དེ་རིང་ནི2026ལོའི་ཟླ04པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་གཙོ་གནད་ལས་གཞིར་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ།

2026-04-10 11:20:22   |   33

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་འགྲིམ་འགྲུལ་དང་རིག་གནས་གནས་སྐོར། ཆུ་བེད་སོགས་སྡེ་ཁག་གི་གཙོ་གནད་ལས་གཞིར་ཡུལ་དངོས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་བྱ་བ་སྤེལ་སྐབས་ནན་གྱིས་བསྟན་དོན། གཙོ་གནད་བྱ་བ་སོ་སོ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་དགོས་པ་དང་། ལས་ཡུན་ལྡོག་སྒྲིག་དང་རིས་འགེལ་གཡུལ་འཐབ་བྱས་ཏེ་ལས་གཞི་སྔ་མོ་ནས་ལས་མགོ་རྩོམ་པ་དང་སྔ་མོ་ནས་བསྐྲུན་ཐུབ་པ། སྔ་མོ་ནས་ཕན་འབྲས་ཐོན་པར་འགན་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཟེར། ཁུལ་དཔོན་གཞོན་པ་ཧན་ཧྲི་ལྷན་དུ་བརྟག་ཞིབ་ལ་ཞུགས།

53cd0ceac34d647536f03a968c69afbc.jpg

221ཟམ་ཆེན་གྱི་ཤར་ངོས་སུ། ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་ཟམ་ཆེན་དང་སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་ཀྱི་སྦྲེལ་མཐུད་ལས་གཞི་འཆར་འགོད་ཇུས་འགོད་དང་དུས་མགོའི་འགྲོ་ལུགས་སྒྲུབ་པའི་འཕེལ་རིམ་ལ་ལྟ་ཞིབ་བྱས་ནས་བསྟན་དོན། 221ཟམ་ཆེན་དང་སྟོང་སྐོར་ནས་ནུབ་མཚོ་བར་གྱི་མྱུར་བགྲོད་གཞུང་ལམ་སྦྲེལ་མཐུད་བྱེད་པའི་ལས་གཞི་ནི་ཁུལ་སྲིད་གཞུང་གི་སྡོད་གནས་ནུབ་མཚོ་གྲོང་རྡལ་དུ་མྱུར་བགྲོད་གཞུང་ལམ་གྱི་འབུད་སྒོ་ཤར་གཏོང་ཐུབ་པའི་འགག་རྩའི་བཟོ་སྐྲུན་ཞིག་ཡིན་པས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་སྣེ་ཁྲིད་པ་དང་སྤྱི་ཡོངས་དམ་འཛིན་བྱས་ཏེ་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་རང་འགུལ་གྱིས་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་དང་སྦྲེལ་མཐུད་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་གཞི་དེའི་ལས་འཛུགས་ཞིབ་བཤེར་ཆོག་མཆན་འགོད་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་དགོས། ཁུལ་རང་བྱུང་ཐོན་ཁུངས་ཅུས་དང་ཁུལ་ནགས་རྩྭ་ཅུ་སྔ་མོ་ནས་དེའི་ནང་ཞུགས་པ་དང་མཉམ་དུ་མཆན་འགོད་བྱས་ཏེ། ཕན་ནུས་ཆེ་བའི་སྒོ་ནས་དུས་མགོའི་འགྲོ་ལུགས་ལེགས་འགྲུབ་བྱེད་དགོས། མདའ་བཞི་རྫོང་སྲིད་གཞུང་གིས་ས་ཆ་བསྡུ་ལེན་དང་བཤིག་སྤོ། མང་ཚོགས་བཅས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་སྟེ་ལས་གཞི་ཟླ6པར་དུས་བཀག་ལྟར་ལས་མགོ་རྩོམ་པ་དང་ད་ལོར་བཀོལ་སྤྱོད་ཐུབ་རྒྱུར་འགན་ལེན་བྱེད་དགོས་ཟེར།

