དེ་རིང་ནི2024ལོའི་ཟླ09པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་བའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པེ་ཅིང་དུ་ཐོན།

2023-03-04 13:43:21   |   151

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། ཉིན་རེའི་གངས་ལྗོངས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


         སྲིད་གྲོས་སྐབས་བཅུ་བཞི་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུ་ལ་ཉེ་བའི་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་པེ་ཅིང་དུ་ཐོན། སྐབས་བཅུ་བཞི་བའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་བསྡོམས་པས་ཉི་ཤུ་ཡོད་པ་དང་། དེ་རྣམས་ནི་སོ་སོར་ལས་རིགས་མི་འདྲ་བ་བཅུ་བཞི་ནས་ཡོང་བ་ཡིན་ལ། དེའི་ཁྲོད་གསར་དུ་འགན་ཁུར་བའི་ཨུ་ཡོན་བཅུ་ཡོད།

༡.jpg

         ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་དང་། ལྔ་བཅུ་བཞི་སྔ་འཛིན་ཕྱི་གཏོད་ཀྱི་སྒོ་ནས་ལག་བསྟར་བྱེད་པའི་གནད་འགག་གི་ལོ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་བཅས་ཡིན། གྲོས་ཚོགས་ཀྱི་སྔོན་དུ། ཨུ་ཡོན་ཚོས་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་འབྲེལ་བའི་གནད་དོན་གཙོ་བོ་དང་དཀའ་གནད། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་གལ་ཆེན་ལ་དམིགས་ནས། གཞི་རིམ་དུ་སོང་ནས་རྟོག་ཞིབ་རྒྱ་ཆེར་བྱས་པ་དང་། གྲོས་གཞི་གྲ་སྒྲིག་ཞིབ་མོ་བྱས་པ་དང་ཚོགས་ཆེན་གྱི་གཏམ་བཤད་མ་ཡིག་བཟང་བོར་བྲིས་ནས། གྲོས་ཚོགས་བཟང་བོར་བསྡུ་བའི་ཐད་གྲ་སྒྲིག་བཟང་བོ་བྱས།

          རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཨི་ཁྲུང་རུང་གིས་བཤད་རྒྱུར། རྒྱལ་ཡོངས་ཚོགས་ཆེན་གཉིས་ནི་རྒྱལ་ཡོངས་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ངས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བར་དམིགས་ནས་གཏམ་བཤད་རྒྱུ་ཡིན་ལ། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་བཅངས་ནས་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། འགན་སྒྲུབ་ནན་མོ་བྱེད་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་རྒྱུ་ཡིན་ལ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྣང་བརྙན་བཟང་བོར་ངོམ་རྒྱུ་ཡིན་ཟེར།

         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་ཧེ་ཞིན་གྱིས་བསྟན་དོན། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གསར་བ་ཞིག་ཡིན་པའི་ཆ་ནས། འགན་འཁྲི་ཧ་ཅང་ལྕི་ལ་གཟི་བརྗིད་ལྡན་པས། རང་རྟོགས་སྒོས་ཚོགས་ཆེན་གྱི་གཅིག་གྱུར་དོ་དམ་དང་ལེན་བྱེད་པ་དང་། སློབ་སྦྱོང་དང་ཞིབ་འཇུག་ནན་མོ་བྱེད་པ། འགན་སྒྲུབ་ནན་མོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བར་ཚོགས་ཆེན་གྱི་གྲོས་རིམ་སྣ་ཚོགས་ཡོངས་འགྲུབ་བྱས་ནས། སྲིད་ཞུགས་སྲིད་གླེང་བྱེད་པའི་བྱ་བའི་ཁྲོད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར།

         ཨུ་ཡོན་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་བསྡུ་བའི་དུས་རབས་ཀྱི་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས། ཞིང་ཆེན་ཏང་ཨུའི་གྲོས་ཚོགས་སྐོར་གྱི་བཀོད་སྒྲིག་སྣ་ཚོགས་སྟེང་གཅིག་གྱུར་བྱེད་པ། རྒྱལ་དོན་གྱི་ཆེ་ཕྱོགས་དང་ཞིང་ཆེན་གྱི་དོན་དག་གལ་ཆེན་ཡིད་ལ་དམ་པོར་འཛིན་པ། རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་ཆེད་དུ་འགན་བསྟར་བྱེད་པའི་བརྩེ་སེམས་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་སྤོབས་པ་ཆེན་པོས་གྲོས་ཚོགས་ལ་བཟང་བོར་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བའི་ཐད་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།


མཉམ་སྤྱོད།