དེ་རིང་ནི2026ལོའི་ཟླ01པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་མཇལ་འཛོམས་གནང་བ།

2026-01-05 14:49:48   |   126

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།  ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpeg

ཟླ1པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་མཇལ་འཛོམས་གནང་བ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་པེ་ཅིང་ནས་ཟླ1པའི་ཚེས5ཉིན་འབྱོར་བའི་གློག་འཕྲིན། ཟླ1པའི་ཚེས5ཉིན་གྱི་སྔ་དྲོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨིར་ལན་གཉིས་ཀ་ཞི་བདེ་དང་། སྒོ་དབྱེ་ཁོང་ཡངས། རང་ཚུགས་ཡར་བརྩོན་བཅས་ལ་དགའ་པོ་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་འཐབ་རྩོད་བྱས་པ་བརྒྱུད་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་ཐོབ་པ་དང་མི་རབས་དུ་མར་མུ་མཐུད་འབད་འཐབ་བྱེད་པར་བརྟེན་ནས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་ཡོད། 2012ལོར། རྒྱལ་ཁབ་གཉིས་པོས་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ཚུན་ཏུ། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལྡབ་གཉིས་འཕར་བ་དང་། ཕན་ཚུན་མ་འཇོག་དོ་སྙོམས་ངང་འཕེལ་རྒྱས་ཕྱིན་པ། རྒྱལ་ཁབ་གཉིས་པོའི་མི་དམངས་ཕྱོགས་གཉིས་པོར་བསྐྱོད་དེ་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་ནི་ཀྲུང་ཨེའི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྩ་ཆེའི་ཉམས་མྱོང་ཞིག་ཡིན་པས་ཕྱོགས་གཉིས་པོས་ཐུན་མོང་ཐོག་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་སྒུལ་ཤུགས་སྣོན་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་ཨེར་ཕྱོགས་གཉིས་པོས་རིམ་པ་མང་བ་དང་ཁྱབ་ཁོངས་མང་བའི་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ། འབྲེལ་གཏུག་དང་རྒྱུས་ལོན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བྱེད་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་བརྟན་དུ་གཏོང་བ་བཅས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ད་ལོ་ནི་ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ་”མགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨིར་ལན་ཕྱོགས་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཐབས་རིག་ནུས་དང་། གྲངས་འཛིན་དཔལ་འབྱོར། སྨན་རྫས་བདེ་ཐང་སོགས་ཁྱབ་ཁོངས་སུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ། ཕྱོགས་གཉིས་པོའི་མ་འཇོག་ལ་སྐུལ་འདེད་གཏོང་བ་དང་ལེགས་ཆ་གསབ་རེས་དང་། གོ་སྐབས་མཉམ་སྤྱོད། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱེད་འདོད་ཡོད་ཅེས་གསུངས་པ་དང་། ཕྱོགས་གཉིས་པོས་སློབ་གསོ་དང་། རིག་གནས། གནས་སྐོར་བཅས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་སྟེ་ཨིར་ལན་གྱི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་སློབ་སྦྱོང་དང་སྤེལ་རེས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ཟང་ཟིང་དུ་གྱུར་ནས་ཕྱོགས་རྐྱང་པའི་བཙན་དབང་བྱ་སྤྱོད་ཀྱིས་རྒྱལ་སྤྱིའི་སྒྲིག་ལམ་ལ་ཕོག་ཐུག་ཚབས་ཆེན་བཏང་ཡོད། རྒྱལ་ཁབ་ཁག་ཚང་མས་རྒྱལ་ཁབ་གཞན་གྱི་མི་དམངས་ཀྱིས་རང་བདག་ངང་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ལ་བརྩི་འཇོག་དང་རྒྱལ་སྤྱིའི་བཅའ་ཁྲིམས་དང་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་བྱེད་དགོས་པ་དང་། རྒྱལ་ཁབ་ཆེན་པོས་དེ་བས་སྣེ་ཁྲིད་བྱེད་དགོས་ཞེས་གསུངས་པ་རེད། ཀྲུང་གོ་དང་ཨིར་ལན་གཉིས་ཀས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དར་སྤེལ་གཏོང་བ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་ཕུགས་ལ་དམིགས་ཏེ་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་དང་། མི་མཐུན་པའི་ཕྱོགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དེ་ཐག་གཅོད་བྱེད་པ། མཉམ་ལས་གཉིས་ཕན་མཐའ་འཁྱོངས་བཅས་བྱེད་དགོས། ཨིར་ལན་གྱིས་ལོ་སྨད་དུ་ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་བདེ་བརྟན་ངང་འཕེལ་རྒྱས་འགྲོ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

02.jpeg

ཟླ1པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཨིར་ལན་གྱི་ཙུང་ལི་མ་ཏིང་དང་མཇལ་འཛོམས་གནང་བ་རེད།

མ་ཏིང་གིས་ཨིར་ལན་དང་ཀྲུང་གོར་ཡུན་རིང་གི་མཛའ་བརྩེ་ཟབ་མོ་ལྡན་པ་དང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། 2012ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲུབ་འབྲས་ཐོབ་པའི་ངང་འཚམས་འདྲི་གནང་ནས་ཉེ་བའི་ལོ་ཤས་རིང་ཨེ་ཀྲུང་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོས་གྲུབ་འབྲས་གཟེངས་སུ་ཐོན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་འཐབ་ཇུས་གཏན་འབེབས་དང་ལག་བསྟར་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་པས་མི་རྣམས་ཀྱིས་ཡིད་སྨོན་བྱེད་འོས་པ་ཞིག་རེད། ཨིར་ལན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས་ཀྲུང་གོ་ཕྱོགས་དང་ཚོང་དོན་དང་། མ་འཇོག ཚན་རྩལ། སྐྱེ་དངོས་སྨན་རྫས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ། མིས་བཟོས་རིག་ནུས། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་བྱེད་འདོད་ཡོད་ཅེས་གསུངས་པ་རེད། རྒྱལ་སྤྱིའི་ལས་དོན་ཁྲོད། ཀྲུང་གོས་མེད་དུ་མི་རུང་བའི་ནུས་པ་གལ་ཆེན་བཏོན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་སྲུང་སྐྱོང་དང་འཛམ་གླིང་གི་ཞི་བདེར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། རྒྱལ་སྤྱིའི་རྩོད་གཞི་གང་ཞིག་ཐག་གཅོད་བྱེད་སྐབས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་དགོས། ཨིར་ལན་གྱིས་ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་། རང་མོས་སྒོ་དབྱེའི་ཚོང་དོན་མཐའ་འཁྱོངས་བཅས་བྱས་ནས་འཛམ་གླིང་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད། ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་པས་ཨིར་ལན་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བདེ་བརྟན་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།


མཉམ་སྤྱོད།