དེ་རིང་ནི2026ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​ མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་ཧྲན་ཏུང་དུ་ཕྱིན་ནས་སློབ་སྦྱོང་དང་རྟོག་ཞིབ་བྱས་པ།

2026-04-27 15:13:50   |   331

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། །  བཤེར་འབེབས། རིན་ཆེན་ཚེ་རིང་།


ཁག་དྲུག་པའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་དང་འཇོན་མིའི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། "ལྔ་བཅོ་ལྔའི"ཁ་གཏད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་མགོ་ཡག་པོ་ཞིག་འཛུགས་ཆེད། ཟླ4པའི་ཚེས20ནས་ཚེས24ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་དུ་ཕྱིན་ནས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་མཇལ་འཕྲད་གནང་སྟེ། མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཁ་གཏད་རོགས་སྐྱོར་བྱ་བའི་འཕེལ་རིམ་སྙན་ཞུ་བྱས་པ་དང་མཚོ་བྱང་གི"རྫོང་བཞི"ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལའོ་ཁྲེང་དང་ལིན་དབྱི། པིན་ཀྲོའུ། ཝེ་ཧའེ་བཅས་གྲོང་ཁྱེར་བཞིར་བསྐྱོད་ནས་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོར་གཟིགས་སྐོར་གནང་ཞིང་། སློབ་སྦྱོང་དང་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ།

fcd4f4e62a28c990424b27c287bf337d.jpg

ཏང་སྲིད་འཐུས་ཚབ་ཚོགས་པས་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲན་ཏུང་མི་དམངས་ཀྱིས་མཚོ་བྱང་ལ་སྒེར་སེམས་མེད་པར་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་བཀའ་དྲིན་ཞུས་ཤིང་། ཐོག་མཐའ་བར་གསུམ་དུ་ཧྲན་ཏུང་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། "མཚོ་བྱང་གི་དགོས་མཁོ་དེ་ཧྲན་ཏུང་གིས་སྐོང་པའི"རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། ཐོན་ལས་གྲུབ་ཚུལ་ལེགས་སྒྱུར་དང་འཛད་སྤྱོད་རོགས་སྐྱོར། སློབ་གསོ་སྨན་བཅོས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར། བརྗེ་རེས་དང་ཕན་ཚུན་འཚམས་འདྲི་སོགས་ཀྱི་ཐད་གཅིག་བསྡུས་ཤུགས་འདོན་བྱས་པ་དང་། ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཏེ་འཇོན་མིའི་རོགས་སྐྱོར་སྔར་ལས་གནད་ལ་འཁེལ་བ་དང་རོགས་ལས་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་བརྗེ་རེས་དང་འགྲོ་འོང་དེ་བས་གཏིང་ཟབ་ཏུ་ཕྱིན་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་དང་སྟོབས་ཤུགས། ཕན་འབྲས་བཅས་སྤྲད་པས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། དུས་མཚུངས་སུ"ལྔ་བཅོ་ལྔའི"རིང་ཐོན་ལས་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་། འཇོན་མི་བརྗེ་རེས་སོགས་ཁྱབ་ཁོངས་སུ་བརྗེ་རེས་དང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་ནས་མཚོ་བྱང་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕན་འབྲས་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ནན་ཞུ་བྱས་པར་མ་ཟད། ཧྲན་ཏུང་ཞིང་ཆེན་གྱི་རིམ་པ་སོ་སོའི་མགོ་ཁྲིད་དང་ལས་རིགས་སོ་སོའི་གྲོགས་པོ་རྣམས་མཚོ་བྱང་དུ་ཤེས་བྱ་བརྒྱུད་སྤྲོད་དང་བྱ་བར་མཛུབ་སྟོན་དུ་ཕེབས་པར་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཡང་ཞུས་པ་ཡིན་ཟེར།

ལུའོ་ཁྲེང་དང་ལིན་དབྱི། པིན་ཀྲོའུ། ཝེ་ཧའེ་བཅས་སུ་ཏང་སྲིད་འཐུས་ཚབ་ཚོགས་པས་སྔ་རྗེས་སུ་ས་གནས་སོ་སོའི་འགན་འཁུར་བློ་མཐུན་དང་གྲོས་མོལ་བརྗེ་རེས་བྱས་ནས་ཁ་གཏད་རོགས་སྐྱོར་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་ཕྱིར་དྲན་དང་། སླད་ཕྱིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཉམ་ལས་ཁྱབ་ཁོངས་ཀྱི་མདུན་ལྗོངས་ལ་ཐུན་མོང་ཐོག་དཔྱད་བསྡུར་བྱས། གྲོང་ཁྱེར་བཞི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཁ་གཏད་རོགས་སྐྱོར་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཧྲན་ཏུང་གི་མ་དངུལ་དང་ལག་རྩལ། འཇོན་མི། ཁྲོམ་ར་སོགས་ཀྱི་ལེགས་ཆའི་ཐོན་ཁུངས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ལས་མཉམ་ལས་དང་སྐྱེ་ཁམས་སྲུང་སྐྱོབ། འཇོན་མི་བརྗེ་རེས། དམངས་ཚིས་ལེགས་བཅོས་སོགས་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་ཧུར་ཐག་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལེའུ་གསར་པ་མུ་མཐུད་བརྩམ་རྒྱུ་ཡིན་ཟེར།

