དེ་རིང་ནི2026ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདའ་བཞི་ས་ཁུལ་གྱི2026ལོའི་འོས་འགན་སྡོང་འཛུགས་བྱེད་སྒོའི་ཡུལ་དངོས་ཀྱི་མཐོང་ཐོས།

2026-04-28 15:52:54   |   343

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས27ཉིན། མཚོ་བྱང་ཁུལ་མདའ་བཞི་ས་ཁུལ་གྱི2026ལོའི་འོས་འགན་སྡོང་འཛུགས་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས་ཤིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས“ངས་མདའ་བཞི་ལ་བླ་ཤིང་འཛུགས་པའི”འགུལ་སྐྱོད་ཀྱི་གྲོས་གཞི་ལག་བསྟར་ཧུར་ཐག་བྱས་ལ། ཁུལ་ཐད་གཏོགས་ལས་ཁུངས་དང་མདའ་བཞི་རྫོང་གི་ལས་བྱེད་མང་ཚོགས་ཁྱོན2849ཞུགས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་བྱང་གི་ས་གཞི་ཆེན་མོར་ལྗང་མདོག་གསར་བ་བསྣན།

df5def93ce92bcd39d7e374cb987c7bc.jpg

   བྱེད་སྒོའི་རིང་། ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་འོས་འགན་སྡོང་འཛུགས་བྱེད་སྒོའི་ནང་ཞུགས་ཤིང་། ལས་བྱེད་མང་ཚོགས་དང་མཉམ་དུ་ལྕགས་ཁེམ་བཟུང་ནས་ས་དོང་བརྐོས་པ་དང་། ཆུ་རགས་སྐོར་ཏེ་སྡོང་བོར་ཆུ་བཏང་བར་མ་ཟད། ཚང་མ་དང་ཁ་བརྡ་བརྗེ་རེས་གཏིང་ཟབ་བྱས་ཏེ་མཉམ་དུ་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་རྒྱས་ཀྱི་འཆར་འགོད་གླེང་།

546d505ef6a74f854d7d96e64c9e0d06.jpg 

  སྡོང་འཛུགས་བྱ་ཡུལ་དུ་གོ་རིམ་དང་གྲ་སྒྲིག་ལྡན་ཞིང་། ལས་བྱེད་ལས་བཟོ་པའི་སེམས་ཤུགས་དང་སྤྲོ་སེམས་རབ་ཏུ་འཕེལ་ལ། ངར་ཤུགས་ཀྱིས་ཁེངས་བཞིན་རང་འགུལ་ངང་རུ་ཁག་སྒྲིག་འཛུགས་བྱས་ཏེ་ལག་ཏུ་ལྕགས་ཁེམ་དང་ཆུ་ཟོམ་སོགས་ལག་ཆ་བཟུང་ནས་གོ་རིམ་ལྡན་པའི་སྒོ་ནས་དབྱེ་མཚམས་བཅད་པའི་སྡོང་འཛུགས་ས་ཁོངས་སུ་ཕྱིན་ཅིང་། ཚང་མས་རང་འགན་ནན་སྒྲུབ་དང་གཞོགས་འདེགས་དམ་ཟབ་སྒོས་སྡོང་བོ་འཛུགས་པ་དང་། མི་ལ་ལས་སྡོང་ཕྲུག་བརྟན་པོར་སྐྱོར་བ་དང་སྡོང་མྱུག་ས་དོང་ནང་དྲང་མོར་འཇོག་པ། ལ་ལས་ལྕགས་ཁེམ་བཟུང་ནས་ས་བརྐོ་བ་དང་ས་འགེབས་པ། ཡང་ལ་ལས་སྡོང་བོའི་མཐའ་སྐོར་གྱི་ཆུ་རགས་ཇེ་བརྟན་དུ་བཏང་ནས་ཆུ་ཕྱིར་མི་ཤོར་བར་བྱེད་པ་དང་ཆུ་ཟོམ་བཟུང་སྟེ་ཆུ་ལྡུག་པ་སོགས་གོ་རིམ་རེ་རེ་ཞིབ་ཚགས་ནན་ཏན་སྒོས་སྒྲུབ་པ་ལས་སླ་བཅོས་སྤུ་ཙམ་ཡང་མི་བྱེད། ག་ས་གང་དུ་བྲེལ་འཚུབ་ངང་ངལ་རྩོལ་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་མངོན་ནས་མཐུན་སྒྲིལ་མཉམ་ལས་དང་ལག་གདང་སྦྲེལ་ནས་ལྗང་མདོག་འཛུགས་སྐྲུན་བྱེད་པའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

