དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ།

2026-01-06 11:48:57   |   119

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།    ཞིན་ཧྭ་དྲ་བ།   བཤེར་འབེབས།    རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པའི་ཚེས5ཉིན་འབྱོར་བའི་གློག་འཕྲིན། ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད།

01.jpg

ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ལིའུ་པིན་གྱིས་པར་བླངས།

ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་ལོ་གསར་གྱི་སྨོན་འདུན་ཞུས་བ་དང་། ཁོང་གིས་བསྟན་དོན། ང་དང་ཙུང་ཐུང་ལི་ཙའེ་མིང་གཉིས་ཐུག་འཕྲད་ཐེངས་གཉིས་བྱས་པ་དང་འབྲེལ་ཕན་ཚུན་འཚམས་འདྲི་བྱས་པ་དེ་ཐོག་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བར་མཐོང་ཆེན་བྱེད་པ་མཚོན་ཡོད། གྲོགས་པོ་དང་ཁྱིམ་མཚེས་ཡིན་པའི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གཉིས་པོས་འགྲོ་འོང་མང་ཙམ་དང་། འབྲེལ་གཏུག་ཧུར་ཐག་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་དུ་བཞག་ནས་ལྷོ་ཁོ་རེ་ཡའི་སྲིད་ཇུས་ལ་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡའི་ཕྱོགས་དང་མཉམ་དུ་མཛའ་གྲོགས་མཉམ་ལས་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་གཉིས་ཁེ་གཉིས་ཕན་གྱི་དམིགས་ཡུལ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བདེ་བརྟན་གྱི་ལམ་དུ་སྐྱོད་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ། ས་ཁུལ་དང་ཐ་ན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོར“མཐུན་པ་ཡོང་ཐབས”དང“མཐུན་ཡང་མི་འདྲ་བ”མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཧེ་བག་ལས་བརྒལ་ཏེ་ཕན་ཚུན་རྒྱབ་སྐྱོར་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་དགོས། ཕྱོགས་གཉིས་པོས་སྲོལ་རྒྱུན་བཟང་པོ་དེ་རྒྱུན་མཐུད་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རང་སོ་སོས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ལྟ་རྟོག་བྱེད་པ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་མི་མཐུན་ས་ཐག་གཅོད་འོས་འཚམ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ལ་གྲོས་འཆམ་བྱུང་སྟེ། མ་འོངས་པའི་ལོ་ལྔའི་རིང་གི་ཀྲུང་གོའི་འཕེལ་རྒྱས་ལ་འཆར་གཞི་བཀོད་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་ལའང་རྒྱ་ཆེ་བའི་གོ་སྐབས་འདོན་སྤྲོད་བྱས་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་དཔལ་འབྱོར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཕན་ཚུན་འབྲེལ་བ་ཟབ་མོ་ཡོད་པ། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་གི་ཁེ་ཕན་གྱི་བག་ལེབ་ཆེ་རུ་བཏང་ནས་མི་ཐབས་རིག་ནུས་དང་། ལྗང་མདོག་ཐོན་ལས། དབུ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་སུ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་གཏོད་དགོས། ཕྱོགས་གཉིས་པོས་མི་སྣ་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་དང་། སྨྱན་སྦྱོར། ལུས་རྩལ། རིག་མཛོད། ས་གནས་སོགས་ཐད་ཀྱི་འགྲོ་འོང་བྱས་ཏེ་དྲང་ཕྱོགས་ནས་དོན་བརྗོད་བྱ་རྒྱུ་དེ་དམངས་ཀྱི་འདོད་བློའི་གཙོ་རྒྱུགས་སུ་འགྱུར་བ་བྱེད་དགོས།

ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྤྱིའི་དུས་བབ་སྔར་བས་ཟང་ཟིང་དུ་གྱུར་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡས་ས་ཁུལ་གྱི་ཞི་བདེ་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་བ་དང་ཕན་ཚུན་གྱི་ཁེ་ཕན་མང་པོ་འདྲེས་ནས་ཡོད་པས་བློ་བརྟན་འགྱུར་མེད་ངང་ཡང་དག་པའི་ཕྱོགས་སུ་ལངས་ནས་འཐབ་ཇུས་ཀྱི་གདམ་ག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། ལོ80ལྷག་ཙམ་གྱི་གོང་དུ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གཉིས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་པས་འཇར་པན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་རྒྱལ་ཁ་ཐོབ་པ་རེད། དེ་རིང་དེ་བས་ལག་གདང་སྦྲེལ་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་བྱས་ཏེ། ཨེ་ཤེ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་པ་ཐོབ་མཁན་ཞིག་ཡིན་པའི་ཀྲུང་གོ་དང་ལྷོ་ཁོ་རེ་ཡས་ཐུན་མོང་ཐོག་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་། ཕྱོགས་མང་རིང་ལུགས་ལག་བསྟར་བྱས་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་པ་རེད།

ལི་ཙའེ་མིང་གིས་ཀྲུང་གོ་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས་བསྟན་དོན། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོས་འཇར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ཐུན་མོང་ཐོག་འགོག་རྒོལ་བྱེད་མྱོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ལྷོ་ཁོ་རེ་ཡའིའི་རང་བཙན་ལས་འགུལ་གྱི་གནས་རྙིང་པར་སྲུང་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་ཆགས་པར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལོ་གསར་པའི་གཙོ་བདག་གི་ཕྱི་འབྲེལ་ཐེངས་དང་པོ་གོ་སྐབས་སུ་བྱས་ཏེ་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་ཕྱོགས་ཡོངས་ནས་སླར་གསོའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་གསུངས་པ་རེད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱས་ནས་ཀྲུང་གོ་གཅིག་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་གསུངས་ཤིང་། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ལྷོ་ཁོ་རེ་ཡའི་ཕྱོགས་ཀྱིས་ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་ལས་བྱུང་བའི་གོ་སྐབས་དམ་འཛིན་བྱས་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་པོས་རྒྱལ་དམངས་སྤེལ་རེས་ལ་སྐུལ་འདེད་བཏང་ནས་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། ལྷོ་ཁོ་རེ་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད། ཀྲུང་གོས་གཙོ་གཉེར་བྱས་པའི་ད་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

02.jpg

ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་གཡོད་གཡོད་ཝུའེ་ཡིས་པར་བླངས།

གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཚན་རྩལ་གསར་གཏོད་དང་། སྐྱེ་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ15ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད།

333.jpg

ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། གྲོས་མོལ་གནང་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ལི་ཙའེ་མིང་དང་སྐུ་ཟླ་ཅིན་ཧུའེ་ཅིང་དང་ལྷན་དུ་སྐུ་པར་བསྐྱོན་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤེ་ཧོན་ཁྲེ་ཡིས་པར་བླངས།

04.jpg

ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ལི་ཙའེ་མིང་ལ་བསུ་མ་བྱེད་པའི་མཛད་སྒོ་སྤེལ་བ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲེ་ཅན་ལན་གྱིས་པར་བླངས།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལི་ཙའེ་མིང་དང་སྐུ་ཟླ་ཅིན་ཧུའེ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

05.jpg

ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལི་ཙའེ་མིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧྲིན་ཧོང་གིས་པར་བླངས།

གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལི་ཙའེ་མིང་དང་སྐུ་ཟླ་ཅིན་ཧུའེ་ཅིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

06.jpg

ཟླ1པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་གྲོས་མོལ་གནང་བ་རེད། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ལི་ཙའེ་མིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཤེ་ཧོང་ཁྲེ་ཡིས་པར་བླངས།

ལི་ཙའེ་མིང་འབྱོར་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་པ་དང་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ལི་ཙའེ་མིང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་པ་རེད།

ཉིན་དེའི་དགོང་མོ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ལི་ཙའེ་མིང་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་གནང་བ་རེད།

ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།


མཉམ་སྤྱོད།