དེ་རིང་ནི2026ལོའི་ཟླ03པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་རྟོག་ཞིབ་གནང་།

2026-03-11 08:59:07   |   176

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དུ་རྟོག་ཞིབ་གནང་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་དགོས་པ་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡིད་ཆེས་བརྟན་གཏོང་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྕི་འགན་འཁུར་ཕོད་པར་བྱས་ཏེ་རིམ་པ་འཕར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་དགོས་ཟེར།

1.jpg

ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་འབྲུ་གུ་ཡུལ་ཚོ་སྟེ་གྱོ་སྡེ་བའི་དམངས་སྲོལ་གནས་ཚང་ཐོན་ལས་འཕེལ་རྒྱས་དང་སྡེ་བའི་འཆར་འགོད་སྒྲིག་བཀོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་ཐོན་ཁུངས་ལ་གཞི་ཚུགས་པ་དང་འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་ཁྱད་ལྡན་དམངས་སྲོལ་གནས་ཚང་ཆས་རྟགས་བཏོད་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན། པེ་ཧྲན་ཞིན་ཡོན་ཞིང་ལས་བཟོ་ཚོང་ཞབས་ཞུ་ཚད་ཡོད་སྤྱི་གཉེར་ཁང་དུ་དཔྱིད་རྨོའི་གྲ་སྒྲིག་དང་ཞིང་ལས་འཕྲུལ་ཆས་ཞབས་ཞུ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཞིང་ལས་རྒྱུ་ཆ་འགན་ལེན་དང་ལག་རྩལ་མཛུབ་ཁྲིད་སོགས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་སྟེ་ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་ཕན་འབྲས་མཐོ་རུ་གཏོང་དགོས་པར་བསྟན། ཁྲེང་ཁུན་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དང་དབྱང་ཁྲུན་སྦི་རག་ཚད་ཡོད་སྤྱི་གཉེར་ཁང་དུ་ཡུལ་དངོས་ནས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་སྟོབས་ཤུགས་ཆེར་སྐྱེད་ཀྱིས་ཐོན་སྐྱེད་དམ་འཛིན་དང་ཁྲོམ་ར་རྒྱ་སྐྱེད་གཏོང་བ། ཚན་རྩལ་ཞིབ་འཇུག་གསར་སྤེལ་ལ་མུ་མཐུད་ཤུགས་སྣོན་པ་དང་། ཐོན་ལས་སྦྲེལ་ཐག་སྣུར་སྲིང་བྱེད་པ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས་པར་བསྟན་ལ། འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་ངང་མདུན་ཕྱོགས་སུ་ཞབས་འདེགས་ཞུ་བ་དང་ནུས་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་ཀྱི་དཀའ་ངལ་སེལ་ནས་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན། ཀྱུ་ཡངས་འགག་དང་མདོ་ལ་རིང་མོ·མེ་ལྷ་གངས་དཀར་ལྗོངས་ཁུལ་དུ་ཡུལ་དངོས་ནས་ལྗོངས་ཁུལ་འཛུགས་སྐྲུན་དང་དགུན་དུས་གནས་སྐོར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་རྒྱུན་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་གནས་སྐོར་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཞིང་ལས་དང་ལུས་རྩལ། རིག་གནས། ཉོ་ཚོང་། གནས་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་པར་བསྟན། དེའི་རིང་། ད་དུང་སྡེ་བ་དང་སྡེ་ཁུལ། ཁེ་ལས་བཅས་སུ་བསྐྱོད་དེ་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས།

