དེ་རིང་ནི2026ལོའི་ཟླ03པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་པེ་ཅིང་དུ་ཕྱིན་ཏེ་བྱ་བར་རྟོག་ཞིབ་དང་འབྲེལ་མཐུད་བྱས་པ།

2026-03-31 17:10:38   |   40

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། པེ་ཅིང་གི་སྐབས་གསུམ་པའི་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུའི་སྐབས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་པེ་ཅིང་ལིང་ཞིས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་མིང་དབྱང་ཤེས་རིག་ནུས་ཁུངས་སྡེ་ཚོགས་མ་རྐང་སྤྱི་གཉེར་ཁང་དུ་ཕྱིན་ཏེ་རྟོག་ཞིབ་དང་ལས་དོན་འབྲེལ་མཐུད་བྱས་ཏེ། ལྗང་མདོག་རྩིས་ནུས་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་དང་ནུས་ཁུངས་གསར་པའི་ནུས་གསོག་ལས་གཞི་འཛུགས་སྐྲུན། སྲིད་གཞུང་དང་ཁེ་ལས་མཉམ་ལས་གཏིང་ཟབ་སོགས་ལ་དམིགས་ནས་བཞུགས་མོལ་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གཞོན་པ་ལིག་ཡུས་པིན་དང་། ཁུལ་གཞི་གྲངས་ཅུ་དང་པེ་ཅིང་དུ་བཅའ་སྡོད་བྱས་པའི་ཁུལ་གཞུང་ལས་ཁང་གི་འགན་ཁུར་བློ་མཐུན་ཞུགས།

1.jpg

པེ་ཅིང་ལིང་ཞིས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཕྱོགས་གཉིས་ཀྱིས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་བཀོད་པ་དང་འདྲ་ཀླད་རྩིས་རྒྱག་ལག་རྩལ་བཀོལ་སྤྱོད། ཤེས་རིག་རྩིས་ནུས་ལྟེ་གནས་འཛུགས་སྐྲུན་གཉེར་སྐྱོང་སོགས་ལ་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། ཀྲུང་ཏེན་ཧའེ་ཁང་སྡེ་ཚོགས་ཀྱི་སྤྱི་གཉེར་བ་གཞོན་པའམ་ཀྲུང་གོ་གློག་རྡུལ་ཚན་རྩལ་ནན་ཧུའུ་ཞིབ་འཇུག་གླིང་གི་ཡོན་ཀྲང་ཀྲང་ཝུའེ་དང་ལིང་ཞིས་ཚན་རྩལ་གྱི་འགན་འཛིན་པ་ཀྲུའུ་ཡའོ་ལུང་གཉིས་ཀྱིས་བཤད་རྒྱུར། མཚོ་བྱང་ཁུལ་གྱི་ནུས་ཁུངས་གཙང་མའི་ཟིན་ཚད་མཐོ་བ་དང་ལྗང་མདོག་གློག་ཁུངས་ཀྱི་མ་གནས་ལེགས་ཆ་མངོན་གསལ་དོད་པོ་ཡོད་པས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལྷན་ནུས་ལྡན་པས། ལིང་ཞིས་ཚན་རྩལ་འདྲ་ཀླད་རྩིས་རྒྱག་ཉིང་ལྷེབ་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རུ་ཁག་གིས་མཚོ་བྱང་ཁུལ་དང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་ལྗང་མདོག་རྩིས་ནུས་ཐོན་ལས་དོན་འཁྱོལ་དང་རྩིས་ནུས་བེད་སྤྱོད་རྣམ་པ་གསར་གཏོད་སོགས་ཐད་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་མཚོ་བྱང་གི་ལྗང་མདོག་ནུས་ཁུངས་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀྲང་ཧྲིང་ཡོན་གྱིས་ལིང་ཞིས་ཚན་རྩལ་གྱི་འདྲ་ཀླད་རྩིས་རྒྱག་ཁྱབ་ཁོངས་སུ་ཐོབ་པའི་སྔོན་ཐོན་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་འབྲེལ་ཁེ་ལས་ཀྱིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་བྱས་པར་བཀའ་དྲིན་ཆེ་ཞུས་ཏེ་ཁོས་བསྟན་དོན། མཚོ་བྱང་ཁུལ་གྱིས་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཁུངས་གཙང་མའི་ཟིན་ཚད་མཐོ་བ་དང་ལྗང་མདོག་གློག་གི་མ་གནས་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ། གནམ་གཤིས་ཆ་རྐྱེན་འཚམ་པ་སོགས་མཐུན་རྐྱེན་མང་པོ་ལྡན་ཡོད་པས། ཕྱོགས་གཉིས་ཀྱིས་སྐབས་གསུམ་པའི་མཚོ་སྔོན་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་འོས་སྦྱོར་ཚོགས་འདུའི་ཐོག་གན་རྒྱ་བཞག་པ་དེ་གོ་སྐབས་སུ་བཟུང་ནས་མཉམ་འབྲེལ་ལ་སྔར་བས་ཤུགས་སྣོན་པ་དང་རྩིས་ནུས་དགོས་མཁོ་གནད་སྨིན་འབྲེལ་མཐུད་བྱེད་པ། མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་བཅས་བྱས་ཏེ་ལེགས་ཆ་གསབ་རེས་དང་གཉིས་ཕན་འཕེལ་རྒྱས་ཡིན་པའི་སྲིད་གཞུང་དང་ཁེ་ལས་ཀྱི་མ་དཔེ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྱང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལྗང་མདོག་རྩིས་ནུས་དེ་ཐོན་ལས་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པའི་གཙོ་གནད་བཟོ་གྲྭར་བརྩིས་ནས་སྲིད་ཇུས་དང་ལྗང་མདོག་གློག་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ཇེ་ལེགས་སུ་གཏོང་བ་དང་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས་ཁེ་ལས་གཞི་ཆགས་འཕེལ་རྒྱས་ཡོང་བར་འགན་སྲུང་ལེགས་ཤོས་མཁོ་འདོན་བྱེད་དགོས་ཟེར།

