དེ་རིང་ནི2026ལོའི་ཟླ03པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་མདོ་ལ་རྫོང་དུ་རྟོག་ཞིབ་གནང་།

2026-03-11 16:18:14   |   393

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མདོ་ལ་རྫོང་དུ་རྟོག་ཞིབ་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས། ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱིའི་བཀོད་པ་ལ་མདོ་ལའི་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།

1.jpg

རྫོང་ཕྱོགས་བསྡུས་རིག་ནུས་བཀོད་གཏོང་ལྟེ་གནས་སུ་ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་བཀོད་འདོམས་མ་ལག་འཛུགས་སྐྱོང་བྱས་ཚུལ་དང་།“ལས་གནས་སྟོང་དང་སོ་སྲུང་ཁྲིའི”ལས་སྟེགས་འཁོར་སྐྱོད་བྱས་ཚུལ་ལ་ནན་ཏན་ངང་ཉན་པ་དང་། ཆ་འཕྲིན་གྱི་མཁར་རྫོང་ཤར་གཏོང་དང་། གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད། གྲངས་གཞིའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་བ་བཅས་བྱས་ནས་ཉེན་ཁ་སྔོན་དཔག་དང་རིག་ནུས་བཀོད་གཏོང་གི་ཆ་འཕྲིན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་གྲངས་གཞི་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་བཅོས་སྐྱོང་ལས་དོན་ལ་རྨང་གཞི་བརྟན་པོ་འདིང་དགོས་པ་ནན་གྱིས་བསྟན། རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ། ཡུལ་དངོས་ནས་གནས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་མཉམ་སྐྲུན་མཉམ་སྤྱོད་མངོན་གསལ་དོད་པོ་དང་། བྱེད་སྒོའི་གཞི་རྟེན་གསར་གཏོད། ལག་ལེན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་རྒྱུན་རྣམ་ཅན་གྱི་ཤེས་དཔལ་ལག་ལེན་བྱེད་སྒོ་ཡག་པོ་སྤེལ་དགོས་པ་ནན་གྱིས་བསྟན། རྫོང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། ཉམས་ལེན་ཁང་གི་ལས་སྟེགས་གལ་ཆེན་དེ་བེད་སྤྱོད་གང་ལེགས་བྱས་ནས་མདོ་ལ་རིང་མོའི་མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་གྱི་གཏམ་རྒྱུད་ཡག་པོ་ཤོད་དགོས་པ་ནན་གྱིས་བསྟན། མདོ་ལ་རྫོང་དམར་དམག་སློབ་ཆུང་དང་དམར་དམག་ནུབ་ལམ་དམག་བཅིངས་འགྲོལ་དམག་ཅུན་གཉིས་པའི་དྲན་གསོ་ཁང་དུ་སློབ་གྲྭ་འཛུགས་སྐྲུན་དང་གསར་བརྗེའི་ཞིབ་སློབ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་གསར་བརྗེའི་རིག་གནས་དེ་སློབ་གསོ་དང་སློབ་ཁྲིད་ནང་ཕྱོགས་ཡོངས་ནས་ཁྱབ་པར་བྱས་ཏེ་དམར་དམག་སློབ་ཆུང་དེ་མི་གསོ་སྐྱོང་བྱེད་པའི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་རྒྱུན་མཐུད་ངང་སྔོག་འདོན་གཏིང་ཟབ་བྱེད་པ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་བཏང་ནས་གསར་བརྗེའི་རིག་གནས་དེ་མདོ་ལའི་བསམ་པའི་རྨང་གཞི་མངོན་གསལ་དོད་ཤོས་སུ་འགྱུར་བར་བྱེད་དགོས་པ་ནན་གྱིས་བསྟན།

རྫོང་ཁེ་ལས་ཆུང་གྲས་སྐྱེད་སྲིང་གླིང་དུ་ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་བོད་ལུག་ཐོན་ལས་ཞིབ་འཇུག་ཁང་དང་། རྩྭའི་ཐོན་ལས་ཞིབ་འཇུག་ཁང་། ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ལྟེ་གནས་བཅས་སུ་བསྐྱོད་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱས་ནས་ཚན་རྩལ་གསར་གཏོད་སྒུལ་ཤུགས་སུ་བྱས་ཏེ། རིགས་གཅིག་མཁས་ཅན་གྱིས་སྣེ་ཁྲིད་དང་། ས་གནས་སུ་སྐྱེད་སྲིང་བྱེད་པ་རྒྱུན་འཁྱོངས་དང་། རྒྱུད་བཟང་གསོ་སྤེལ་དང་ལས་སྣོན་ཞིབ་ཚགས། སྤུས་ཀར་རྟོག་དོམ། ཚད་གཞིའི་མ་ལག་འཛུགས་སྐྲུན་སོགས་ཀྱི་ཐད་གནད་སྨིན་ཤུགས་སྣོན་བྱས་ཏེ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་རྒྱུན་མཐུད་མཐོར་འདེགས་གཏོང་དགོས་པ་ནན་གྱིས་བསྟན། མདོ་ལ་རིང་མོ་དཀར་ཆུའི་ལས་རིགས་སྤྱི་གཉེར་དུ་དཀར་ཆུའི་ཐོན་རྫས་ལས་སྣོན་དང་། ཁྲོམ་རའི་ཕྱིར་ཚོང་། ཐོན་སྐྱེད་གཉེར་སྐྱོང་བཅས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ནས་ཁེ་ལས་ལ་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་ས་མཐོའི་འབྲི་འོ་ཡི་འབྱུང་ཁུངས་ཀྱི་ཁྱད་ལྡན་ལེགས་ཆར་གཞི་ཚུགས་ཏེ་ཞིབ་སྤེལ་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཐོན་རྫས་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ཐོན་རྫས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ལྕག་སྐུལ་བྱས་པ་དང་ཆབས་ཅིག་ཁོངས་གཏོགས་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བསྒྲུབ་སྟེ་ཁེ་ལས་འཕེལ་རྒྱས་ལ་ཆ་རྐྱེན་ལེགས་པོ་བསྐྲུན་དགོས་པ་ནན་གྱིས་བསྟན།

