དེ་རིང་ནི2026ལོའི་ཟླ03པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་འཚམ་འདྲི་གནང་བར་ཕེབས་པར་དགའ་བསུ་དང་གདན་ཞུ་བྱས།

2026-03-30 16:18:17   |   68

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་སུང་ཐའོ་ཡིས་ཚེས30ཉིན་བཤད་དོན། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཀྲེང་ལི་ཝུན་གྱིས་འགན་བཞེས་ཚུན་སྐམ་ས་ཆེན་མོར་འཚམ་འདྲིར་ཕེབས་འདོད་ཡོད་ཚུལ་ཐེངས་མང་བཤད། གོ་གུང་ཏང་གཉིས་ཀྱི་འབྲེལ་བ་དང་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། ངས་བཀའ་བཀྲོལ་ལྟར་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གོ་མིན་ཏང་གི་འཚམ་འདྲི་ཚོགས་པ་ཟླ4ཚེས7ཉེན་ནས་ཚེས12ཉིན་བར་ཅང་སུའུ་དང་། ཧྲང་ཧའེ། པེ་ཅིན་བཅས་སུ་ལྟ་སྐོར་འཚམ་འདྲིར་ཕེབས་པར་དགའ་བསུ་དང་གདན་ཞུ་བྱས་པ་ཁྱབ་བསྒྲགས་བྱས་པ་ཡིན།

སུང་ཐའོ་ཡིས་ང་ཚོས་གོ་མིན་ཏང་ཕྱོགས་དང་ལས་དོན་ཐད་འབྲེལ་གཏུག་བྱས་ཏེ། ཀྲེང་ལི་ཝུན་ཀྲུའུ་ཞི་འཚམ་འདྲིར་ཕེབས་པའི་ལས་དོན་ལ་བཀོད་སྒྲིག་འོས་འཚམ་བྱ་རྒྱུ་ཡིན་ཞེས་བཤད།


མཉམ་སྤྱོད།