས་གཞི་སོ་སོ་ལེགས་སྒྲིག་དང་ཆད་ལྷག་ཞིབ་བཤེར་གསབ་པ། དཔྱད་གཞིའི་རྩིས་ཐོ་དུས་ཐོག་ཏུ་འཐུས་ཚང་དུ་བཏང་སྟེ་རྩིས་ཐོའི་དཔྱད་གཞི་ཚད་ལྡན་ཆ་ཚང་དང་གྲངས་གཞི་དོན་དངོས་ཡང་དག གཏན་ཚིགས་གསལ་པོ་དང་རྗེས་འདེད་ཐུབ་པའི་འགན་ལེན་བྱས་ཏེ་མཚོ་བྱང་ཁུལ་གྱི་བྱ་བའི་ཕན་འབྲས་ཁྱོན་ཡོངས་ནས་མངོན་པར་བྱེད་དགོས། སང་ལོའི་བྱ་བར་འཆར་འགོད་གཏིང་ཟབ་བྱས་ཏེ“གྲོང་ཁྱེརCཡི་མནའ་འབྲེལ”བྱེད་སྒོ་དང་བོད་རིགས་རང་སྐྱོང་ཁུལ་བཅུའི་ཁུལ་དཔོན་མཉམ་འབྲེལ་ཚོགས་འདུ།“གནས་སྐོར་འཕེལ་རྒྱས་ཚོགས་འདུ”སོགས་གཙོ་གནད་བྱ་བ་དང་བྱེད་སྒོ་གལ་ཆེན་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱེད་དགོས་ཟེར།

ཚོགས་འདུའི་ཐོག《མཚོ་བྱང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་མེད་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག་སྐོར་གྱི་མཛུབ་སྟོན་སྙན་ཞུ》སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།


མཉམ་སྤྱོད།