དེ་རིང་ནི2025ལོའི་ཟླ12པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་ལས་འཛིན་པ་ཧྲིན་ཡན་ཧྥིན་འཁོར་དང་བཅས་པ་མཚོ་བྱང་ཁུལ་ལ་རྟོག་ཞིབ་ཏུ་ཕེབས།

2025-12-16 09:35:16   |   41

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས13ཉིན། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་ལས་འཛིན་པ་ཧྲིན་ཡན་ཧྥིན་འཁོར་དང་བཅས་པ་མཚོ་བྱང་ཁུལ་ལ་རྟོག་ཞིབ་ཏུ་ཕེབས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཕེབས་རོགས་གནང་ཞིང་། ཕྱོགས་གཉིས་ཀྱིས་ཁེ་ལས་དང་མཚོ་བྱང་གཉིས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་གསར་བརྗེའི་གཞི་རྒྱུ་མཉམ་དུ་བརྒྱུད་སྤེལ་བྱེད་པ་སོགས་ཀྱི་ལས་དོན་ཐད་བཞུགས་མོལ་གནང་།

1.jpg

བཞུགས་མོལ་སྐབས། ཧྲིན་ཡན་ཧྥིན་གྱིས་མཚོ་བྱང་ཁུལ་གྱིས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་དང་། དེ་བཞིན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱབ་ཁོངས་ནང་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་སྟེ་ཁོས་བསྟན་དོན། ཐེངས་འདིར་མཚོ་བྱང་དུ་ཡོང་བ་ནི་རྩ་བ་འཚོལ་ཞིབ་ཀྱི་འགྲུལ་བཞུད་ཟབ་མོ་ཞིག་ཡིན་ལ། དངོས་སྒྲུབ་མཉམ་ལས་ཀྱི་ངོ་འཕྲད་གྲོས་མོལ་ཞིག་ཀྱང་ཡིན་པས། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་འདི་ནི་མགོ་རྩོམ་ས་གསར་པ་ཞིག་ཏུ་བརྩིས་ནས་མཚོ་བྱང་ཐོན་ཁུངས་ཀྱི་ལྷན་ནུས་དང་འཕེལ་རྒྱས་ཀྱི་འཆར་གཞི་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ནུས་རྒྱུ་གཙང་མ་དང་ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་རོགས་སྐྱོར། ཉིང་རྡུལ་བཟོ་ལས་ཐོན་རྫས་ཀྱི་དཔེ་དབྱིབས་ཞལ་འདེབས། 221རྟེན་གཞིའི་གནའ་ཤུལ་གྱི་ལོ་རྒྱུས་དཔྱད་ཡིག་སྔོག་འདོན། གསར་བརྗེའི་ཉམས་ཞིབ་སོགས་ཀྱི་ཐད་རོགས་རམ་དང་རྒྱབ་སྐྱོར་བྱས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དང་ཉིང་རྡུལ་བཟོ་ལས་ཀྱི་སྙིང་སྟོབས་ལ་དུས་རབས་གསར་པའི་སྐྱེས་སྟོབས་རྒྱས་པར་སྐུལ་འདེད་བཏང་སྟེ། མཚོ་བྱང་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་བར་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཁེ་ལས་དང་མཚོ་བྱང་གཉིས་གཉིས་ཕན་མཉམ་ཁེ་ཡོང་བར་བྱ་དགོས་ཟེར།

2.jpg

ཤ་བོ་སྐྱབས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ལྷག་པར་སྡེ་ཚོགས་ཀྱིས་རྡུལ་ཕྲན་མཁར་དྲན་གསོ་གླིང་གི་རྗེས་དྲན་ཚོམས་ཆེན་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ་དང་ཉིང་རྡུལ་བཟོ་ལས་ཀྱི་ཚན་རྩལ་ཁྱབ་གདལ་དཔེ་དབྱིབས་ཞལ་འདེབས་ཕུལ་བ་སོགས་ཀྱི་དགེ་ལས་ལ་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུས། ཁོས་བསྟན་དོན། མཚོ་བྱང་ཁུལ་ལ་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་དང་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ལྡན་ལ། ཀྲུང་དབྱང་དྲིལ་སྒྲོག་པུ་དང་ཕྱི་འབྲེལ་པུ། ཆིན་ཧྭ་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་གི་སྡེ་ཁག100ལྷག་གིས་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བ་དང་། ད་ལོ་ནས་བཟུང་། སྔ་རྗེས་སུ་མི་ཁྲི34ལྷག་གིས་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱས་པས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ས་གནས་ཀྱི་འཕེལ་རྒྱས་ཆེད་སྙིང་སྟོབས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད། ཀྲུང་གོའི་ཉིང་རྡུལ་བཟོ་ལས་སྡེ་ཚོགས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ལེགས་ཆར་བརྟེན་ནས་ནུས་རྒྱུ་གཙང་མ་དང་ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་རོགས་སྐྱོར། གསར་བརྗེའི་ཉམས་ཞིབ་དང་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སོགས་ཁྱབ་ཁོངས་སུ་སྔར་ལས་རྒྱ་ཆེ་བ་དང་གཏིང་ཟབ་པའི་མཉམ་ལས་བྱས་ཏེ། ཁེ་ལས་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་བསྩལ་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཟེར།

