དེ་རིང་ནི2026ལོའི་ཟླ01པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ་དང་ཝུའུ་ཞའོ་ཅུན་གྱིས་གཙོ་སྐྱོང་གནང་བ།

2026-01-07 08:48:03   |   58

སྒྲིག་སྒྱུར། ཀླུ་མོ་མཚོ།  ཡོང་ཁུངས། མཚོ་སྔོན་ཉིན་རེར་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1ཚེས6ཉིན།  ཞིང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི2025ལོའི་ལོ་འཁོར་གྱི་ལས་དོན་སྙན་ཞུར་གསན་པ་དང་། ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་གནས་ཚུལ་ལ་གསན་ཞིང་། འབྲེལ་ཡོད་ལས་དོན་ལ་བཀོད་སྒྲིག་གནང་།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། ཏང་གིས“ཞིང་གསུམ”ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་སྤྱིའི་དམིགས་ཚད་གཏན་འཁེལ་བྱེད་པ། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་སྤྱིའི་གཞི་འཛིན་སར་བྱེད་པ། ཐོན་སྐྱེད་བརྟན་པོ་འགན་ལེན་དང་མཐའ་ཐིག་སྲུང་བ། ལས་ཞུགས་བརྟན་པོ། ཐོན་ལས་ཆེར་བསྐྱེད། ནུས་པ་མཐོར་འདེགས་བཅས་ཀྱི་ལས་དོན་ཁག་ཏན་ཏན་ཏན་ཏན་ཏན་ཏན་སྒོས་ལེགས་སྒྲུབ་བྱས་ཏེ། ཞིང་འབྲོག་པའི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་པའི་རྒྱུན་མཐུད་ཀྱི་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ།  ཞིང་ལས་དེང་རབས་ཅན་གྱི་ཐོན་ལས་ཆེན་པོ་བསྐྲུན་རྒྱུར་འབད་བརྩོན་བྱས་ཏེ།     ཞིང་འབྲོག་པའི་འཚོ་བ་སྔར་བས་ཕྱུག་པོ་དང་བདེ་སྐྱིད་ལྡན་པར་བྱེད་དགོས་པ་བསྟན།    

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤེལ་བའི2026ལོའི་ལོ་གསར་གྱི་ཤིས་ཚིག་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་གསར་ཇ་སྟོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནི་བརྩེ་སེམས་ཟབ་མོ་དང་ཡིད་ཆེས་བརྟན་པོ། མི་སེམས་འགུལ་བ་བཅས་ཀྱི་ཐོག་ནས་གསུངས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པར་མྱོང་ཚོར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་འཛིན་པའི་འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་བརྟན་པོ་ཆུད་པ། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་ཏང་དང་དཔོན་རིགས་དོ་དམ་ནན་པོ་བྱས་ཏེ། ངར་སྐྱོད་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་བསྡུ་རུབ་བྱས་ནས། སྟོབས་ཤུགས་སྔར་ལས་ཆེ་བ་དང་སྤྱོད་ཚུལ་སྔར་ལས་ཏན་ཏིག་ལ་བརྟེན་ནས་མགོ་ལེགས་པོར་རྩོམ་པ་དང་གོམ་པ་ཡག་པོར་སྤོ་དགོས་ཞེས་ནན་གྱིས་བསྟན།   

ཚོགས་འདུའི་ཐོག་རྒྱལ་ཡོངས་ཀྱི་ས་གནས་ཕྱི་དོན་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱས་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། མཚོ་སྔོན་གྱིས་སྐར་ཁུང་བྱས་ནས་ཕྱི་ཕྱོགས་སུ་ཀྲུང་གོ་གུང་ཁྲན་ཏང་གིས་སྐྱེ་ཁམས་སྲུང་སྐྱོབདང་། ནུས་རྒྱུ་གཙང་མ། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་སོགས་ཁྱབ་ཁོངས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ཡག་པོར་བཤད་པ་དང་། དཔལ་འབྱོར་ཚོང་དོན་འགྲོ་འོང་སྔར་བས་གཏིང་ཟབ་ཏུ་གཏོང་བ། དམངས་ཁྲོད་སྤེལ་རེས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོན་པོས་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་ཆུ་ཚད་ཆེ་རུ་གཏོང་བ  ཕྱི་འབྲེལ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་མཚོ་སྔོན་གྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན།

ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་རིང་ཞིང་ཆེན་དམངས་ཆེན་ཚོགས་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རེ་རེའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”མགོ་རྩོམ་པའི་ལོ་ཞིག་ཡིན་པས། ཏང་ཙུའུ་ཁག་གིས་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་དེ་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་ཁྱབ་པ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པར་དགོངས།

ཚོགས་འདུའི་ཐོག་ཞིང་ཨུའི་རྒྱུན་ཨུ་ཁག་གིས2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བྱེད་པོའི་འགན་འཁྲི་བསྒྲུབས་ཚུལ་གྱི་སྙན་ཞུར་ཡིག་ཐོག་ནས་གྲོས་ཞིབ་བྱས་པ་མ་ཟད། ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་ཀྱང་གནང་ཡོད། 


མཉམ་སྤྱོད།