དེ་རིང་ནི2025ལོའི་ཟླ12པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་གྱི་འབྲེལ་ཡོད་ཐིང་དང་ཅུ། ཁེ་ལས་བཅས་སུ་ལས་དོན་སྦྲེལ་མཐུད་བྱེད་པར་ཕྱིན་པ།

2025-12-19 10:44:21   |   68

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུ་བཅས་དང་དེ་བཞིན་ཀྲུང་གོ་ཧྭ་ནེང་ཚོགས་པ་མཚོ་སྔོན་ཡན་ལག་སྤྱི་གཉེར། མཚོ་སྔོན་ཞིང་ཆེན་མ་འཇོག་ཚོགས་པ་བཅས་སུ་ཕྱིན་ཏེ་འགན་འཁུར་བློ་མཐུན་གཙོ་བོ་དང་བཞུགས་མོལ་སྤེལ་རེས་བྱས་ཤིང་འབྲེལ་མཐུད་ཟབ་ཏུ་བཏང་ནས་རྒྱབ་སྐྱོར་བརྩོན་ལེན་བྱས། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་ཧན་ཧྲི་གཉིས་ཀྱིས་ཕེབས་རོགས་བྱས།

1.jpg

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་དུ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཏུང་ཡུས་དབྱི་དང་མཉམ་དུ་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་དང་། གཙོ་གནད་ཞབས་ཞུ་འགན་ལེན། ལྟ་ཞིབ་ཚད་ལེན་གྱི་ཁྲིམས་འཛིན་ནུས་པ་འཛུགས་སྐྱོང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་ཁྲིམས་འཛིན། ལྟ་ཞིབ་ཚུར་ལེན་གྱི་གནད་དོན་སྣ་ཚོགས་དག་ཐེར་དང་དེ་བཞིན་སྐྱེ་ཁམས་ལས་བྱེད་པའི་སློབ་གླིང་འཛུགས་པ་སོགས་ལ་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཞིང་ཆེན་ནོར་སྲིད་ཐིང་དུ་ཐིང་གི་ཏང་ཙུའི་ཧྲུའུ་ཅི། ཐིང་ཀྲང་ཧྥེང་ཀྲི་ཀང་དང་ནོར་ཤུགས་རང་བཞིན་གྱི་སྤོ་སྒྱུར་གཏོང་སྤྲོད་དང་། ས་གནས་ཀྱི་སྤྱིར་བཏང་བུ་ལོན། ནོར་སྲིད་ཀྱི་ལས་རྗེས་དོ་དམ་སོགས་ལ་སྦྲེལ་མཐུད་བྱས། ཞིང་ཆེན་ས་གནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཅུ་རུ་ཅུ་ཀྲང་ཀྲང་ཀྲུང་ལེའང་དང་མཉམ་དུ་ས་གནས་དངུལ་རྩའི་ཏང་འཛུགས་སྐྱོང་ལས་དོན་དང་། དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། ས་གནས་ཀྱི་དངུལ་རྩའི་ཉེན་ཁ་སེལ་བ་སོགས་ཀྱི་ཐད་བྱེད་ཐབས་ཞིབ་འཇུག་བྱས། ཧྭ་ནེང་ཚོགས་པ་མཚོ་སྔོན་ཡན་ལག་སྤྱི་གཉེར་དུ། ཏང་ཨུའི་ཧྲུའུ་ཅི་ཏིང་ཁུན་དང་སྤྱི་ཁྱབ་ཅིང་ལི་ལི་ཨེར་ཀྲུང་དང་མཉམ་དུ་ལྗང་མདོག་ནུས་རྒྱུའི་གླིང་ཕྲན་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྦྲེལ་མཐུད་བྱས། ཞིང་ཆེན་མ་འཇོག་ཚོགས་པར་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཅིང་ལི་ཝང་ཀྲེན་ལིན་དང་མཉམ་དུ་གློག་བརྟེན་ཧ་ཡང་དབྱེ་འབྱེད་ཀྱི་ཐོན་སྐྱེད་བརྒྱུད་རིམ་གྱི་ལྗང་མདོག་གློག་ཐད་འདྲེན་དང་། ནུས་རྒྱུ་གཙང་མ་གསར་སྤེལ། ཐང་ཧུའུ་གློག་ཁང་གི་འཕྲུལ་ཚན་སྒྱུར་བཀོད། ས་ཁོངས་ནུས་རྒྱུ་འགན་ལེན་སོགས་ཀྱི་ཐད་ཐུན་མོང་གི་ངོས་འཛིན་བྱུང་ཡོད།

