དེ་རིང་ནི2025ལོའི་ཟླ12པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

2025-12-25 15:35:36   |   93

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས111པ་གཙོ་སྐྱོང་བྱས་ཏེ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་། ཟླ12པའི་ཚེས8ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། འབྲེལ་ཡོད་ལས་དོན་གྱི་སྙན་ཞུ་ལ་ཉན་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་ལག་བསྟར་དོན་འཁྱོལ་བྱ་བ་བཀོད་སྒྲིག་བྱས།

1.jpg

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས2025ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། 2026ལོའི་གཙོ་གནད་ལས་འགན་ལ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བཅས་བྱས་ཡོད་ཅིང་། དུས་བབ་གསར་པའི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི“ངེས་པར་ལྔ”ཡི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ཡོད་ལ། ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་དང་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་མགྱོགས་མྱུར་གཅིག་གྱུར་ཡོང་བ་བྱས་ཏེ། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་། “མཚོ་བྱང་དངོས་སྒྲུབ”ཀྱི་བྱེད་ཐབས་དར་སྤེལ་ཤུགས་ཆེན་གཏོང་བ། གོ་སྐབས་དམ་འཛིན་དང་དངོས་སྒྲུབ་སྔོན་བརྩོན་བཅས་བྱས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཡག་པོ་ཞིག་འཛུགས་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཨུའི“བློ་ལ་བརྟན་པོར་ངེས་པ་གཅིག་དང་། བླང་བྱ་གཉིས། འགག་རྩའི་དུས་མཚམས་གསུམ། ཚད་གཞི་དེ་བས་མཐོ་བ་ལྔ”བཅས་ཀྱི་ལས་འགན་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མདོ་ལ་རིང་མོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”(འདེམས་སྒུག་ཁུལ)ཀྱི་སྐྱེ་ཁམས་རིན་ཐང་སྔོག་འདོན་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཞིབ་འཇུག་རིག་པ་དང་། གངས་འཁྱགས་ལུས་རྩལ། སྐྱེ་ཁམས་ཁམས་གསོ་སོགས་ལྗང་མདོག་ཐཱན་ཉུང་གི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་སྟེ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་དང་སྐྱེ་ཁམས་དཔལ་འབྱོར་གྱི་དཔེ་མཚོན་གཏོད་དགོས། ཁུལ་ཡོངས་ཀྱི་ས་འོག་ཚ་ནུས་ཐོན་ཁུངས་དང་གཏེར་ཆུའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ནས་མཚོ་སྔོན་གྱི“ཆུ་ཚན་གྲོང་ཁྱེར”གཏོད་དགོས། “སྨན་ཟས་གཉིས་ཀྱི་འབྱུང་ཁུངས་གཅིག་པའི”བདེ་ཐང་ཐོན་རྫས་གསར་སྤེལ་བྱས་ནས། “མཚོ་སྔོན་སྨན་ལྗོངས”ཀྱི་ཐོན་ལས་མིང་བྱང་གཏོད་དགོས། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུའི”འདུ་འགོད་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་མགྱོགས་སུ་བཏང་སྟེ། མཚོ་བྱང་ནས་དང་། པད་ཁ། བོད་ལུག ཆུ་འཁྱག་ཉ་སོགས་ཞིང་ཆེན་ཡོངས་སུ་འདེབས་འཛུགས་བྱེད་པའི་གཞི་ཁྱོན་མུ་མཐུད་ཆེ་རུ་བཏང་སྟེ་མཚོ་བྱང་ས་མཐོའི་གྲང་འདེབས་ལས་རིགས་རྒྱུན་མཐུད་ངང་མདུན་གྲལ་དུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།“ཞིང་ལས། ལུས་རྩལ། རིག་གནས། གནས་སྐོར། ཚོང་ལས”མཉམ་འདྲེས་གཏིང་ཟབ་བྱེད་ཚད་མགྱོགས་སུ་གཏོང་བ་དང་། རིག་གནས་གནས་སྐོར་ཐོན་ལས་ཀྱི“123”རྨང་གཞི་བརྟན་གཏོང་འདུ་འགོད་ལག་བསྟར་བྱེད་པ། “གསར་བརྗེའི་ཞིབ་འཇུག་སློབ་སྦྱོང+”ཡི་ནང་དོན་གཏིང་ཟབ་ཏུ་གཏོང་བ། མཚོ་སྔོན་པོའི་སྨོན་ལམ་མཐོན་པོ་དང་མདོ་ལ་རིང་མོའི་མེ་ལྷ་གངས་དཀར་སོགས་ལྟེ་བའི་མཛེས་ལྗོངས་ཁུལ་འབྲེལ་མཐུད་བྱེད་པ། དུས་ཚིགས་ཧྲིལ་པོའི་གནས་སྐོར་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ། “དག་སྣང་མཚོ་བྱང་། མདོག་ལྔའི་གཡང་ས”ཡི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི“གལ་ཆེན་གཉིས”དང“གསར་པ་གཉིས”ཀྱི་མ་འཇོག་ཁ་ཕྱོགས་ལ་དམ་པོར་དམིགས་ཏེ། “ཁག་གཅིག་གྲབས་གསོག་དང་། ཁག་གཅིག་ལས་མགོ་འཛུགས་པ། ཐོན་སྐྱེད་བྱེད་མགོ་ཚུགས་པ། ཁག་གཅིག་ལ་ཕན་འབྲས་ཐོན་པ”བཅས་ཀྱི་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་གཏིང་ཟབ་ཏུ་གཏོང་བ་དང་།“རླུང་འོད་མེ་ཆུ་གསོག་འཇོག་གཞི་གཅིག་ཅན”གྱི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རྐང་ཚ་ཡི་སྟོང་ཕུའུ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དང་དེ་བཞིན་ལྗང་མདོག་རྩིས་རྒྱག་ནུས་པའི་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས།

