དེ་རིང་ནི2026ལོའི་ཟླ02པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སྤྱོད་མགོ་བརྩམས་པ།

2026-02-27 10:14:11   |   285

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཞིན་ཧྭ་དྲ་བ།      བཤེར་འབེབས།  རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ2པའི་ཚེས27ཉིན་འབྱོར་བའི་གློག་འཕྲིན། 2026ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་འཚོག་ཉེར་ཡོད་པའི་སྐབས་སུ་པེ་ཅིང་མེ་ཏི་ཡ་ལྟེ་གནས་སུ་བཙུགས་ཡོད་པའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཚེས27ཉིན་དངོས་སུ་སྤྱོད་མགོ་བརྩམས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པ་སོ་སོར་ཟླ3པའི་ཚེས5ཉིན་དང་ཟླ3པའི་ཚེས4ཉིན་པེ་ཅིན་དུ་འཚོག་རྒྱུ་རེད། གསར་འགོད་པས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་མི3000ལྷག་ཙམ་གྱིས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་བཅར་འདྲི་བྱ་རྒྱུའི་མིང་ཐོ་བཀོད་ཡོད། དེའི་ནང་ས་ཁོངས་ནང་གི་གསར་འགོད་པ་མི2000ལྷག་ཙམ་དང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གསར་འགོད་པ་དང་ཕྱི་རྒྱལ་གྱི་གསར་འགོད་པ1000ལྷག་ཙམ་ཡོད་པ་རེད། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་སྒོ་དབྱེ་དང་ཕྱི་གསལ་ནང་གསལ་གྱི་སྙིང་སྟོབས་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་ཚོགས་ཆེན་གྱི་བཅར་འདྲི་བྱ་བར་ཞབས་ཞུའི་འགན་ལེན་ཡག་པོ་བྱ་རྒྱུ་རེད།

ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ105འཁོར་བའི་ལོ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པ་མགོ་ཚུགས་པའི་ལོ་ཡིན། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་རིང་དཔལ་འབྱོར་དང་། དམངས་འཚོ། ཕྱི་འབྲེལ་བཅས་ཀྱི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུ་དང་དེ་བཞིན་བཅར་འདྲིའི་བྱེད་སྒོ་རབ་དང་རིམ་པ་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་སྤེལ་རྒྱུ་རེད། རྒྱལ་ཁབ་ཕྱི་ནང་གིས་དོ་ཁུར་བྱེད་པའི་གླེང་མང་བའི་བརྗོད་གཞིར་དམིགས་ཏེ་གསར་འགྱུར་ལྟེ་གནས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོ་གསར་འགོད་པའི་ཚོགས་འདུར་གདན་འདྲེན་ཞུས་ནས་སྨྱན་སྦྱོར་གྱི་དྲི་བར་ལན་འདེབས་པ་དང་སྤྱི་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ། རྒྱལ་ཁབ་ཀྱི་སྲིད་ཇུས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་འགྲེལ་བཅས་བྱ་རྒྱུ་རེད།

གསར་འགོད་པས་མཐོང་བ་ལྟར་ན་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་སུ་གསར་འགྱུར་ཡོངས་བསྒྲགས་ཐིང་དང་གསར་འགྱུར་ལྟེ་གནས་ཀྱི་བཅར་འདྲི་ཁང་གྲ་སྒྲིག་བྱས་ཟིན་ལ། མངའ་ཁོངས་ནང་གི་གསར་འགོད་པའི་ཚོགས་ཆུང་དང་། ཕྱི་རྒྱལ་གྱི་གསར་འགོད་པའི་ཚོགས་ཆུང་། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་གསར་འགོད་པའི་ཚོགས་ཆུང་སོགས་ཀྱི་ཞབས་ཞུའི་གྲ་སྒྲིག་ཡག་པོ་བྱས་ཡོད། ཚོགས་ར་སུ་ད་དུང་ཀྲུང་ཕྱིའི་གསར་འགོད་པར་ངལ་གསོ་ཁུལ་བཙུགས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་ད་དུང་དྲ་སྦྲེལ་སོགས་ཀྱི་བྱེད་ཐབས་བརྒྱུད་ཀྲུང་ཕྱིའི་གསར་འགོད་པའི་བཅར་འདྲི་ལ་ཞབས་ཞུ་དང་སྟབས་བདེ་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་དང་། ཚོགས་འདུའི་རིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པར་ཚོགས་འདུའི་ཡིག་ཆ་གཙོ་བོའི་གློག་རྡུལ་པར་གཞི་དུས་ཐོག་ཏུ་མཁོ་འདོན་བྱ་རྒྱུ་དང་། འཐུས་མི་དང་ཨུ་ཡོན་བཅའ་སྡོད་བྱ་ཡུལ་དུ་གསར་འགྱུར་ལྟེ་གནས་ཀྱི་བཅར་འདྲི་ཁང་བཙུགས་ནས་འཐུས་མི་དང་ཨུ་ཡོན་ཚོས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱ་རྒྱུར་ཞབས་འདེགས་ཞུ་རྒྱུ་རེད།

01.jpeg


མཉམ་སྤྱོད།