དེ་རིང་ནི2026ལོའི་ཟླ01པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས“དུས་ཆེན་གཉིས”ལ་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

2026-01-21 14:54:06   |   279

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པོའི་ཚེས19ཉིན་ནས་ཚེས20ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སྔ་རྗེས་སུ་རྐང་ཚ་རྫོང་དང་མདའ་བཞི་རྫོང་། ཟི་ལིང་གྲོང་ཁྱེར་བཅས་སུ་ཕྱིན་ནས་ལས་བྲལ་དང་ལས་འཁྱུར་ངལ་གསོའི་ལས་བྱེད་རྒན་པ་དང་། ལས་འཁྱུར་སྡེ་བའི་ལས་བྱེད་པ། ཕུལ་བྱུང་ཏང་ཡོན། ངལ་རྩོལ་དཔེ་ལེགས་ཅན། རུ་འཁྱུར་དམག་མི། ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ་བཅས་ཀྱི་འཐུས་མིར་འཚམས་འདྲི་བྱས་པ་མ་ཟད། གཙོ་གནད་ཁེ་ལས་སུ་ཟབ་ཞུགས་བྱས་ནས་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལས་རིགས་སོ་སོའི་མི་སྣར་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བར་བླ་ན་མེད་པའི་གུས་འདུད་ཞུས་ཤིང་། གདན་ཐོག་གཅིག་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་དང་དེ་བཞིན་ལོ་གསར་བའི་ནང་གི་བྱ་བའི་བསམ་ཕྱོགས་ངོ་སྤྲོད་བྱས་པར་མ་ཟད་ཚང་མར་བཀྲ་ཤིས་པའི་སྨོན་འདུན་བཟང་པོ་ཞུས།

c1ac08b6a0d5ad1aea7265cf8bc3786d.jpg

ཤ་བོ་སྐྱབས་ཀྱིས་ཟི་ལིང་གྲོང་ཁྱེར་དུ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་དབྱང་ཧའེ་ལུང་དང་ཁུལ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ལ་ཞལ་མཇལ་གནང་བ་དང་། མདའ་བཞི་རྫོང་མཚོ་སྔོན་པོ་ཡུལ་ཚོ་མཐོན་པོ་སྡེ་བའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་འབུམ་གྱི་ཁྱིམ་དུ་དུས་ཆེན་གྱི་འཚམས་འདྲི་གནང་བར་ཕྱིན་ཏེ། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པས་གཟུགས་པོར་བདག་སྐྱོང་དང་ཁྱིམ་ཚང་འཆམ་མཐུན་བདེ་སྐྱིད་ཡོང་བའི་སྨོན་འདུན་སྙིང་ནས་ཞུས་ཤིང་། ཚང་མར་ནམ་རྒྱུན་ཁུལ་གྱི་ལས་བྱེད་རྒན་པའི་བྱེད་སྒོའི་ལྟེ་གནས་སུ་ཀྲི་པུའུ་ཡི་སློབ་སྦྱོང་དང་རིག་གནས་ལུས་རྩལ་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་བཏང་བ་དང་། མཚོ་བྱང་གི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྔར་རྒྱུན་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ། མང་ཚོགས་ཀྱི་རྨང་གཞི་ཟབ་པ་བཅས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་རྒྱུན་མཐུད་ངང་འདོན་སྤེལ་བྱས་ནས། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡང་བསྐྱར་ཐབས་འདོན་ཇུས་འབུལ་བྱེད་དགོས་ཟེར།

1fa8b36f5d211eab78917d2723e145b0.jpg

མདའ་བཞི་རྫོང་སྟོང་རྟ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཁུལ་རིམ་པའི་ངལ་རྩོལ་དཔེ་ལེགས་པ་ཉིའུ་ཧྲེང་ཡིའུ་དང་རུ་འཁྱུར་དམག་མི་ལིས་ཁྲེང་ཅིན་གྱི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་གཟིགས་སྐྱོང་གསོལ་ཐང་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་ཁྱིམ་དུ་གནས་པའི་དཀའ་ངལ་གྱི་གནད་དོན་ལ་རྒྱུས་ལོན་གནང་ནས། ཁོ་ཚོས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་དཔེ་ལེགས་ཀྱི་ལས་བཟོ་བ་དང་རུ་འཁྱུར་དམག་མིར་ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་རུ་འཁྱུར་དམག་མིའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ། དུས་རབས་གསར་པའི"མཚོ་བྱང་ལྔ"འཛུགས་སྐྲུན་ལ་དཔེ་སྟོན་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། ཁོ་ཚོའི་གཟུགས་པོར་བདག་སྐྱོང་བྱས་ཏེ་ཏང་དང་སྲིད་གཞུང་གི་བརྩེ་སེམས་དང་ཐུགས་ཁུར་བརྒྱུད་སྤྲོད་བྱེད་སྐབས་གཟི་བརྗིད་དང་གཏོང་ཁུངས་ཀྱི་སེམས་ཁམས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་པའི་མངགས་བཅོལ་གནང་།

