དེ་རིང་ནི2026ལོའི་ཟླ03པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པ་དང་འཐབ་ཇུས་མཉམ་ལས་ཀྱི་བཞུགས་མོལ་དང་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས།

2026-03-26 10:04:16   |   36

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ3ཚེས24ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་སྤྱི་གཉེར་དང་འཐབ་ཇུས་མཉམ་ལས་བཞུགས་མོལ་དང་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས། ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མ་གསར་སྤེལ་དང་། ལྗང་མདོག་རྩིས་ཤུགས་ཀྱི་བཀོད་སྒྲིག གསར་དར་ཐོན་ལས་སྐྱེད་སྲིང་སོགས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་ཤིང་། འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། མཚོ་སྔོན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་དང་སྤྱི་གཉེར་བ་རུང་ཙེང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དཔོན་གཞོན་པ་ཀྲའོ་ཧའེ་ཕིང་དང་མཚོ་སྔོན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པའི་ཏང་ཨུའི་ཨུ་ཡོན་དང་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧྥན་ཝུན་ཐའོ་ཡིས་ཕྱོགས་གཉིས་ཀྱི་ཚབ་བྱས་ནས་གན་རྒྱ་བཞག

1.png

ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་རུང་ཙེང་ཡན་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། མཚོ་སྔོན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པས་མཚོ་བྱང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་གནང་། ཁོང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞིང་ཨུའི“དཔྱིད་མགོའི་ཚོགས་འདུ་དང་པོའི”དགོངས་དོན་ལག་བསྟར་དོན་འཁྱོལ་དང་། “ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”མགོ་ཡག་པོ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བའི་འགག་རྩའི་དུས་སྐབས་སུ། ཕྱོགས་གཉིས་པོས་མཉམ་ལས་ལ་འབད་པ་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། མཚོ་བྱང་གིས“ཐཱན་གཉིས”ཀྱི་གོ་སྐབས་དམ་འཛིན་དང་། ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཁོང་གིས་བཤད་དོན། ཕྱོགས་གཉིས་པོས་ནུས་རྒྱུ་གཙང་མའི་དམིགས་ཚད་མངོན་འགྱུར་བརྩོན་ལེན་དང་། ཆུ་འཐེན་ནུས་གསོག་རྣམ་གྲངས་ཚད་གཞིའི་ནང་འཇུག་པ། ལྗང་མདོག་རྩིས་ཤུགས་མཉམ་འདྲེས་དཔེ་སྟོན། ཤེས་ལྡན་པ་དང་རིག་མཛོད་མཉམ་སྐྲུན། རང་བྱུང་སོལ་རླངས་བཀོད་སྒྲིག གསར་བརྗེའི་ཞིབ་སློབ་དང་ཁེ་ལས་གསོ་སྦྱོང་མཉམ་འདྲེས་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་འཐབ་ཇུས་ཀྱི་འབྲེལ་བ་བཙུགས་ནས་ས་ཁུལ་དང་ཁེ་ལས་ཕན་ཚུན་སྐུལ་འདེད་ངང་མཉམ་དུ་སྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། མཚོ་བྱང་གིས་ད་ཐེངས་ཀྱི་གན་རྒྱ་འདི་གོ་སྐབས་སུ་བྱས་ནས་མཉམ་ལས་དེ་གྲོས་མཐུན་ནས་ལག་ལེན་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། མཛེས་ལྗོངས་ཐོན་ཁུངས་གསར་སྤེལ་དང་། ཆུ་འཐེན་ནུས་གསོག་འཛུགས་སྐྲུན། སྦྲེལ་ཐག་གཙོ་བོ་མཐུན་སྦྱོར། རྩིས་གློག་མཐུན་སྦྱོར་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ཏེ། གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་དང་གསལ་ཐོའི་དོ་དམ་བྱས་ནས་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱ་རྒྱུ་ཡིན།

རུང་ཙེང་ཡན་གྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་སྔོན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པའི་ཐོན་ལས་བཀོད་སྒྲིག་དང་། འཐབ་ཇུས་ཀྱི་འདོད་བློ། ལས་སྒོའི་ཁྱབ་ཁོངས། མཉམ་ལས་ཀྱི་འདོད་བློ་བཅས་ཕྱོགས་ཡོངས་ནས་ངོ་སྤྲོད་གནང་། ཁོང་གིས་བཤད་དོན། མཚོ་བྱང་གི་ནུས་རྒྱུ་གཙང་མ་ཕུན་སུམ་ཚོགས་པ་དང་། ཐོན་ལས་ལེ་ལག་ཚང་བ། ཚོང་གཉེར་ཁོར་ཡུག་ཡག་པས་མཚོ་སྔོན་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཚོགས་པ་དང་མཚོ་བྱང་ཁུལ་སྲིད་གཞུང་དབར་མཉམ་ལས་ཀྱི་བར་སྟོང་ཡོད་ལ་མཉམ་ལས་ཀྱི་ཆ་རྐྱེན་ཡང་ལྡན་ཡོད། “རླུང་འོད་མེ་ཆུ་གཞི་གཅིག་ཅན”དང“ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན”གྱི་གཉེར་སྐྱོང་ཁྱབ་ཁོངས་གཙོ་བོར་དམིགས་ནས་གྲོས་མཐུན་གྱི་ནང་དོན་ལྟར་མཛེས་ལྗོངས་གསར་སྤེལ་དང་། ཆུ་འདྲེན་ནུས་གསོག་གི་འགག་སྒྲོལ། ལྗང་མདོག་རྩིས་ཤུགས་བཀོད་སྒྲིག་སོགས་ཀྱི་མཉམ་ལས་དོན་ཚན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཕྱོགས་གཉིས་པོའི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།

ཁུལ་སྲིད་གཞུང་གི་དྲུང་ཆེ་དང་འབྲེལ་ཡོད་དྲུང་ཆེ་གཞོན་པ། མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་། ཁུལ་འཕེལ་སྒྱུར་ཨུ་ལྷན། ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ། ཁུལ་གྲངས་གཞི་ཅུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས།


མཉམ་སྤྱོད།