3.jpg

བཞུགས་མོལ་མཇུག་སྒྲིལ་རྗེས། ཧྲིན་ཡན་ཧྥིན་འཁོར་དང་བཅས་པས་སྔ་རྗེས་སུ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་དྲན་གསོ་གླིང་། དྲན་གསོ་རྡོ་རིང་། དེ་བཞིན་དེ་སྔའི221བཟོ་གྲྭའི་ཡན་ལག་བཟོ་གྲྭ་དང་པོ་དང་མདེལ་འཇོག་ས་ཚིགས། ས་འོག་བཀོད་འདོམས་ལྟེ་གནས་སོགས་ལ་ལྟ་སྐོར་བྱས། རྟོག་ཞིབ་ཚན་ཆུང་གིས་དྲན་གསོ་ཁང་དུ་རྩ་ཆེ་བའི་ལོ་རྒྱུས་ཀྱི་འདྲ་པར་དང་དངོས་པོའི་ལོ་རྒྱུས་དཔྱད་གཞིའི་སྟེང་རྒན་རབས་ཚན་རིག་ཞིབ་འཇུག་བྱ་བ་བྱེད་མཁན་གྱིས་གསེར་དངུལ་ཐང་རྩྭ་ཐང་དུ་མིང་གསང་ནས་དཀའ་སྤྱད་ལས་གཏོད་ཀྱི་གཡོ་འགུལ་ཆེ་བའི་ལོ་ཟླར་བསྐྱར་དྲན་བྱས་པར་མ་ཟད་ཁོ་ཚོའི་རྒྱལ་གཅེས་བརྩེ་སེམས་ལྷག་བསམ་ཟབ་མོ་ཚོར་ཐུབ་པ་བྱུང་། དྲན་གསོ་གླིང་གི་རྗེས་དྲན་ཚོམས་ཆེན་དང་དྲན་གསོ་རྡོ་རིང་གི་མདུན་དུ་རྟོག་ཞིབ་ཚན་ཆུང་གི་ཁོངས་མི་གཟབ་ནན་ངང་ཡར་འགྲེང་ནས་ཀྲུང་གོའི་ཉིང་རྡུལ་བྱ་གཞག་ཆེད་རང་སྲོག་བློས་བཏང་པའི་དཔའ་བོ་ཚོར་མྱ་ངན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་དང་འབྲེལ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་རླབས་ཆེན་སྟོབས་ཤུགས་ལ་ཐད་ཀར་མྱོང་རོལ་བྱས། བཟོ་གྲྭ་རྙིང་པ་དང་ཐོན་སྐྱེད་སྒྲིག་ཆས་བཟོ་ཁང་དུ་འབད་འཐབ་གཏམ་རྒྱུད་ལ་ཉན་ནས་ཉིང་རྡུལ་བཟོ་ལས་ལས་གཏོད་དེ་དཀའ་ངལ་ཆེ་ཞིང་ལས་སླ་མོ་ཞིག་མིན་པ་ཚོར་བྱུང་། རྟོག་ཞིབ་ཚོགས་པའི་ཁོངས་མིས་གསེར་དངུལ་ཐང་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་ཀྱི་འཁྲུངས་ཡུལ་ཡིན་ལ། དེ་ནི་ནམ་ཡང་སུབ་ཐབས་མེད་པའི་སྙིང་སྟོབས་ཀྱི་མཛད་རྗེས་རྡོ་རིང་ཞིག་ཡིན་པ་དང་། ཐེངས་འདིའི་མཚོ་བྱང་དུ་ཡོང་བ་འདིས་བརྗིད་ཉམས་ལྡན་པའི་འབད་འཐབ་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པར་མ་ཟད་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་འགན་འཁྲི་དང་ལས་འགན་དེ་བས་བརྟན་དུ་ཕྱིན་ཡོད།

ཁུལ་གྱི་མགོ་ཁྲིད་ཀྲང་ཐའོ་དང་། མདའ་བཞི་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཞུགས་ཡོད།


མཉམ་སྤྱོད།