707ef92dc1f9cf2b10e700c852293a6d.jpg

ནུབ་མཚོ་གྲོང་རྡལ་དུ། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཡིག་ཚགས་བཟོས་མེད་པའི་དཀའ་ངལ་ཡོད་པའི་ལས་བཟོ་བ་དང་། ནུབ་མཚོ་གྲོང་རྡལ་འགྲུལ་སྐྱེལ་ས་ཚིགས་ཀྱི་འགྲུལ་སྐྱེལ་ཁ་ལོ་བ། རྐང་ཚ་བྱང་ལམ་བཟོ་ཚོགས་ས་ཚིགས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བ། མཚོ་སྔོན་པོ་ཡུལ་ཚོའི་ནགས་རྩྭ་དོ་དམ་སྲུང་སྐྱོབ་ས་ཚིགས་ཀྱི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པ། ནུབ་མཚོའི་ཁྱིམ་གཞིས་ཀྱི་ཡིག་ཚགས་བཟོས་པའི་དཀའ་ངལ་ཡོད་པའི་ལས་བཟོ་བ་བཅས་ལ་གཅིག་སྡུད་ཐོག་འཚམས་འདྲི་གནང་ནས་ཁོ་ཚོའི་བྱ་བ་དང་འཚོ་བའི་ཁྲོད་གནས་པའི་དཀའ་གནད་ལ་འདྲི་རྟོགས་ཞིབ་ཕྲ་གནང་།  འཐབ་ས་དང་པོའི་ལས་སྒྲུབ་པར་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་དང་། ཁོར་ཡུག་བཅོས་སྐྱོང་། དམངས་ཕན་ཞབས་ཞུ་སོགས་ཀྱི་ལས་གནས་ཐོག་མུ་མཐུད་འབད་བརྩོན་བྱས་ཏེ་མཛེས་སྡུག་ལྡན་པའི་མཚོ་བྱང་འཛུགས་སྐྲུན་ལ་སྟོབས་ཤུགས་རྒྱུན་ཆད་མེད་པར་ལེགས་སྐྱེས་སུ་དབུལ་དགོས་པའི་མངགས་བཅོལ་གནང་། དོ་དམ་སྡེ་ཁག་ལ་དྲོད་སྲུང་དང་བགྲོད་བསྐྱོད། བཟའ་བཏུང་སོགས་ཞབས་ཞུའི་འགན་སྲུང་བྱ་བ་སོ་སོ་ཡག་པོ་བསྒྲུབས་ནས་འཐབ་ས་དང་པོའི་ལས་སྒྲུབ་མི་སྣའི་བྱ་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས་པ་དང་། རྒྱུན་ལྡན་གྱི་འཚོ་བར་སེམས་ཁུར་དང་དོ་ཁུར་བྱས་ཏེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཐབ་ས་དང་པོའི་ལས་སྒྲུབ་པར་བརྩི་འཇོག་དང་གཅེས་སྐྱོང་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།

044ef29de301c4f727faafc135ba4b9b.jpg

རྐང་ཚ་རྫོང་དུ་ཨ་ཡར་ཁུལ་གསར་སྤེལ་ཕྱིར་ཚོང་ཚད་ཡོད་སྤྱི་གཉེར་སོགས་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་ལས་སྣོན་གྱི་གཙོ་གནད་ཁེ་ལས་ལ་འཚམས་འདྲི་གནང་བ་དང་འབྲེལ་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་ཐོན་རྫས་མུ་མཐུད་གསར་སྤེལ་བྱེད་པ་དང་། ཐོན་ལས་སྦྲེལ་ཐག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་ནས་ནོར་གནག་གི་ཁུ་ལུ་སོགས་ཐོན་རྫས་ཕྱིར་གཏོང་གི་ལམ་བུ་རྒྱ་ཆེར་གཏོང་རྒྱུའི་རེ་བ་ཡོད་ཟེར།

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་དང་སངས་རྒྱས། ཀྲང་ཐའོ། ཚོ་ཅི་ཆང་དང་། དེ་བཞིན་རྐང་ཚ་རྫོང་དང་མདའ་བཞི་རྫོང་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་གནང་།


མཉམ་སྤྱོད།