2122708c63cd364c054da480d6c7d1c1.jpg   

 བགྲོད་ལམS304དངS207གཞུང་ལམ་འདྲེས་མཚམས་སུ་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས“མཚོ་སྔོན་པོའི་ཨང་རྟགས1པོའི”གཞུང་ལམ་བསྐྱར་སྐྲུན་རྒྱས་སྐྲུན་གྱི་བཟོ་སྐྲུན་ལས་གཞིའི་དུས་མགོའི་གྲ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་གནང་ནས་ལས་གཞིའི་འཆར་འགོད་ཇུས་འགོད་དང་རྒྱུ་རྐྱེན་འགན་ལེན། དུས་ཚོད་མཚམས་ཚིགས་ཀྱི་བཀོད་སྒྲིག་བཅས་ལ་འདྲི་རྩད་ཞིབ་ཕྲ་གནང་། ཁོས་ནན་གྱིས་བསྟན་དོན། “མཚོ་སྔོན་པོའི་ཨང་རྟགས1པོའི”གཞུང་ལམ་ནི་མཚོ་བྱང་གི་སྐྱེ་ཁམས་རིག་གནས་གནས་སྐོར་གྱི་སྣང་བརྙན་མངོན་པའི་སྐྱེ་ཁམས་མཛེས་ལྗོངས་བར་ཁྱམས་ཤིག་ཡིན་པས་འབྲེལ་ཡོད་སྡེ་ཁག་སོ་སོས་བྱ་བ་སྦྲེལ་མཐུད་དང་སྤྱི་འདོམས་བཀོད་གཏོང་ལ་ཤུགས་བསྣན་ཏེ་དུས་མགོའི་འགྲོ་ལུགས་སྒྲུབ་པའི་དུས་ཚད་ལྡོག་སྒྲིག་དང་བྱ་བ་སོ་སོར་རྒྱུན་མཐུད་སྒོས་སྐུལ་འདེད་བཏང་སྟེ། ལས་གཞི་མགྱོགས་མྱུར་སྒོས་ཁྱོན་ཡོངས་ནས་སྐྲུན་མགོ་རྩོམ་རྒྱུའི་འགན་ལེན་བྱེད་དགོས། མིག་སྔའི་ཨར་ལས་ཀྱི་དུས་སྐབས་ཡག་ཤོས་དམ་འཛིན་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་བཟོ་སྐྲུན་སྤུས་ཚད་དང་ཨར་ལས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། སྔར་ལས་མང་བའི་ངོ་ཡོད་ལས་འབོར་བརྩོན་ལེན་མངོན་འགྱུར་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གནས་སྐོར་འགྲིམ་འགྲུལ་དང་མཚོ་སྐོར་འགྲན་སྡུར་སོགས་འགྲན་སྡུར་བྱེད་སྒོར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་ཨར་ལས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱེད་པ་དང་། གཞུང་ལམ་དང་མཐའ་འཁོར་གྱི་རང་བྱུང་མཛེས་ལྗོངས་ཀྱི་མཐུན་སྦྱོར་མཉམ་འདྲེས་ལ་མཐོང་ཆེན་བྱས་ནས་ཞིབ་བཤེར་ཐེག་ཐུབ་པའི་བཟོ་སྐྲུན་རྩེ་གྲ་གཏོད་དགོས་ཟེར།

9c218b22e84c9675a40ea6cb9d083e18.jpg

སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི་རུ། ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི“ལྔ་བཅོ་ལྔའི”འགྲིམ་འགྲུལ་འཕེལ་རྒྱས་འཆར་འགོད་སྒྲིག་བཀོད་ཀྱི་གནས་ཚུལ་ལ་ནན་ཏན་ངང་ཉན་ནས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་དང་མཉམ་དུ་འཆར་འགོད་བསམ་ཕྱོགས་དང་གཙོ་གནད་ལས་གཞི། བྱེད་ཐབས་འགན་ལེན་བཅས་ཐད་ནས་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་དང་ཞིང་ཆེན་གྱི“ལྔ་བཅོ་ལྔའི”འགྲིམ་འགྲུལ་འཕེལ་རྒྱས་འཆར་འགོད་དང་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱེད་པ་དང་། ཁུལ་གྱི“ལྔ་བཅོ་ལྔའི”སྤྱིའི་འཆར་འགོད་དང་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པ། དམངས་འཚོར་ཕན་པ་བཅས་ཀྱི་འགྲིམ་འགྲུལ་ལས་གཞི་གལ་ཆེན་ཁག་ཅིག་འཆར་འགོད་བྱེད་དགོས། སྲིད་ཇུས་དང་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ་ཁུལ་ཁོངས་ནང་ཁུལ་གྱི་གཙོ་རྐང་ལམ་དྲ་དང་ལམ་ལག་ལམ་དྲ་སྔར་ལས་འཐུས་ཚང་དུ་གཏོང་དགོས་ཤིང་། ལྷོ་བྱང་མྱུར་བགྲོད་གཞུང་ལམ་དྲ་བ་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་ཆེན་ཕྱི་རོལ་དང་ཁུལ་ཕྱི་རོལ་གྱི་འགྲིམ་འགྲུལ་བགྲོད་ལམ་ཆེན་པོ་ཤར་གཏོང་ཐུབ་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགྲིམ་འགྲུལ་གྱི་འགན་ལེན་མཁོ་འདོན་བྱེད་དགོས་ཟེར།      

