དེ་རིང་ནི2026ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་གིས་ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པར་འཚམས་འདྲི་གནང་།

2026-01-31 16:39:13   |   340

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ1པོའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་ཟི་ལིང་དུ་ཏང་ཡོན་རྒན་པ་དང་བློ་མཐུན་རྒན་པར་འཚམས་འདྲི་གནང་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཁོང་ཚོར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་སྐྱེལ་ཞིང་། ལྷག་བསམ་ཟོལ་མེད་ཀྱིས་དུས་ཆེན་གྱི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས།

01.png

ལོ90ལ་སླེབས་པའི་ཁུལ་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་ཝང་ཏའོ་ཞིན་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་ཝང་ཀྲུང་ཧའེ་ཡི་ཁྱིམ་དུ། ཀྲང་ཧྥེང་གིས་བློ་མཐུན་རྒན་པ་དང་ཁ་བརྡ་བྱས་ཏེ། ཁོ་ཚོས་མཚོ་བྱང་དུ་འབད་འཐབ་བྱས་པའི་ལོ་ཟླའི་བརྒྱུད་རིམ་ལ་ཉན་པ་དང་། གཟུགས་པོ་གནས་ཚུལ་དང་འཚོ་སྡོད། ཞབས་ཞུའི་འགན་སྲུང་བཅས་ཀྱི་གནས་ཚུལ་ལ་བྱམས་བརྩེའི་སྒོ་ནས་འདྲི་རྩད་བྱས་ཏེ། ཁོ་ཚོས་མཚོ་བྱང་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་ནན་ཏན་གྱིས་ཉན་པར་མ་ཟད། སྙིང་ཐག་པ་ནས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་རྣམས་ནད་མེད་ཚེ་རིང་དང་ཁྱིམ་ཚང་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས། ཀྲང་ཧྥེང་གིས་བཤད་རྒྱུར། མཚོ་བྱང་ནི་གསར་བརྗེའི་གནས་མཆོག་དང་སྐྱེ་ཁམས་ཀྱི་གཤིན་ས། ཡར་བརྩོན་བྱེད་སའི་ས་ཆ་ཞིག་ཡིན་པས། དེ་རིང་གི་འཕེལ་རྒྱས་དང་གྲུབ་འབྲས་ལ་མི་རབས་ནས་མི་རབས་ཀྱི་བློ་མཐུན་རྒན་པ་ཚོའི་སེམས་ཤུགས་དང་བློ་གྲོས་ཕུལ་ཡོད་པ་དང་། བློ་མཐུན་རྒན་པ་ཚོའི་དཀའ་སྤྱད་འབད་བརྩོན་བྱས་པ་དང་རེ་བ་ཟབ་མོ་ཐེག་ཡོད། མཚོ་བྱང་འཕེལ་རྒྱས་ཀྱི“མཐུད་རྒྱུག་དབྱུག་པ”དང་ལེན་བྱས་པས། གཟི་བརྗིད་ཀྱི་ཚོར་བ་ཟབ་མོ་བྱུང་ཞིང་། འགན་འཁྲི་ཡང་ཧ་ཅང་གལ་ཆེན་ཡིན་པ་ཚོར་ཡོད། མ་འོངས་པའི་བྱ་བའི་ཁྲོད“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དེ། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་གྱི་ལེའུ་གསར་བ་འབྲི་རྒྱུ་ཡིན་ལ། བློ་མཐུན་རྒན་པ་ཚོས་སྔར་རྒྱུན་ལྟར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས། རྩ་ཆེའི་བསམ་འཆར་མང་ཙམ་འདོན་པ་དང་ཉམས་མྱོང་དང་བློ་གྲོས་མང་ཙམ་བརྒྱུད་སྤྲོད་བྱས་ཏེ། ཐུན་མོང་ཐོག་མཚོ་བྱང་ཁུལ་གྱི་བྱ་གཞག་སོ་སོ་སླར་ཡང་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་རོགས་འདེགས་བྱ་རྒྱུའི་རེ་བ་ཡོད་ཟེར།

02.png

ཀྲང་ཧྥེང་གིས་ནན་གྱིས་བསྟན་དོན། བློ་མཐུན་རྒན་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཚེ་ནོམ་རྩ་ཆེན་ཞིག་དང་། ང་ཚོས་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་རྒན་པའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བརྩེ་སེམས་དང་འགན་འཁྲི་ལ་བརྟེན་ནས་ཞབས་ཞུའི་འགན་སྲུང་ལེགས་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐོག་བརྩི་འཇོག་དང་བསམ་བློའི་ཐོག་སེམས་ཁུར། འཚོ་བའི་ཐད་ལྟ་སྐྱོང་། བསམ་པའི་ཐོག་ཐུགས་ཁུར་བཅས་བྱས་ཏེ་སྔར་ལས་དངོས་སྒྲུབ་ཀྱི་བྱེད་ཐབས་དང་སྤུས་ལེགས་ཀྱི་ཞབས་འདེགས་ཞུ་བར་བརྟེན་ནས་བློ་མཐུན་རྒན་པ་རྣམས་ལ་བདེ་སྐྱིད་ཀྱི་ཚེ་མཇུག་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།

བློ་མཐུན་རྒན་པ་ཚོས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཚམས་འདྲི་དང་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། འདས་ཟིན་པའི་ལོ་གཅིག་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་བླངས་པར་སེམས་གཏིང་ནས་དགའ་སྤྲོ་སྐྱེས་ཡོད་པར་མ་ཟད། ལོ་གསར་བའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། མུ་མཐུད་དུ་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུ་ཡིན་ཟེར།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་གིས་ཕེབས་རོགས་བྱས།


མཉམ་སྤྱོད།