3.jpg

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། “དུས་ཚིགས་རེར་དབྱེ་ཞིབ་དང་། ཟླ་རེར་བཀོད་གཏོང་། གཟའ་འཁོར་རེར་ལྟ་ཞིབ་ཚད་ལེན་བཅས”ཀྱི་དཔལ་འབྱོར་འཁོར་རྒྱུག་བཀོད་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཙོ་གནད་དམིགས་ཚད་དང་། རྣམ་གྲངས་གལ་ཆེན། འགག་རྩའི་ཁེ་ལས་བཅས་ཀྱི་རྩིས་ཐོ་ཅན་གྱི་དོ་དམ་དང་འགུལ་རྣམ་རྗེས་འདེད་ལ་ཤུགས་སྣོན་བརྒྱབ་སྟེ། དམིགས་ཚད་ལས་འགན་ཁག་ལ་དུས་བཀག་ལྟར་སྐུལ་འདེད་དང་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ཁུལ་རིམ་པའི་མགོ་ཁྲིད་ཀྱི“1+10”དང“4+1+N”ཡི་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ། ས་ཁོངས་ལས་བརྒལ་བ་དང་སྡེ་ཚན་ལས་བརྒལ་བའི་ནུས་ཆེའི་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། འཐབ་ས་དང་པོའི་ལས་ཀའི་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་འགན་ལེན། སྤྱི་ཚོགས་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་ཧུར་ཐག་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

微信图片_2025-12-25_150342_343.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། 2026ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་དམངས་འཚོ་འགན་ལེན་ལས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ་དང་། “ཤ་ཚལ་སྒོང་གསུམ”གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བྱེད་པ། ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་དང་། འགྲིམ་འགྲུལ་ཟོག་འགྲེམ་ཤར་གཏོང་ཐུབ་པའི་འགན་ལེན་ཡག་པོ་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་ལས་དོན་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱེད་དགོས། རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྐྱོད་གསུམ”སོགས་དམངས་ཕན་བྱེད་སྒོ་ཧུར་ཐག་སྤེལ་ནས་གཟུགས་མེད་རིག་གནས་ཤུལ་བཞག་གིས་དཔྱིད་གསར་དུས་ཆེན་བསུ་བ་དང་། དམངས་སྲོལ་འགྲེམས་སྟོན། གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་ཚོང་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་ཞིབ་ཚགས་སྤེལ་ཏེ་བཀྲ་ཤིས་འཆམ་མཐུན་གྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ཏེ། སྒྲིག་འགལ་ངང་ཟ་འཐུང་དང་སྒྲིག་འགལ་ངང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་སོགས་ཀྱི་གནད་དོན་ཞིབ་བཤེར་ནན་པོ་བྱས་ནས“སྤྱོད་ཚུལ་བཞི”བསྐྱར་དུ་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ཏང་སྲིད་ལས་ཁུངས་ཀྱིས་འཚོ་བ་གྲོན་ཆུང་རོལ་བ་མཐའ་འཁྱོངས་དང་། ཧུར་བརྩོན་གྲོན་ཆུང་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། ཚོགས་འདུའི་ཡིག་ཆ་རྒྱུན་མཐུད་ཁུ་བསྡུ་དང་ལྟ་ཞིབ་དཔྱད་ཞིབ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།


མཉམ་སྤྱོད།