2.jpg

རྫོང་ཨུའི་ཏང་གི་སློབ་གྲྭར་ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་སློབ་ཁྲིད་དང་གསོ་སྦྱོང་སྤེལ་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། གསར་བརྗེའི་རིག་གནས་དང་ལྗང་མདོག་སྐྱེ་ཁམས་ཞེས་པའི་ཁྱད་ལྡན་ཐོན་ཁུངས་ཆེན་པོ་གཉིས་བེད་སྤྱོད་གང་ལེགས་བྱེད་པ་དང་སློབ་ཁྲིད་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཁྱད་ཆོས་མངོན་གསལ་དོད་པ་དང་སྤུས་ཚད་དང་ཕན་འབྲས་གཉིས་ལྡན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་སྤུས་རྟགས་གཏོད་དགོས་པ་ནན་གྱིས་བསྟན། བཙུན་མོ་གཞོང་གྲོང་རྡལ་དམར་ཝོར་གྲོང་ཚོར་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་གཏོང་བ་དང་། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་འབབ་འཕར་བརྟན་པོ་ཡོང་བར་བྱེད་དགོས་པ་ནན་གྱིས་བསྟན། ཨ་མྱེས་སྟོང་སོ་ནགས་ཀློང་སྒར་ས་དང་། བཙུན་མོ་དམར་ཡག་མ་མཛེས་ལྗོངས་ཁུལ་དུ་རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། མཚོ་སྔོན་དང་ཀན་སུའུ་ཡི་གནས་སྐོར་སྐོར་ལམ་ནང་རང་འགུལ་ངང་ཞུགས་པ་དང་། གཙོ་གནད་མཛེས་ལྗོངས་ཁུལ་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གནས་སྐོར་ལམ་ཐིག་རྩེ་གྲ་གཏོད་པ། ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་སྲོལ་རྒྱུན་གྱི་ལྟ་སྐོར་གནས་སྐོར་ནས་ཉམས་ལེན་གནས་སྐོར་དང་ཁམས་གསོའི་གནས་སྐོར་བར་མགྱོགས་མྱུར་བསྒྱུར་དགོས་པ་ནན་གྱིས་བསྟན།

ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་རྟོག་ཞིབ་གནང་སྐབས་བསྟན་དོན། མདོ་ལ་ནི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་དང་། ཁྱད་ལྡན་ཐོན་ལས་ཀྱི་རྟེན་གཞི། རིག་གནས་གནས་སྐོར་མཉམ་འདྲེས་ཀྱི་གཙོ་གནད་ས་ཁོངས་བཅས་ཡིན་པས་སྐྱེ་ཁམས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་འགན་འཁྲི་ལྕི་མོ་ཡོད། སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ལ་སྤྱི་འདོམས་བྱེད་པ་དང་། ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་འཁོར་སྐྱོད་ཀྱི་གནད་སྨིན་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་གྲངས་འབོར་ལུགས་མཐུན་ངང་འཕར་བར་བྱས་ཏེ། དུས་ཚིགས་དང་པོའི“མགོ་ཡག་པོ་འཛུགས་རྒྱུར”འགན་ལེན་བྱས་ནས“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ལ་གོམ་སྟབས་ཡག་པོ་ཞིག་སྤོ་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དང་། བདེ་འཇགས་བརྟན་ལྷིང་གི་མཐའ་ཚད་བརྟན་པོར་སྲུང་བ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་ཐག་གཅོད་བཅས་བྱེད་དགོས། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། གཞི་རིམ་རྩ་འཛུགས་སྲ་བརྟན་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ།“ནུས་པ་དྲུག”མཐོ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་གྱིས་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་མདོ་ལའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས།

དེའི་རིང་ཀྲང་ཧྥེང་དང་ཀྲང་ཧྲིང་ཡོན་གྱིས་གྲོང་ཚོ་དང་ཞིང་ཕྱུགས་ཁེ་ལས་ཁག་གཅིག་ཏུ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས།

ཚོ་ཅི་ཆང་དང་ཀང་ཧྥུ་རྟོག་ཞིབ་ལ་ཞུགས།


མཉམ་སྤྱོད།