2.png

བཞུགས་མོལ་གནང་རིང་། ཀྲང་ཧྲིང་ཡོན་གྱིས་ཞིང་ཆེན་གྱི་ཐིང་དང་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ད་ལོའི་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་། ཁོང་གིས་བསྟན་དོན། མིག་སྔར་མཚོ་བྱང་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་གྱི་འཐབ་ཇུས་ནང་ཕྱོགས་ཡོངས་ནས་ཞུགས་བཞིན་ཡོད་པ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ངེས་གནས་དང་ལྗང་མདོག་འཕེལ་རྒྱས་ཀྱི་དགོས་མཁོར་གཞི་ཚུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་རིན་ཐང་མངོན་འགྱུར། རྣམ་གྲངས་གལ་ཆེན་གྱི་མ་དངུལ་འགན་ལེན། ལྗང་མདོག་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ། ནུས་རྒྱུ་གཙང་མའི་ཐོན་ལས་མ་འཇོག་སོགས་ཀྱི་ཐད་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཐོན་ཁུངས་བཀོད་སྒྲིག་དེ་བས་མང་བ་དགོས་མཁོ་ཆེན་པོ་ཡོད། ཞིང་ཆེན་ཐིང་དང་ཁེ་ལས་ཀྱིས་མཚོ་བྱང་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་མ་དངུལ་གྱི་རྒྱབ་སྐྱོར་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན། རྣམ་གྲངས་འཛུགས་སྐྲུན། དེ་བཞིན་ནུས་རྒྱུ་གསར་པའི་མ་འཇོག་སོགས་ཀྱི་ཐད་རྒྱབ་སྐྱོར་དེ་བས་མང་བ་བྱ་རྒྱུའི་རེ་བ་ཡོད། མཚོ་བྱང་ཁུལ་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཞིང་ཆེན་ཐད་གཏོགས་ཐིང་དང་ཅུ། དེ་བཞིན་ཁེ་ལས་ཀྱི་རོགས་རམ་འོག་ཁྱད་ལྡན་བྱེད་ཐབས་དང་ཉམས་མྱོང་དེ་བས་མང་བ་གསོག་རྒྱུའི་བརྩོན་ལེན་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན།

3.jpg

ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱི་འགན་འཁུར་བས་མཚོ་བྱང་གི་འཕེལ་རྒྱས་གྲུབ་འབྲས་དང་རྣམ་པ་བཟང་པོར་ཁས་ལེན་གང་ལེགས་གནང་བ་དང་། མཚོ་བྱང་ཁུལ་གྱིས་བཏོན་པའི་རེ་བར་རེ་རེ་བཞིན་ལན་བཏབ་པ་དང་འབྲེལ་མཛུབ་ཁྲིད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་གྱི་བསམ་འཆར་དང་གྲོས་མགོ་བཏོན། ཁོང་ཚོས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་མཚོ་བྱང་གི་གནས་བབ་གལ་ཆེན་ཡིན་ལ། ནུས་པ་མངོན་གསལ་དོད་པོ་ཡོད་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ་སྲིད་ཇུས་དང་། རྒྱུ་རྐྱེན་གཙོ་བོ། རྣམ་གྲངས། མ་དངུལ། མ་འཇོག་སོགས་ཀྱི་ཐད་རྒྱབ་སྐྱོར་ཧུར་ཐག་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

4.jpg

ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ནོར་སྲིད་ཅུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས་ཡོད།


མཉམ་སྤྱོད།