དེ་རིང་ནི2025ལོའི་ཟླ12པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ།

2025-12-26 14:17:58   |   126

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས24ཉིན། མཚོ་བྱང་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་གོམ་སྟབས་རྗེས་མའི་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པ་ལིག་ཡུས་པིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་རྩ་འཛུགས་པུ་ཡི་པུ་ཀྲང་སི་ཅི་ཧྲེང་བཅས་ཚོགས་འདུར་ཞུགས།

01.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་འཁྲུངས་ཡུལ་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གཟིགས་ཞིབ་གནང་སའི་ས་ཆ་ཡིན་པའི་ཆབ་སྲིད་ཀྱི་གཟི་བརྗིད་ལ་བརྟེན་ནས་འགན་འཁྲི་དོན་འཁྱོལ་དང་འགན་འཁུར་དངོས་སྒྲུབ་ལ་སྐུལ་ལྕག་བྱེད་དགོས་ཤིང་། གཟུགས་ལྡན་ཚོར་ལྡན་ཕན་ལྡན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་བཏང་སྟེ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ་མིག་དཔེ་སྟོན་དགོས་ཏེ།  གཅིག་ནས་བསམ་བློའི་སྣེ་ཁྲིད་གཏིང་ཟབ་ཏུ་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་གཅིག་མཐུན་ཚོགས་པའི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས།  ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས“ངེས་པར་བཅུ་གཉིས”ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། བསམ་བློའི་རྨང་གཞི་སྲ་བརྟན་དང་རྩ་འཛུགས་མགོ་ཁྲིད་སྲ་བརྟན་གྱི་ཐོག་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྣེ་ཁྲིད་བྱེད་དགོས། གཉིས་ནས་རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཆེ་རུ་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་།  “མཚོ་བོད་ལྕགས་ལམ”གྱི་སྙིང་སྟོབས། “ཡོམ་འགོག་གེགས་སེལ”གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བྱས་ཏེ། མཚོ་བྱང་གི་གནའ་མཁར་དང་གནའ་ཤུལ། མཚོ་སྔོན་པོའི་འབྲོག་ལས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོད་མི་རིགས་སོ་སོའི་མང་ཚོགས་ཀྱི“མོས་མཐུན་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།   གསུམ་ནས་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། "འགུལ་སྐྱོད་བཅུ"ལག་བསྟར་ཡག་པོ་བྱས་ཏེ་སྣ་མང་ལས་སྟེགས་གཏོད་པ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བརྒྱུད་དེ་མི་རིགས་སོ་སོའི་བར་མཐོངས་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་མཉམ་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ"མི་རིགས་སོ་སོ་སེ་འབྲུ་ལྟར་དམ་པོར་འཁྱུད་པ"དེ་གསོན་ཉམས་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས། བཞི་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོའི་ནང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ཁྲོད་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བ་ཆེ་རུ་གཏོང་དགོས། ལྔ་ནས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་སྤྱི་ཚོགས་ཡུན་རིང་བདེ་འཇགས་ཡོང་རྒྱུར་སྲུང་སྐྱོང་བྱེད་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཁྲིམས་ལྟར་མི་རིགས་ཆོས་ལུགས་བྱ་བ་བཅོས་སྐྱོང་བྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། "དཔེ་བཟང་དགོན་སྡེ"དང"གསར་བརྗེའི་དགོན་སྡེ"འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། "མཐུན་སྒྲིལ་གྱིས་དགོན་སྡེ་གཏོད་པའི"ཉམས་མྱོང་དང་བྱེད་ཐབས་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། མི་རིགས་ཆོས་ལུགས་བྱ་བའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དྲུག་ནས་ཏང་གི་མགོ་ཁྲིད་སྟོབས་ལྡན་དུ་གཏོང་བའི་ཐད་ཡང་བསྐྱར་ཤུགས་བསྣན་ནས་བྱ་བའི་འགན་འཁྲིའི་སྦྲེལ་ཐག་ནན་དུ་གཏོང་དགོས ཐོག་མཐའ་བར་གསུམ་དུ་ཏང་གི་མགོ་ཁྲིད་དེ་མི་རིགས་བྱ་བའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་ཁྱབ་པར་བྱས་ནས་བྱ་བའི་ལམ་སྲོལ་གསར་གཏོད་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ལས་འགན་སོ་སོ་ཁུལ་ཡོངས་ཀྱི་ལས་རིགས་སོ་སོ་དང་ས་གནས་སོ་སོ། སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་བཅས་སུ་ཇི་མ་ཇི་བཞིན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས་ཟེར།

02.jpg

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དཔེ་སྟོན་ཁུལ་གསར་སྐྲུན་གྱི་གྲུབ་འབྲས་སྔར་ལས་གཏིང་ཟབ་དང་རྒྱ་ཆེར་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་བྱ་བའི་ཁྲོད་ཀྱི་ཉམས་མྱོང་དང་བྱེད་སྟངས་དང་བཀྲག་མདངས་འཚེར་ས་སྔོག་འདོན་ཞིབ་ཕྲ་བྱས་ཏེ། ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དངོས་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ལེན་རྒྱུར་སྐུལ་འདེད་བཏང་སྟེ། མཚོ་བྱང་གི་ཁྱད་ཆོས་མངོན་གསལ་ལྡན་པ་དང་གཞི་རྟེན་གཟུགས་ཅན། མང་ཚོགས་ལ་ཚོར་བ་ལྡན་པ། ལག་ལེན་ནུས་ལྡན་བཅས་ཀྱི་བྱ་བའི་སྒྲིག་སྲོལ་ཆགས་སུ་བཅུག་ནས། ཆུ་ཚད་མཐོ་བའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་དང་།   “ལྔ་བཅུ་བཞི”སྤུས་ཚད་མཐོན་པོའི་སྒོ་ནས་མཇུག་སྒྲིལ་བ་དང“ལྔ་བཅོ་ལྔའི”མགོ་ཡག་པོར་རྩོམ་རྒྱུར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་བྱང་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།

03.jpg

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། མདའ་བཞི་རྫོང་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱི2025ལོའི་བྱ་བའི་སྙན་ཞུར་ཉན།

04.jpg

འབྲེལ་ཡོད་ཁུལ་གྱི་མགོ་ཁྲིད་དང་། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།