དེ་རིང་ནི2026ལོའི་ཟླ03པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དང“མྱུག་གསར”ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

2026-03-18 10:09:58   |   44

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས16ཉིན། ཁུལ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དང“མྱུག་གསར”ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཁུལ་ཨུའི་ཏང་གི་སློབ་གྲྭར་སློབ་མགོ་ཚུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྩ་འཛུགས་པུའི་པུ་ཀྲང་། ཏང་གི་སློབ་གྲྭའི་སློབ་སྤྱི་སི་ཅི་ཧྲེང་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་སྒྲིག་ཁྲིམས་ཀྱི་སློབ་ཚན་དང་པོ་ཁྲིད། ཁུལ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དང“མྱུག་གསར”ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་སློབ་མགོ་ཚུགས་པའི་མཛད་སྒོར་ཞུགས།

1.jpg

སི་ཅི་ཧྲེང་གིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མགོ་རྩོམ་པའི་འགག་རྩའི་ལོ་ཞིག་ཡིན་ལ། མཚོ་བྱང་ཁུལ་གྱིས་ནུས་ཤུགས་གཅིག་སྒྲིལ་གྱིས“ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་གསུམ”མངོན་འགྱུར་བྱེད་པ་དང་།“མཚོ་བྱང་ལྔ”ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཀྱང་རེད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ལྟ་བ་རྟོགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་སྣེ་ཁྲིད་དུ་བྱས་ཏེ། “སྲིད་སྐྱོང་བྱས་རྗེས་སུའི་ཆེད་དུ་འཇོག་པ་དང་། སྲིད་སྐྱོང་བྱས་རྗེས་གང་འདྲ་ཞིག་འཇོག་པ། སྲིད་སྐྱོང་བྱས་རྗེས་གང་ལ་བརྟེན་ནས་འཇོག་པ”བཅས་ལ་བསམ་གཞིགས་དང་ལག་ལེན་གཏིང་ཟབ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དམིགས་ཚད་གསལ་པོ་དང་། ཁ་ཕྱོགས་དྲང་བ། བྱ་ཐབས་ཏན་ཏིག སྤྱོད་ཚུལ་བཟང་བ་བཅས་རྒྱུན་འཁྱོངས་བྱས་ཏེ་དངོས་འཛིན་དངོས་སྒྲུབ་དང་དངོས་ཕན་དོན་གཉེར་གྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་པའི་མཚོ་བྱང་གི་རྒྱུགས་གཞི་ཡག་པོ་ཞིག་སྤྲོད་དགོས།


སི་ཅི་ཧྲེང་གིས་བླང་བྱ་བཏོན་དོན། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩི་དགོས། ཏང་ཡོན་ལས་བྱེད་པ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་། དམངས་འཚོའི་དོན་དངོས་ལ་དམིགས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས། མཚོ་བྱང་ཁུལ་གྱི་གནས་ཚུལ་ལ་གཞི་ཚུགས་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་ལས་རིགས་སྒྱུར། རིག་གནས་གནས་སྐོར་མཉམ་འདྲེས་བཅས་ཀྱི་གཙོ་གནད་ལ་དམ་པོར་དམིགས་ནས་སྣང་བརྙན་ལས་གྲྭ་མི་སྤེལ་བར་རང་འགུལ་ངང་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ནང་འདྲེས་པར་བྱས་ཏེ། ཁྱད་ལྡན་སྤུས་རྟགས་འཛུགས་སྐྱོང་དང་། སྐྱེ་ཁམས་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ནས་དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འཁེལ་བྱས་ཏེ་ཞིབ་བཤེར་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་བརྟན་པོ་འཁུར་བ་དང་། སྐྱེ་ཁམས་རིན་ཐང་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས།“243”འཕེལ་རྒྱས་བཀོད་པར་དམ་པོར་དམིགས་པ་དང་། ལྟེ་བའི་གཞི་རྟེན་ཆེན་པོ་གསུམ་སྟོབས་ཆེར་གཏོང་བ། བརྟན་པོའི་ངང་འཕེལ་རྒྱས་དོན་གཉེར་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྤུས་རྟགས་གསལ་པོ་གཏོད་པ་དང་། མཚོ་བྱང་གི་ཁྱད་ཆོས་དང་མཐུན་ལ་ཞིབ་བཤེར་ཐེག་ཐུབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་གཏོད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་ལག་བསྟར་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ལས་འགན་ལྗིད་པོ་འཁུར་དགོས། རྒྱལ་ཡོངས “ཚོགས་ཆེན་གཉིས”དང་ཞིང་ཆེན་དང་ཁུལ་གྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ནན་སྲུང་། “ནུས་པ་དྲུག”རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཁུལ་གྱི་གནས་ཚུལ་ལ་གཞིགས་ནས་རྟོག་ཞིབ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་འཚོལ་བ། ཁ་གཏད་གཅོག་ཐབས་དངོས་འཚོལ་བ། བདེན་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བཅས་བྱས་ཏེ། སྤྱོད་གཙང་སྲིད་ཞུགས་ཀྱི“སྒྲོག་གུ་དང་པོ”ལེགས་པོར་སྒྲོག་པ་དང་། དངོས་སྒྲུབ་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་བྱང་གི་ལེའུ་རྩོམ་དགོས།


མཉམ་སྤྱོད།