དེ་རིང་ནི2026ལོའི་ཟླ03པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྥེང་གིས221རྟེན་གཞིའི་གནས་རྙིང་དུ་རྟོག་ཞིབ་གནང་།

2026-03-25 15:21:14   |   35

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་དང་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་རྙིང་པའི་ཡན་ལག་བཟོ་གྲྭ་སོ་སོར་སོང་སྟེ་ས་གནས་ས་ཐོག་ཏུ་རིག་དངོས་སྲུང་སྐྱོང་དང་བེད་སྤྱོད་ལས་དོན་ལ་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་དང་བེད་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་ཚན་རིག་དང་མཐུན་པའི་བེད་སྤྱོད་ལ་བརྟེན་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གནས་རྙིང་ལ་དུས་རབས་ཀྱི་འོད་མདངས་འཕྲོ་བ་དང་དུས་རབས་ཀྱི་རིན་ཐང་མངོན་པར་བྱེད་དགོས།

1.jpg

མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་དུ་ཀྲང་ཧྥེང་གིས་དྲན་གསོ་ཁང་གི་ནུས་པ་བཀོད་སྒྲིག་དང་། རྒྱུན་གཏན་གྱི་གཉེར་སྐྱོང་དོ་དམ། གསར་བརྗེའི་ལོ་རྒྱུས་དཔྱད་གཞི་འཚོལ་བསྡུ། གནས་སྐོར་བའི་ཞབས་ཞུ་འགན་ལེན། རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཁྱབ་གདལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོང་གིས་བསྟན་དོན། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་མཚོ་བྱང་གི་ཧ་ཅང་རྩ་ཆེ་བའི་གསར་བརྗེའི་ཐོན་ཁུངས་ཤིག་ཡིན་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ནི་མཚོ་བྱང་གི་གཡོལ་ཐབས་མེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན། ཁོང་གིས་ནན་གྱིས་བསྟན་དོན། གསར་བརྗེའི་ལོ་རྒྱུས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་འགྲེམ་སྟོན་གྱི་སྤུས་ཚད་དང་འགྲེལ་བཤད་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། གསར་བརྗེ་སློབ་གསོའི་ཡིད་དབང་འགུག་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། དེ་སྔའི221རྟེན་གཞི་དང་འབྱུང་ཁུངས་གཅིག་པའི་ཚན་པ་དང་འབྲེལ་མཐུད་སྔར་བས་ཟབ་ཏུ་བཏང་སྟེ། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གསར་བརྗེའི་སློབ་གསོ་དང་རིག་གནས་གནས་སྐོར་མཉམ་འདྲེས། ཞིབ་འཇུག་སློབ་སྦྱོང་དང་ལག་ལེན་བཅས་སྦྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་ཡག་པོ་གཏོང་དགོས།

2.jpg

དེ་རྗེས་ཀྲང་ཧྥེང་སྔ་རྗེས་སུ་རྟེན་གཞིའི་གནས་རྙིང་གི་ས་འོག་བཀོད་འདོམས་ལྟེ་གནས་དང་། ཡན་ལག་བཟོ་གྲྭ་དང་པོ། ཡན་ལག་བཟོ་གྲྭ་གཉིས་པ། ཧྲང་ཞིན་ས་ཚིགས། ཡན་ལག་བཟོ་གྲྭ་བདུན་པ་བཅས་དང་དེ་བཞིན་འབར་མདེལ་ཚོད་ལྟ་ར་བ་སོགས་ལྟེ་བའི་གནས་སུ་སོང་སྟེ། ས་གནས་ས་ཐོག་ཏུ་འཛུགས་སྐྲུན་གཙོ་གཟུགས་སྲུང་སྐྱོང་དང་། གནས་རྙིང་ཉམས་གསོ་རིམ་སྤོར། ཕྱོགས་བསྡུས་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། གསར་བརྗེའི་གྲོང་རྡལ་ཆུང་ངུའི་འཕེལ་རྒྱས་ཀྱི་ངེས་གནས་ལ་དམ་པོར་དམིགས་ནས་མ་རྡུལ་མཁར་གྱི་གསར་བརྗེའི་རིག་གནས་སྲུང་སྐྱོང་བེད་སྤྱོད་ཀྱི་འབྲེལ་ཡོད་འཆར་འགོད་ལག་བསྟར་ནན་མོ་བྱས་ཏེ་གོ་རིམ་ལྡན་པ་དང་། དམིགས་ཚད་ཡོད་པ། དུས་མཚམས་དབྱེ་ནས་གནས་རྙིང་སྲུང་སྐྱོང་དང་གསར་སྤེལ་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། ཁྱད་ཆོས་དོ་དམ་ཚོད་འཛིན་དང་སྤུས་ཚད་བཅོས་སྒྲིག་ཏན་ཏིག་བྱས་ནས་བེད་སྤྱོད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམིགས་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་བ་དང་གསར་བརྗེའི་གནས་སྐོར་ཐོན་རྫས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མཚོ་བྱང་གི་སྤུས་ལེགས་ཐོན་རྫས་གསར་བརྗེའི་ཐོན་ལས་འབྲེལ་ཐག་ནང་བཅུག་སྟེ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དང་། རིག་གནས་གསར་གཏོད་ཐོན་རྫས། གསར་བརྗེའི་རིག་གནས་གནས་སྐོར་བཅས་འབྲེལ་མཐུད་གཏིང་ཟབ་ཡོང་བ་དང་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་གསོ་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལས་དོན་མི་སྣའི་ཆེད་ལས་བྱང་ཚད་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། དྲིལ་སྒྲོག་གཞི་རྟེན་དང་ཁྱབ་སྤེལ་བྱེད་སྟངས་གསར་གཏོད་བྱེད་པ། ཐབས་ལམ་མང་པོ་དང་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་གིས་རྟོག་ཞིབ་གནང་རོགས་བྱས་པ་དང་། མ་རུའུ་ཞང་དང་ལི་ཞན་རུང་གིས་སྔ་རྗེས་སུ་རྟོག་ཞིབ་གནང་རོགས་བྱས།


མཉམ་སྤྱོད།