53cd0ceac34d647536f03a968c69afbc.jpg

སྨོན་ལམ་མཐོན་པོ་རུ་ཀྲང་ཧྲིང་ཡོན་གྱིས་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་འཛུགས་སྐྲུན་ལས་གཞིའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་། སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱིས་སྨོན་ལམ་མཐོན་པོ་རི་རྩེའི་ཤིང་ལམ་དང་རླངས་འཁོར་འཇོག་ས། གསང་སྤྱོད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་ས་ཆ་མཆན་འགོད་བརྒྱུད་སྤྲོད་དང་འཁོར་རྒྱུག་སོགས་འབྲེལ་ཡོད་འགྲོ་ལུགས་མགྱོགས་མྱུར་སྒོས་བསྒྲུབ་དགོས་ཤིང་། ཁུལ་རིག་གནས་གནས་སྐོར་ཅུས་ཀྱིས་སྣེ་ཁྲིད་དེ་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། བཟོ་སྐྲུན་སྤུས་ཚད་ཀྱི་འགག་སྒོ་ནན་མོར་སྲུང་བ་བཅས་བྱས་ཏེ། ལས་གཞི་སྔ་མོ་ནས་བསྐྲུན་ཏེ་བེད་སྤྱོད་གཏོང་བ་དང་ཕན་འབྲས་འདོན་སྤེལ་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། གཡུལ་སའི་དམག་སྒར་གྱི་གནའ་ཤུལ་རྣམ་པ་སླར་གསོ་བྱེད་པའི་ལས་གཞིར་ཁུལ་གནའ་ཤུལ་གཞུང་ལས་ཁང་གིས་ལས་གཞི་འཆར་འགོད་དང་ཇུས་འགོད། རེ་ཞུ་སོགས་ཀྱི་འགན་འཁུར་དགོས་པ་དང་། ཁུལ་རིག་གནས་གནས་སྐོར་ཅུས་ཀྱིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ཁྱོན་ཡོངས་ནས་བཀོད་སྒྲིག་དང་ཁ་ཕྱོགས་ཚོད་འཛིན་ཡག་པོ་བྱས་ནས་ལས་གཞི་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག སྨོན་ལམ་མཐོན་པོ་སྒར་ཕྱིའི་རྟེན་གཞི་དང་སྒར་འདེབས་རྟེན་གཞིས་ལས་གཉེར་བྱེད་མགོ་རྩོམ་པའི་སྔོན་གྱི་གྲ་སྒྲིག་བྱ་བ་སོ་སོ་མགྱོགས་མྱུར་སྒོས་བསྒྲུབ་སྟེ་ཟླ4པའི་ཟླ་དཀྱིལ་དུ་དངོས་སུ་སྒོ་ཕྱེ་ནས་གཉེར་སྐྱོང་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། ཁུལ་རིག་གནས་གནས་སྐོར་ཅུས་ཀྱིས་མདའ་བཞི་རྫོང་རིག་གནས་གནས་སྐོར་ཅུས་དང་མཉམ་དུ་ཚན་རིག་དང་མཐུན་པའི་སྒོ་ནས“ལྔ་གཅིག”གུང་གསེང་སྔོན་ལ་གནས་སྐོར་བ་འགུག་པ་དང་རིན་གོང་ཇེ་དམའ་རུ་གཏོང་བ་སོགས་གནས་སྐོར་བར་ཕན་པའི་བྱེད་ཐབས་བཟོས་ནས། རྐང་བགྲོད་སོགས་མུ་འབྲེལ་རིག་གནས་གནས་སྐོར་བྱེད་སྒོ་གཅིག་གྱུར་འཆར་འགོད་དང་སྤེལ་ཏེ་གུང་གསེང་རིང་གི་རིག་གནས་གནས་སྐོར་གྱི་ཁྲོམ་རའི་ཚ་རླབས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་སྔར་ལས་མང་བའི་གནས་སྐོར་བ་ལྟ་སྐོར་དུ་ཕེབས་པའི་ཡིད་དབང་འགུག་དགོས་ཟེར།  

ཁུལ་འཕེལ་སྒྱུར་ཨུ་ལྷན་དང་ཁུལ་འགྲིམ་འགྲུལ་ཅུ། ཁུལ་ཆུ་བེད་ཅུ། ཁུལ་རང་བྱུང་ཐོན་ཁུངས་ཅུ། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ། ཁུལ་རིག་གནས་གནས་སྐོར་ཅུ། ཁུལ་ནགས་རྩྭ་ཅུ། མདའ་བཞི་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན་བཅས་སོ་སོར་ལྷན་དུ་བརྟག་ཞིབ་ལ་ཞུགས།


མཉམ་སྤྱོད།