2.jpg

བཞུགས་མོལ་ཚོགས་འདུའི་ཐོག འཇུ་ལག་རྫོང་གི་བྱ་བའི་སྙན་ཞུར་གསན་རྗེས། ཀྲང་ཧྥེང་གིས་ཉེ་བའི་ལོ་ཤས་རིང་འཇུ་ལག་གི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་བ་སོ་སོའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། འཇུ་ལག་ནི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི"འཐབ་ས་གཙོ་བོ"དང"གཡུལ་ས་གཙོ་བོ"ཡིན་པས་ངེས་པར་དུ་རྫོང་ཆེན་གྱི་འགན་འཁྲི་འཁུར་བ་དང་རྫོང་ཆེན་གྱི་བྱས་རྗེས་མངོན་པར་བྱས་ཏེ། རྫོང་ཆེན་གྱི་བྱས་རྗེས་འཇོག་དགོས། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་འདེམས་སྒུག་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས། སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་བསྣན་ཏེ། སྐྱེ་ཁམས་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ། རིན་ཐང་སྦྲེལ་ཐག་མཐོ་རུ་བཏང་ནས་དེང་རབས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་ཀྱི་ལྷན་ནུས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། གནས་སྐོར་ལས་རྣམ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཛེས་སྡུག་ལྡན་པའི་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་སྟོབས་ཆེར་གཏོང་དགོས་པ་དང་ལྗང་མདོག་གློག་རྩིས་སོགས་གསར་དར་ཐོན་ལས་འཕེལ་རྒྱས་ལ་བཀོད་སྒྲིག་དང་སྐུལ་འདེད་ཧུར་ཐག་བཏང་སྟེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཡག་པོ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་དང་ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མི་རིགས་སོ་སོའི་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱས་ནས། གོམས་སྲོལ་སྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་དང་། སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ལ་བརྟེན་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། དམངས་འཚོའི་དོན་དངོས་སོ་སོ་ལེགས་པར་བསྒྲུབ་སྟེ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྲིད་འབྲས་ལྟ་བ་ཡང་དག་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་ཡག་པོར་སྤེལ་ནས"ནུས་པ་དྲུག"རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། མིག་སྔར་ལ་དམ་འཛིན་དང་ཕུགས་ལ་ཇུས་འགོད་བྱས་ཏེ"ལོ་ལྔའི་འཆར་གཞི་བཅོ་ལྔའི"མགོ་ཡག་པོར་རྩོམ་པ་དང་གོམ་སྟབས་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་ལས་འགན་འགག་སྒྲོལ་བྱ་རྒྱུ་ནི"ལོ་ལྔའི་འཆར་གཞི་བཅོ་ལྔའི"མགོ་ཡག་པོར་རྩོམ་རྒྱུའི་འགག་རྩ་ཡིན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་དཀའ་གནད་སེལ་བ་དང་ཞན་ཆ་ཁ་གསབ་བྱས་ཏེ་སྔར་ལས་མང་བའི་ཁྱབ་ཁོངས་སུ་རིམ་པ་འཕར་བ་དང་སྔོན་ཐོན་བརྩོན་ལེན་བྱེད་དགོས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་ཀྱི་མ་ལག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གནམ་སྔོན་པོ་དང་ཆུ་དྭངས་པ། ས་གཙང་བ་བཅས་སྲུང་སྐྱོབ་ཀྱི་དམག་འཐབ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས། ཐོན་ལས་དང་པོ་བརྟན་ལྷིང་དང་ཐོན་ལས་གཉིས་པ་རིམ་སྤོར། ཐོན་ལས་གསུམ་པ་རྒྱ་སྐྱེད་བཅས་བྱས་ཏེ་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། ལས་གཞི་དོན་འཁྱོལ་དང་ཚོང་འགུགས་མ་འདྲེན། རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་བྱ་བར་དམ་འཛིན་ཏན་ཏིག་དང་ལེགས་པོ་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་དགོས། དམངས་འཚོའི་ཁྱབ་ཁོངས་ཀྱི་སྲིད་ཇུས་སོ་སོ་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱས་ཏེ་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་དམངས་འཚོའི་བདེ་རྩ་རྒྱུན་མཐུད་སྒོས་ཆེ་རུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་སྤྱི་ཚོགས་བདེ་སྐྱོང་འགོག་སྡོམ། བདེ་འཇགས་ཐོན་སྐྱེད་སོགས་བྱ་བ་སོ་སོའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་བཏང་སྟེ་བདེ་འཇགས་ཐོན་སྐྱེད་དང་སྲུང་སྐྱོང་བརྟན་ལྷིང་གི་དམར་ཐིག་བརྟན་སྲུང་བྱེད་དགོས་ཟེར།

ཧོ་པིན་དང་ཚོ་ཅི་ཆང་རྟོག་ཞིབ་ལ་ཞུགས།


མཉམ་སྤྱོད།