2.jpg

མེན་དབྱང་ཤེས་རིག་ནུས་ཁུངས་སྡེ་ཚོགས་མ་རྐང་སྤྱི་གཉེར་ཁང་དུ་ཕྱོགས་གཉིས་ཀྱིས་གློག་རྫས་ནུས་གསོག་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་པའི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས། མེན་དབྱང་ཤེས་རིག་ནུས་ཁུངས་སྡེ་ཚོགས་ཀྱི་སྤྱི་ཁྱབ་གཞོན་པ་དང་ཤེས་རིག་མ་འཇོག་ལས་སྒོའི་སྤྱི་ཁྱབ་ཧན་པིན་དང་།སྤྱི་ཁྱབ་གཞོན་པ་དང་བྱང་རྒྱུད་ས་ཁུལ་ཆེན་པོའི་ལས་འཛིན་པ་གུ་རུ་ཐུའུ་གཉིས་ཀྱིས་མཚོ་བྱང་ཁུལ་གྱི་ནུས་ཁུངས་གསར་པའི་ཐོན་ཁུངས་ཀྱི་ལྷན་ནུས་མངོན་གསལ་དོད་པོ་ཡོད་པ་དེ་ནི་མེན་དབྱང་ཤེས་རིག་ནུས་ཁུངས་ཀྱིས་ནུབ་བྱང་དུ་ནུས་ཁུངས་གསར་པའི་ཐོན་ལས་བཀོད་སྒྲིག་བྱེད་པའི་མཉམ་ལས་ས་ཁོངས་གལ་ཆེན་ཞིག་ཡིན་པས། སྤྱི་གཉེར་ཁང་གིས་མཚོ་བྱང་གི་ནུས་གསོག་ལས་གཞི་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ལས་གཞི་འཛུགས་སྐྲུན་གྱི་ཨང་དང་པོར་འཇོག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་ནན་མོ་སྲུང་བ་དང་གཏན་འཁེལ་བྱས་པའི་དུས་ཚོད་ཀྱི་མཚམས་ཚིགས་ནན་མོ་སྲུང་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གཞི་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། ལས་གཞི་སྔ་མོ་ནས་དོན་འཁྱོལ་དང་ཐོན་སྐྱེད་བྱེད་མགོ་རྩོམ་པ་དང་། སྔ་མོ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་མེན་དབྱང་ཤེས་རིག་ནུས་ཁུངས་སྡེ་ཚོགས་ཀྱིས་མཚོ་བྱང་དང་མཉམ་དུ་རླུང་འོད་ཀྱི་ཆིང་གསོག་གཞི་གཅིག་ཅན་དང་། ནུས་ཁུངས་གསར་པའི་ལས་གཞི་གསར་སྤེལ། རྩེར་སོན་སྒྲིག་ཆས་ལེ་ལག་ཚང་བ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་ཡོངས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་སྣོན་རྒྱུ་ཡིན་ཟེར།

