དེ་རིང་ནི2026ལོའི་ཟླ04པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་བཅུ་དགུ་པར་གཙོ་སྐྱོང་གནང་བ།

2026-04-21 10:37:07   |   59

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  ཞིན་ཧྭ་དྲ་བ།     བཤེར་འབེབས།    རིན་ཆེན་ཚེ་རིང་།


01.jpg

ཟླ4པའི་ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ནུས་རྒྱུའི་བདེ་འཇགས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྤྱི་འདོམས་བྱས་ནས་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་བཅུ་དགུ་པ་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་གཙོ་སྐྱོང་གནང་། ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཧོང་ཅིང་ཝུན་གྱིས་པར་བླངས།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས20ཉིན་འབྱོར་བའི་གློག་འཕྲིན། ཟླ4པའི་ཚེས20ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“ནུས་རྒྱུའི་བདེ་འཇགས་དང་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྤྱི་འདོམས་བྱས་ནས་ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་བསྐྲུན་རྒྱུ”བརྗོད་དོན་གཙོ་བོར་བྱས་ཏེ་ཆེད་དོན་སློབ་སྦྱོང་ཐེངས་བཅུ་དགུ་པ་བྱས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ནུས་རྒྱུའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནུས་རྒྱུའི་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། ནུས་རྒྱུའི་གྲུབ་ཆའི་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། ནུས་རྒྱུའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་ཆེད་ནུས་རྒྱུའི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི། ཧེ་རོའུ་རྒྱལ་ཁབ་ཚོད་ལྟ་ཁང་གི་ཀྲུའུ་རེན་ཐང་ཀོང་ཧྥུའུ་ཡིས་འགྲེལ་བཤད་བརྒྱབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་། ཀྲང་གོ་ཆིང་། ལིའུ་གོ་ཀྲུང་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་།

ལི་ཆང་གིས་འགྲེལ་བཤད་དང་བརྗེ་རེས་གཏམ་བཤད་ལ་གསན་རྗེས་བསྟན་དོན། ནུས་རྒྱུའི་བདེ་འཇགས་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་ནུས་རྒྱུའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྨང་གཞི་གལ་ཆེན་ཞིག་རེད། མིག་སྔར་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། རང་རྒྱལ་གྱི་ནུས་ཁུངས་འཛད་སྤྱོད་སྡོམ་འབོར་རྒྱུན་མཐུད་ངང་འཕར་སྣོན་བྱུང་བས། ངེས་པར་དུ་སེམས་ཁྲལ་གྱི་འདུ་ཤེས་རྒྱུན་འཁྱོངས་དང་། མཐའ་ཚད་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་མ་ལག་གི་མཉེན་གཤིས་དང་བདེ་འཇགས་འགན་སྲུང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

