དེ་རིང་ནི2026ལོའི་ཟླ03པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

2026-03-24 10:52:44   |   33

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3པའི་ཚེས23ཉིན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་སྐབས་བཅུ་གསུམ་པའི་ཁུལ་ཨུའི་རྒྱུན་ཨུའི་ཚོགས་འདུ(རྒྱ་སྐྱེད)གཙོ་སྐྱོང་གནང་སྟེ་འཚོགས་ཞིང་། རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་དེ་བཞིན་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གཉིས་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མཇུག་སྒྲིལ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མགོ་རྩོམ་པའི་ལྷུ་ཚིགས་གལ་ཆེན་དུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་ཏེ། རྒྱལ་ཡོངས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་རིང་གནང་བའི་གསུང་བཤད་གལ་ཆེན་གྱི་གཟིགས་རྒྱང་རིང་བ་དང་དགོངས་པ་གཏིང་ཟབ་པས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། སྲིད་གཞུང་གི་ལས་དོན་སྙན་ཞུ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཆར་འགོད་རྩ་གནད་སོགས་ཡིག་ཆ་གལ་ཆེན་ནང་འབྱུང་འགྱུར་ལོ་ལྔ་དང་ད་ལོའི་དམིགས་ཚད་ལས་འགན་དང་ལས་ཀའི་གཙོ་གནད་ཁ་གསལ་བཟོས་ཡོད་ལ། ང་ཚོས་ཡུལ་བབ་དང་བསྟུན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ནུས་ལྡན་བྱས་ཡོད། ཞིང་ཨུས་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་བསྡུས་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གྱི་ལས་དོན་བཀོད་སྒྲིག་བྱས་པ་ཡིས་ཞིང་ཨུས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་དང་། ང་ཚོས་མཚོ་སྔོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་པར་དཔེ་སྟོན་དང་བླང་བྱ་ཁ་གསལ་བཏོན་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ངེས་ཅན་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པའི་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཨུའི་བྱ་བའི་བླང་བྱའི་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ། ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་ལག་ལེན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཕན་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་བྱེད་དགོས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་འགག་རྩ་ནི་དོན་འཁྱོལ་དང་སྲོག་ཤིང་ནི་དངོས་སྒྲུབ་ལ་ཐུག་ཡོད། སྐྱེ་ཁམས་ཀྱི་མཐའ་ཚད་བརྟན་སྲུང་དང་། “རྒྱལ་ཁབ་ཀྱི་དོན་ཆེན”གྱི་འགན་འཁྲི་བརྟན་པོར་འཁུར་བ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཏོད་རྒྱུ་དེ་སྤྱིའི་དམ་འཛིན་བྱ་གཞིར་བྱེད་པ། མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་བྱང་དུམ་བུའི་སྐྱེ་ཁམས་བཅོས་སྐྱོང་ཟབ་ཏུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྐྱེ་ཁམས་བཅོས་སྒྲིག་བྱེད་པ། མཚོ་སྔོན་པོའི་བྱང་ངོགས་ཀྱི་སྔོ་ཞིང་དྭངས་པའི་རི་ཆུ་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་རྒྱུའི་ཐད་མདུན་གྲལ་དུ་སྐྱོད་པ་དང་མཚོ་བྱང་གི་དཔེ་སྟོན་ཆགས་པར་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་ཞིང་ཆེན་ཡོངས་ཀྱི་ཐོན་ལས་ཀྱི“གནས་བཞི”ཡི་འཛུགས་སྐྲུན་ནང་གཏིང་ཟབ་ཞུགས་པ་དང་། སྐྱེ་ཁམས་ཕྱུགས་ལས་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་རིག་གནས་གནས་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ། སྲོལ་རྒྱུན་གྱི་ཞིང་ཕྱུགས་ལས་ཚད་ལྡན་ཅན་དང་། སྤུས་རྟགས་ཅན། ལྗང་མདོག་ཅན་བཅས་སུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་མངོན་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གསར་འཛུགས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། ཆོས་ལུགས་ཞི་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཚད་ཤིང་གཏོད་དགོས། དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་། རྒན་གསོ་སོགས་དམངས་འཚོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་བས་མང་བ་དང་དེ་བས་དྲང་སྙོམས་ཀྱི་སྒོ་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། དོན་འཁྱོལ་ཐད་གནད་སྨིན་ཤུགས་འདོན་བྱས་ཏེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་བཀོད་སྒྲིག་དང་ཞིང་ཆེན་ཡོངས་ཀྱི་མགོ་ཁྲིད་ལས་བྱེད་པའི་ཚོགས་འདུའི་བླང་བྱ་དང་ཞིབ་བསྡུར་བྱས་ཏེ། དོན་ཚན་རེ་རེ་བཞིན་གསེད་བཀྲོལ་དང་རེ་རེ་བཞིན་ཞིབ་ཚགས་སུ་གཏོང་བ་དང་། མཚོ་བྱང་གི“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་རྩོམ་པ་དང2026ལོ་འཁོར་གྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ལས་འགན་གསལ་ཐོ་དང་། འགན་འཁྲིའི་གསལ་ཐོ། དུས་བཀག་གསལ་ཐོ་བཅས་བཟོས་ནས“འཆར་འགོད་དཔེ་རིས”དེ“ཨར་ལས་དཔེ་རིས”སུ་བསྒྱུར་དགོས་ལ།“ལས་འགན”དེ“གྲུབ་འབྲས”སུ་བསྒྱུར་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བའི་ཐད་རྒྱུན་འཁྱོངས་ལྷོད་མེད་བྱས་ཏེ་བདེན་འཚོལ་དངོས་སྒྲུབ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་དམ་འཛིན་མཐར་ཕྱིན་པ་དང་ཕན་འབྲས་དངོས་ཐོན་པ། ལས་བྱེད་པས་དངོས་སྒྲུབ་བྱེད་པ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ཐད་རྨང་གཞི་བརྟན་པོ་འདིང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པས་མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བྱས་རྗེས་འཇོག་པ་དང་དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་གཏོད་པར་སྣེ་ཁྲིད་བྱེད་དགོས།


མཉམ་སྤྱོད།