དེ་རིང་ནི2026ལོའི་ཟླ01པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཚོགས་འདུར་གཙོ་སྐྱོང་གནང་བ།

2026-01-15 09:32:19   |   113

སྒྲིག་སྒྱུར།    སངས་དོན།     ཡོང་ཁུངས།   ཞིན་ཧྭ་གསར་འགྱུར་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpg

ཟླ1པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཏང་ཙུའི་ཧྲུའུ་ཅི་ལི་ཆང་གིས་པེ་ཅིང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཚོགས་འདུར་གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད། ཏིང་ཞུའེ་ཞང་ཚོགས་འདུར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ1པའི་ཚེས14ཉིན་འབྱོར་བའི་གློག་འཕྲིན། ཟླ1པའི་ཚེས14ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་དང་ཏང་ཙུའི་ཧྲུའུ་ཅི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཚོགས་འདུར་གཙོ་སྐྱོང་གནང་ནས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་འཐབ་ཇུས་བཀོད་སྒྲིག་གནང་བར་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་ཏང་ཙུའུ(ཏང་ཨུ་)ཡིས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པ། ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བླང་བྱ་དེ་སྲིད་གཞུང་གི་ལས་དོན་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བཅས་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཏང་ཙུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཚན་ཁག་གི་ཏང་ཙུའུ(ཏང་ཨུ)ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་ཏན་ཏིག་བྱས་པས་སྲིད་གཞུང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། ལོ་གསར་པའི་ནང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཆེ་རུ་གཏོང་བ་དང་། སྔར་ལས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ། བློ་བརྟན་འགྱུར་མེད་ཀྱིས་སྲིད་གཞུང་གི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅོ་ལྔ་པ་”མགོ་ཡག་པོ་ཞིག་རྩོམ་ཐུབ་པར་འགན་སྲུང་སྟོབས་ལྡན་འདོན་སྤྲོད་བྱ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་མཐའ་འཁྱོལ་བའི་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་བ། མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་དངོས་དོན་གྱིས་སྲིད་སྐྱོང་བྱས་རྗེས་འཇོག་པ་མཐའ་འཁྱོངས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་དང་ལག་བསྟར་བྱ་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱས་ཏེ། གཅུན་ནུས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་གཅུན་ཤུགས་སྔར་བས་དམ་པར་བྱས་ནས་རུལ་སུངས་སྐྱེ་འཕེལ་བྱེད་ས་རྩ་མེད་དུ་གཏོང་དགོས། རུལ་སུངས་དང་སྤྱོད་ཚུལ་མཉམ་དུ་ཞིབ་བཤེར་དང་མཉམ་དུ་བཅོས་སྐྱོང་བྱ་རྒྱུ་དམིགས་སུ་བཀར་ནས་དམ་འཛིན་ཡག་པོ་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྐྱོང་རྒྱུན་གཏན་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རུལ་སུངས་ཐོན་སླ་བ་དང་ཐོན་མང་བའི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས་རྩ་ལག་མཉམ་བཅོས་དང་ཆད་གཅོད་མཉམ་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་སྟེ་རུལ་སུངས་གསར་པ་དང་མངོན་མེད་རུལ་སུངས་ལ་དོགས་ཟོན་བྱ་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཡིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་བསྒྲུབས་ནས་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། སྲིད་འཛིན་གྱི་ཕན་ནུས་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། ཏང་ཙུའུ་ཡི་བློ་མཐུན་གྱིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ཡག་པོ་བྱས་ཏེ། ཏང་གཤིས་བློ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་པོ་དང་སྤྱོད་གཙང་གཞུང་དྲང་བྱ་དགོས།

ཏིང་ཞུའེ་ཞང་དང་། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་། ཝང་ཞའོ་ཧུང་། ཝུའུ་ཀྲེང་ལུང་། ཧྲིན་དབྱི་ཆིན་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།