9977890be9521c413d69d44c5876783c.jpg

ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་ངལ་རྩོལ་བྱས་པ་བརྒྱུད། སྡོང་རྐང་རེ་རེ་གོ་རིམ་ལྡན་པ་དང་བརྟན་པོའི་ངང་ས་གཤིན་སྣུམ་པོར་རྩ་བ་ཚུགས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་།  རི་ཀླུང་ཀུན་ལ་ལྗང་མདོག་གིས་ཁེངས་ཤིང་ས་གཞི་མཛེས་པར་བརྒྱན། ཚང་མས་བྱ་སྤྱོད་དངོས་ལ་བརྟེན་ནས་མངའ་ཁོངས་ཀྱི་སྐྱེ་ཁམས་སྤུས་ཚད་ཇེ་ལེགས་སུ་གཏོང་བ་དང་དཔྱིད་ཀའི་ས་གཞི་ཆེན་མོར་ལྗང་མདོག་གི་རེ་བ་བསྣན་ཡོད།

f8274a3df0d711fe917141a3005c73d8.jpg

ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལས་སྒོ་ཚན་ཁག་གི་ཚན་གཙོ་ཐོ་གོ་ཧྲེང་གིས་སྡོང་འཛུགས་ཀྱི་ལས་རིམ་ཚང་མར་ལྟ་སྟངས་ནན་མོ་འཛིན་གྱི་ཡོད་ལ། ཁོས་སྡོང་འཛུགས་བྱེད་སྐབས་བློ་རྩེ་གཅིག་སྒྲིམ་བྱེད་དགོས་ཤིང་། ས་དོང་བརྐོ་བ་དང་སྡོང་ཕྲུག་སྐྱོར་བ། ས་འདེབས་པ། ཆུ་གཏོང་བ་བཅས་ཀྱི་གོ་རིམ་ཚང་མར་ཧ་རེ་ཧུ་རེ་བྱེད་མི་རུང་ལ། སྡོང་མྱུག་བཙུགས་པ་བཟང་ན་གཞི་ནས་སྐྱེ་འཚར་བརྟན་པོ་ཡོང་ཐུབ་ཟེར།

4eef498ba4122e8ba2799f77bba3d336.jpg

ཐེངས་འདིའི་སྡོང་འཛུགས་བྱེད་སྒོས་ཕ་ཡུལ་ལ་ལྗང་མདོག་གི་རྣམ་པ་གསར་བ་སྣོན་པ་དང་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་རྒྱུར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་ལས་གལ་ཆེན་ལྡན་ཡོད། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་རང་བྱུང་ཁམས་ལ་གཅེས་སྤྲས་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་འདུ་ཤེས་འཛུགས་རྒྱུ་དང་། རང་རྟོགས་ངང་རྒྱུན་གཏན་གྱི་བྱ་བ་ཆུང་ཆུང་ནས་མགོ་བཙུགས་ཏེ་ལྗང་མདོག་ཐཱན་ཉུང་གི་འཚོ་བའི་འདུ་ཤེས་རང་འགུལ་ངང་ལག་བསྟར་བྱེད་པར་སྔར་ལས་ཁྲིད་སྟོན་བྱེད་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་སྒྲུབ་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོ་བཙུགས་ཏེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་དང་གཏིང་ཟབ་ངང་ཡག་པོ་བརྒྱབ་ནས། ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་གནམ་སྔོན་པོ་དང་སྤྲིན་དཀར་པོ། དྭངས་ཤིང་གཙང་བའི་རི་ཆུ་སྲུང་སྐྱོབ་བྱས་ཏེ། ཐུན་མོང་ཐོག་ས་ཁོངས་ཡོངས་ཀྱི་སྐྱེ་ཁམས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འབྲི་དགོས་ཞེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའི་ལས་སྒྲུབ་པ་མ་ཀུའེ་ཆིང་གིས་སྤོབས་པ་དང་ལྡན་པའི་སྒོ་ནས་བཤད་བྱུང་།

b157850125242bd6d6f766502e3aff92.jpg

ཁུལ་ནགས་ལས་དང་རྩྭ་ཐང་ཅུའི་ཅུ་ཀྲང་གཞོན་པ་ཅིན་ཝན་ཀུའེ་ཡིས་བཤད་རྒྱུར། མདའ་བཞི་ས་ཁུལ་གྱིས་རྒྱ་ཆེའི་ལས་བྱེད་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོའི་ནང་ཧུར་ཐག་ཞུགས་ནས། གསོམ་དཀར་དང་འོམ་བུ་སོགས་རང་ཡུལ་གྱི་ཤིང་རིགས་སྤྱད་དེ་ནགས་མུའུ་ཁྲི0.348དང་འོས་འགན་སྡོང་འཛུགས་ཀྱི་སྡོང་རྐང་ཁྲི2བཙུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔྱིད་ཀའི་སྔོ་ལྗང་ལ་བཀྲགས་མདངས་གསར་བ་བསྣན་ནས། མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་ཆེད་ལེགས་སྐྱེས་དབུལ་རྒྱུའི་འཆར་གཞི་ཡོད་ཟེར།