ལི་ཆང་གིས་ནུས་རྒྱུའི་བདེ་འཇགས་རང་འགུལ་སྟངས་འཛིན་བྱེད་པའི་འགག་རྩ་ནི་ནུས་རྒྱུའི་གྲུབ་ཆ་སྔར་བས་ལེགས་སྒྲིག་དང་། ནུས་རྒྱུའི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན། ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་ནུས་རྒྱུའི་ཐོན་སྐྱེད་དང་འཛད་སྤྱོད་བྱེད་སྟངས་ལྗང་མདོག་ཐཱན་ཉུང་འཕོ་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། བསྐྱར་སྐྱེས་ཐུབ་པའི་ནུས་ཁུངས་མཁོ་སྤྲོད་ཀྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་གང་ལེགས་དང་། རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་གི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ནུབ་བྱང་ས་ཁུལ་གྱི་རླུང་གློག་འོད་ཤུགས་དང་། ལྷོ་ནུབ་ས་ཁུལ་གྱི་ཆུ་གློག ཤར་རྒྱུད་ས་ཁུལ་གྱི་མཚོ་ཐོག་རླུང་གློག་སོགས་ནུས་ཁུངས་གཙང་མའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཁྱབ་ཚུལ་རྣམ་པའི་འོད་ཤུགས་དང་ཁ་ཐོར་རྣམ་པའི་རླུང་གློག་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཡུལ་བབ་དང་བསྟུན་ནས་སྐྱེ་དངོས་ཀྱི་ནུས་ཁུངས་དང་། ས་འོག་ཚ་ནུས། རྒྱ་མཚོའི་ནུས་པ་བཅས་གསར་སྤེལ་བྱས་ཏེ། ནུས་ཁུངས་གསར་པ་འདུས་གྲུབ་དང་མཉམ་འདྲེས་གསར་སྤེལ་བྱེད་དགོས། འགྱུར་རྡོའི་ནུས་ཁུངས་གཙང་མའི་ནུས་ཆེའི་བེད་སྤྱོད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ད་སྔ་བཀོལ་སྤྱོད་བྱེད་བཞིན་པའི་སོལ་གློག་འཕྲུལ་འཁོར་ཚན་པའི་ནུས་ཁུངས་གྲོན་ཆུང་དང་ཐཱན་གཅོག་སྒྱུར་བཀོད་མགྱོགས་སུ་གཏོང་བ། སོལ་གློག་དེ་རྨང་གཞིའི་འགན་སྲུང་རང་བཞིན་དང་མ་ལག་ལེགས་སྒྲིག་རང་བཞིན་གྱི་གློག་ཁུངས་སུ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་དང་གཙིགས་ཆེན་བྱེད་དགོས། གློག་དྲ་གསར་པའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་སྒྲོམ་གཞི་གསར་པ་དང་། ལག་རྩལ་གསར་པ། ཞབས་ཞུ་གསར་པ་བཅས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གློག་འདྲེན་བགྲོད་ལམ་གྱི་བཀོད་པ་ལེགས་སུ་གཏོང་བ་དང་། རྐང་འཛིན་དྲ་རྒྱའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གློག་སྡེབ་མ་ལག་གསར་པ་འཛུགས་པ། ནུས་གསོག་དང་གློག་གསོག་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།  མི་ཐབས་རིག་ནུས་ལ་བརྟེན་ནས་གློག་དྲ་གྲངས་རིག་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་པ།  གློག་དྲའི་རྨང་གཞི་བརྟན་དུ་གཏོང་བ་དང་། མ་ལག་གི་མཐུན་སྦྱོར་དང་སྙོམ་སྒྲིག་གི་ནུས་པ་མཐོར་འདེགས་བྱས་ཏེ། བདེ་འཇགས་རྟོན་རུང་དང་ལྗང་མདོག་ཐཱན་ཉུང་། མཉེན་གཤིས་འཛོམ་པ། རིག་ནུས་བབ་བསྟུན་གྱི་རྣམ་པ་གསར་པའི་གློག་དྲ་གསར་འཛུགས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ནུས་རྒྱུ་ཡི་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་བཟང་བོའི་ངང་འགན་སྲུང་བྱེད་དགོས། 

ལི་ཆང་གིས་ནུས་རྒྱུའི་བདེ་འཇགས་དང་ཕྱོགས་སྒྱུར་ལ་སྤྱི་འདོམས་བྱ་རྒྱུ་ནི་བརྒྱུད་རིམ་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ཁག་གི་ཧུར་སེམས་སྐུལ་སློང་གང་ལེགས་བྱས་ཏེ་ནུས་རྒྱུ་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། འབྲེལ་ཡོད་ཚད་གཞི་དང་བདེན་དཔང་ར་སྤྲོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཡུལ་རྣམ་བེད་སྤྱོད་ཕུན་སུམ་ཚོགས་སུ་བཏང་སྟེ། ལྗང་མདོག་ནུས་ཁུངས་གསར་གཏོད་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་གྱིས་ཚོང་ར་བརྒྱུད་ནས་ལྗང་མདོག་རིན་ཐང་མངོན་འགྱུར་བྱེད་ཐུབ་པར་བྱ་དགོས། གློག་ཤུགས་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་བྱེད་པའི་ཁ་ཕྱོགས་དང་མཐུན་པའི་ཞུགས་འཐུས་དང་། ལྟ་སྐུལ་དོ་དམ། རིན་གོང་གཏན་འབེབས་སོགས་ཀྱི་ལམ་སྲོལ་ཆགས་པར་བྱས་ཏེ། གཉེར་སྐྱོང་བྱེད་པོ་དང་གློག་ཤུགས་སྤྱོད་མཁན་སྔར་ལས་མང་བར་གློག་ཤུགས་ཉོ་ཚོང་ཁྲོད་ཁེ་ཕན་ཐོབ་ཏུ་འཇུག་དགོས།


མཉམ་སྤྱོད།