དེ་རིང་ནི2025ལོའི་ཟླ12པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་དང་འབྲེལ་དུས་ཆེན་གོང་གི་ཐུན་མོང་སྲིད་གཙང་གི་ཁ་བརྡ་བྱས།

2025-12-29 11:53:21   |   79

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12པའི་ཚེས26ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཚན་འཁྲིད་པ་དང་འབྲེལ་དུས་ཆེན་གོང་གི་ཐུན་མོང་སྲིད་གཙང་གི་ཁ་བརྡ་བྱས།

1.jpg

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཏེ། བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་། གནོད་འཚེ་དང་གནོད་འཚེའི་འབྱུང་རྐྱེན་གསལ་རྟོགས་བྱེད་པ། དམ་འཛིན་བྱ་གཞི་ནུས་ལྡན་འཚོལ་བ། ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་བཅས་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱིས་དངོས་སུ་ཚོར་ཐུབ་པའི་དོན་དངོས་དང་། དོན་ཆེན། དོན་བཟང་བཅས་སུ་བསྒྱུར་ཏེ། དོན་དངོས་ཀྱི་བྱ་སྤྱོད་དང་དངོས་འབེབས་ཀྱི་ཕན་ནུས་སྟེང་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་དགོས།

2.jpg

ཀྲང་ཧྲིང་ཡོན་གྱིས་བླང་བྱ་བཏོན་དོན། མི་དམངས་གོང་དུ་བཀུར་བའི་རྩ་བའི་ཆབ་སྲིད་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་བརྟན་དུ་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་དང་ལས་འགན་བློ་ལ་བརྟན་པོར་ངེས་པ། ཆེད་དོན་བཅོས་སྒྲིག་བདུན་དང་དམངས་འཚོའི་བྱ་བ་དངོས་ཁག16ལ་མུ་མཐུད་དམ་པོར་དམིགས་པ། ཕྱོགས་ཡོངས་ནས་གྲལ་བཤེར་དང་། བཅོས་སྒྲིག་ནན་མོ། ཕྱོགས་མང་ལྟ་སྐུལ་མཐའ་འཁྱོངས། གྱོད་གཞིར་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ། འགན་འཁྲི་དོན་འཁྱོལ་དང་། བྱ་སྤྱོད་དག་ཐེར། བྱེད་ཐབས་ཞིབ་ཚགས་བཅས་བྱས་ཏེ། བྱ་བའི་ཁྲོད་ཀྱི་གནད་འགག་སེལ་དགོས། 

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་ཐོན་ལ་ཉེ། དུས་ཆེན་རིང་སྲིད་གཙང་གི་ཉེན་ཁ་འབྱུང་སླ་བས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་ངེས་པར་དུ་ཚད་མཐོའི་དོགས་ཟོན་དང་མཐའ་ཚད་བརྟན་པོར་སྲུང་དགོས། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས“ནད་རྙིང་འཕར་བ”དང་།“མངོན་མེད་གཞན་འགྱུར”དང་།“འགན་འཁྲི་གཞན་སྒྱུར”སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་དང་། སྲིད་གཞུང་གི་སྤྱིའི་ཡིད་རྟོན་ཤུགས་ལ་གནོད་པ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོར་གཏོར་བཤིག་གཏོང་བ་བཅས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་དོགས་ཟོན་བྱས་ཏེ“ནན་པོ”གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་ཆེན་གྱི་སྤྱོད་གཙང་རང་གཅུན་གྱི་སྒྲིག་ཁྲིམས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་དང་། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ། དུས་ཆེན་གྱི་རུལ་སུངས་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། དམར་ཐིག་ལ་མི་ཐུག་པ་དང་མཐའ་ཚད་ལས་མི་བརྒལ་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་དགོས། འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དར་སྤེལ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩ། རྣམ་གྲངས་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་སྲིད་གཙང་ཉེན་ཁ་ཡོངས་ནས་གྲལ་བཤེར་བྱེད་པ་དང་། སྔོན་འགོག་ཚོད་འཛིན་བྱེད་ཐབས་བཟོས་ནས་ལམ་སྲོལ་དང་དོ་དམ་གྱི་སྐྱོན་ཆ་ཏན་ཏིག་ངང་འགོག་དགོས། སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཟབ་ཞུགས། མང་ཚོགས་ཀྱི་བདེ་སྡུག་ལ་ཉན་པ། དཀའ་ངལ་ཡོད་པའི་མང་ཚོགས་དང་གཞི་རིམ་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བཅས་བྱས་ཏེ་དངོས་སྒྲུབ་སྤྱོད་ཚུལ་ལ་བརྟེན་ནས་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བྱེད་དགོས།

ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ་བཅས་དང་། ཁུལ་སྲིད་གཞུང་གི་སྡེ་ཁག་ཁག་དང་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་། རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་ཞིང་ཆེན་གྱི་ཁུལ་དུ་བཅའ་སྡོད་བྱས་པའི་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་མི140ལྷག་ཙམ་ཞུགས་ཡོད། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་ཚོགས་འདུར་ཕེབས་ནས་མཛུབ་ཁྲིད་གནང་།


མཉམ་སྤྱོད།