དེའི་རིང་། ཏང་སྲིད་འཐུས་ཚབ་ཚོགས་པ་སྔ་རྗེས་སུ་ལང་ཁྲོ་སྡེ་ཚོགས་དང་ཞིན་ཧྥ་དེང་རབས་ཞིང་ལས་ཐོན་ལས་གླིང་། ཅིན་ལའོ་སྡེ་ཚོགས། ཀྲུང་ཡུས་ཟས་རིགས་ཚད་ཡོད་སྤྱི་གཉེར། བློ་མཐུན་ཁུང་ཧྥན་སེན་དྲན་གསོ་ཁང་། ཞང་ཧའེ་ནུས་ཁུངས་གསར་པ་ཚད་ཡོད་སྤྱི་གཉེར། དབྱང་ཞིན་དབྱི་ལི་ཡོན་ཆིན་ཀྲིན་ཤ་རིགས་ཚད་ཡོད་སྤྱི་གཉེར། ཏུང་ཞིན་སྡེ་ཚོགས་པོ་ལིན་ཧྲིན་ཁང་དབྱང་ཚན་རྩལ་ཚད་ཡོད་སྤྱི་གཉེར། ཅའོ་ཏུང(ཝེ་ཧའེ)ཏང་གཤིས་སློབ་གསོའི་རྟེན་གཞི་ལིའུ་ཀུང་ཏའོ་སློབ་ཁྲིད་ཁུལ་དང་། ཀུའོ་ཡུང་ཧོའེ་བྱས་རྗེས་བཤམས་སྟོན་ཁང་བཅས་སུ་ཕྱིན་ནས་རྟོག་ཞིབ་དང་སློབ་སྦྱོང་བྱས།

328a2a033f6b578555141aed5de2e8f7.jpg

     ཏང་སྲིད་འཐུས་ཚབ་ཚོགས་པས་ད་དུང་ལིན་དབྱི་མཐོ་འབྲིང་དང་པོར་བསྐྱོད་ནས་ས་གནས་དེའི་མཚོ་བྱང་གི་མཐོ་རིམ་སློབ་འབྲིང་སློབ་མར་འཚམས་འདྲི་གནང་བ་དང་། མཚོ་བྱང་གི་སློབ་མར་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་བྱེད་མཁན་གྱི་སློབ་གྲྭའི་མགོ་ཁྲིད་དང་དགེ་རྒན། ལས་བཟོ་བ་ཡོངས་ལ་བཀའ་དྲིན་ཞུས་ཤིང་། སློབ་མ་ཚོས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཧྲན་ཏུང་མི་དམངས་ཀྱི་བརྩེ་སེམས་དེ་འབད་འབུངས་མདུན་སྐྱོད་དང་ཀུན་སྤྱོད་ཞུན་བརྡར་གྱི་སྒུལ་ཤུགས་སུ་བསྒྱུར་ནས་གོ་སྐབས་ལ་གཅེས་སྤྲས་དང་སློབ་སྦྱོང་ལ་འབད་བརྩོན། དཀའ་སྤྱོད་ཉམས་ལེན་དང་སློབ་གཉེར་ལ་ཤེས་རིག་བརྙེས་ཏེ་འབྱུང་འགྱུར་ཕ་ཡུལ་འཛུགས་སྐྲུན་དང་སྤྱི་ཚོགས་ལ་དྲིན་གཟོ་ཆེད་སྟོབས་ཤུགས་སྐྱེས་སུ་དབུལ་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ལིའུ་ཡུས་པིན་དང་ཀྲའོ་ཧའེ་ཕིང་། ཚའོ་ཅི་ཆང་བཅས་ཞུགས་པ་དང་། ཧོ་པིན་དང་ཀང་ཧྥུ། སྟག་ལྷ་བཅས་ཀྱིས་སོ་སོར་ཕེབས་རོགས་བྱས།


མཉམ་སྤྱོད།