32f8f13ba5d1f2e54baa0e2cf4d48812.jpg

མདའ་བཞི་རྫོང་བཅའ་སྡོད་མི་རིགས་སློབ་ཆུང་གི་ལོ་རིམ་དྲུག་པའི་འཛིན་གྲྭ་ལྔ་པའི་སློབ་མ་ཝང་ཡིའུ་ཤིན་གྱིས་བཤད་རྒྱུར"ཐེངས་འདིའི་འོས་འགན་སྡོང་འཛུགས་བྱེད་སྒོའི་ནང་ཞུགས་པ་དེས་ང་ལ་གྲུབ་འབྲས་མང་པོ་ཐོབ་པ་དང་མྱོང་ཚོར་ཟབ་མོ་བྱུང་། ལྕགས་ཁེམ་གྱིས་ས་བརྐོ་བ་དང་སྡོང་ཕྲུག་སྐྱོར་ནས་འདེབས་འཛུགས་བྱེད་པ། སྡོང་བོར་ཆུ་གཏོང་བ་སོགས་ལས་རིམ་ཚང་མས་བཟོད་སེམས་དང་ཞིབ་ཚགས་ཡིན་མིན་ལ་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། ལག་པས་དངོས་སུ་སྡོང་ཕྲུག་རེ་རེ་བཞིན་ས་ནང་དུ་བཙུགས་ཤིང་རྩ་བ་བརྟན་པོ་བྱས་པས་སེམས་ནང་ལ་ཐོབ་སྣང་དང་སྤྲོ་སྣང་གིས་ཁེངས་ཡོད"ཟེར།

aba9550ff8bd5b79a20e5ddfd21a84ad.jpg

ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ། རྒྱལ་ཁོངས་ལྗང་སྒྱུར་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། རིམ་རྩིས་བྱས་ན། རྒྱལ་ཁོངས་ལྗང་སྒྱུར་མུའུ་ཁྲི183.9ལེགས་སྒྲུབ་བྱས་པ་དང་འོས་འགན་སྡོང་རྐང་ཁྲི332བཙུགས་ཡོད། ད་ལོར་མཚོ་བྱང་ཁུལ་གྱི་རྒྱལ་ཁོངས་ལྗང་སྒྱུར་བྱ་བས"གྲོང་ཁྱེར་གཅིག་དང་ལས་རིགས་ལྔ། ས་ཁོངས་ཡོངས་ཀྱི་སྐྱེ་ཁམས"ཀྱི་སྤྱིའི་འཕེལ་རྒྱས་ཀྱི་རྣམ་པར་དམིགས་ནས། གསར་བརྗེའི་ཉམས་ཞིབ་དང་སྐྱེ་ཁམས་མཛེས་ལྗོངས་རིམ་སྤོར་སྒྱུར་བཀོད་བྱ་བ་གཙོ་གནད་དུ་བཟུང་ནས། དུས་མགོའི"རྒྱ་ཁྱོན་ཆེ་རུ་བཏང་ནས་མཛེས་ཉམས་འདོན་པ་དང་། རྒྱ་ཁྱོན་ཆེ་རུ་བཏང་ནས་ལྗང་འགྱུར་སླར་གསོ་བྱེད་པའི"རྨང་གཞིའི་ཐོག "རྒྱ་ཁྱོན་ཆེ་རུ་གཏོང་བ་དང་འཕར་ཚད་མཐོ་རུ་གཏོང་བ"དམིགས་ཚད་དུ་བཟུང་ནས"དམངས་ཡོངས་ལ་སྐུལ་སློང་བྱེད་པ་དང་དམངས་ཡོངས་ཀྱིས་ལག་པ་འགུལ་བ། སྤྱི་ཚོགས་ཡོངས་ཞུགས་པ"བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སྡོང་འཛུགས་ལས་འགན་དུས་ཐོག་དང་ཁག་བགོས་ལྟར་ལེགས་སྒྲུབ་ཐུབ་པའི་འགན་ལེན་བྱས་ནས། འོས་འགན་སྡོང་འཛུགས་ཀྱི་འགན་འཁྲི་སྒྲུབ་ཚད་མཐོ་རུ་གཏོང་རྒྱུ་རེད།


མཉམ་སྤྱོད།