ཀྲང་ཧྲིང་ཡོན་གྱིས་མེན་དབྱང་ཤེས་རིག་ནུས་ཁུངས་སྡེ་ཚོགས་ཀྱིས་མཚོ་བྱང་ཁུལ་གྱི་ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། མཚོ་བྱང་ཁུལ་གྱི་གནས་ཚུལ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད། ཐོན་ཁུངས་ཀྱི་ལེགས་ཆ། སྲིད་ཇུས་ཀྱི་འགན་ལེན་བཅས་ངོ་སྤྲོད་ཞིབ་ཕྲ་གནང་སྟེ་ཁོས་བསྟན་དོན། མཚོ་བྱང་ཁུལ་གྱི་གློག་རྫས་ནུས་གསོག་ལས་གཞི་ནི་མཚོ་བྱང་གིས་ནུས་ཁུངས་གསར་པ་བསྡུ་ལེན་ལ་སྐུལ་འདེད་གཏོང་བ་དང་གློག་དྲའི་མཐོ་ཚད་སྙོམས་སྒྲིག་ནུས་པ་ཆེ་རུ་གཏོང་བ། ས་ཁུལ་གྱི་ནུས་ཁུངས་བདེ་འཇགས་འགན་ལེན་བྱེད་པའི་གཙོ་གནད་ལས་གཞི་ཞིག་ཡིན་པས་ཁུལ་ཡོངས་ཀྱིས་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་བཙན་ས་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་ལས་གཞི་འཛུགས་སྐྲུན་ལ་གཡས་གཞོགས་གཡོན་འདེགས་བྱས་ཏེ་འབྲེལ་ཡོད་ལས་གཞིའི་ལས་འགན་ཚང་མར་ཆེད་མིས་འགན་འཁུར་བ་དང་། ཕྱོགས་ཡོངས་ནས་རྗེས་འདེད་བྱེད་པ་དང་རྩིས་ཐོ་ཅན་དུ་སྐུལ་འདེད་བཏང་སྟེ་ཞབས་ཞུ་ལེགས་ཤོས་ལ་བརྟེན་ནས་ཁེ་ལས་ཀྱིས་མཚོ་བྱང་ཁུལ་དུ་བློ་བདེའི་ངང་མ་འཇོག་དང་བློ་བདེའི་ངང་གཉེར་སྐྱོང་བྱེད་པ། སེམས་རྣལ་མས་འཕེལ་རྒྱས་གཏོང་བར་འགན་ལེན་བྱེད་དགོས་པ་དང་། ཕྱོགས་གཉིས་ཀྱིས་ཐེངས་འདིའི་འབྲེལ་མཐུད་གོ་སྐབས་སུ་བཟུང་ནས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་སྲིད་གཞུང་དང་ཁེ་ལས་གཉིས་ཕན་མཉམ་ཁེ་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་རེ་བ་ཡོད་ཟེར།


མཉམ་སྤྱོད།