མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

​རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ་པར་སྐྲུན་བྱས།

2023-03-21 13:36:01   |   125

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


    ཉེ་ལམ《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2011ལོའི་ཟླ8པར་བསྡུས་པའི་ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་སྟེང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྔར་ལས་དར་སྤེལ་གཏོང་བ་དང་། རིགས་སོ་སོའི་མི་རིགས་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོབ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་བེད་སྤྱོད་བྱེད་རྒྱུར་བརྩི་བཀུར་དང་འགན་སྲུང་བྱེད་དགོས་ཞེས་བསྟན། མི་རིགས་སྐད་ཡིག་བྱ་བ་སྔར་ལས་ལེགས་པོར་སྒྲུབ་ཆེད་དང་ཚན་རྩལ་གྱི་མིང་བརྡའི་བོད་སྐད་ལོ་ཙཱར་གཅིག་གྱུར་དང་སྔར་ལས་བེད་སྤྱོད་བྱེད་པར་སྐུལ་འདེད། རིགས་སོ་སོའི་མང་ཚོགས་ཀྱིས་ཚན་རྩལ་རིག་གནས་བྱང་ཚད་དང་སྐད་བརྡའི་ནུས་པ་སོགས་མཐོར་འདེགས་སུ་གཏོང་ཆེད། 2014ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ཨུ་ལྷན་གཞུང་སྒྲུབ་ཁང་དང་བོད་རང་སྐྱོང་ལྗོངས་མིང་བརྡ་གསར་བའི་བོད་སྐད་ལོ་ཙཱའི་གཅིག་གྱུར་ཨུ་ཡོན་ལྷན་ཚོགས་རྒྱལ་ཡོངས་ཚན་རྩལ་མིང་བརྡའི་ཞིབ་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་དང་མཁོ་སྤྲོད་བྱས་པའི་བསླབ་ཚན100ལྷག་གི་ཁྲོད་ནས། 2010ལོའི་ཡར་སྔོན་དུ་ཁྱབ་བསྒྲགས་བྱས་ཟིན་པའི་རྒྱུ་ཆ་དང་འཇལ་འབྲི། ས་ཁམས། ས་རྒྱུ། གློག་བཟོ། གློག་ཤུགས། གཞུང་ལམ། རྩིས་འཁོར་ཚན་རྩལ། བཟོ་སྐྲུན་གླིང་ཀ གྲོང་ཁྱེར་གྱི་འཆར་འགོད། ནགས་ཚལ་རིག་པ། རྡོ་སོལ། ཞིང་ལས་རིག་པ། སྐྱེ་ཁམས། རྩིས་རིག ཆུ་བེད། ལྕགས་ལམ། བརྡ་འཕྲིན། ས་ཤིང་བཟོ་སྐྲུན། གཤིན་ས། གསོ་རིག སྐད་བརྡ། རྩི་ཤིང་། ཐོན་ཁུངས་སོགས་བསླབ་ཚན23ཁྲོད་ཀྱི་ཆེད་ལས་མིང་བརྡའི་ཐ་སྙད་ཁྲི10ལྷག་ལ་ཆེད་ལས་ལོ་ཙཱ་བ་རྩ་འཛུགས་ཀྱིས་ལོ་ཙཱ་དང་ཞུ་དག ཞིབ་བཤེར་གཏན་འབེབས་བྱས།

1.jpg

  རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ

    ཚན་རིག་གི་ལག་རྩལ་ཐ་སྙད་བོད་སྐད་དུ་བསྒྱུར་བར་ཚན་རིག་རང་བཞིན་དང་ཆེད་ལས་རང་བཞིན། སྒྲིག་སྲོལ་རང་བཞིན། གཅིག་གྱུར་རང་བཞིན་བཅས་ཡོང་བར་བྱ་ཆེད། ལོ་ཙཱ་དང་ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ཁྲོད། རྒྱལ་ནང་དུ་ལོ་ཙཱ་བྱས་ཏེ་ཁྱབ་བསྒྲགས་བྱས་ཟིན་པའི་བོད་སྐད་ཀྱི་ཐ་སྙད་དག་གཅིག་གྱུར་བྱེད་ཅི་ཐུབ་བྱས་ཡོད་ལ། ལོ་ཙཱ་བྱས་ཟིན་པའི་ཐོག་མའི་ཞིབ་བཤེར་བྱ་བའི་རྨང་གཞིའི་སྟེང་བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གྱི་ཡིག་སྒྱུར་མི་སྣས་ཐོག་མའི་མ་ཞུ་ལ་ནན་ཏན་སྒོས་ཞུ་དག་བྱས་ཤིང་། པེ་ཅིན་དང་མཚོ་སྔོན། ཟི་ཁྲོན། ཀན་སུའུ་སོགས་ཀྱི་རྒྱ་བོད་ལོ་ཙཱའི་ཆེད་མཁས་པ་ལ་ཞུ་དག་བྱེད་དུ་བཅུག ལོ་ངོ་མང་པོའི་རིང་གི་འབད་བརྩོན་བརྒྱུད་ད་བཟོད་སྐད་རིགས་གསུམ་ཅན་གྱི《རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ》ཞེས་ཆེད་ལས་མིང་བརྡའི་ཚིག་མཛོད་འདི་དངོས་སུ་ལེགས་འགྲུབ་བྱུང་། ད་ལྟ་ཡོད་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཁྲོད་ཆད་ལྷག་བྱུང་བའི་ཕྱོགས་བསྡུས་རང་བཞིན་གྱི་ལག་རྩལ་མིང་བརྡའི་རྒྱ་བོད་དབྱིན་གསུམ་ཚིག་མཛོད་ཀྱི་སྟོང་ཆ་དེ་དངོས་སུ་བསྐངས། ཚིག་མཛོད་འདི་པར་སྐྲུན་འགྲེམས་སྤེལ་བྱུང་བ་དེས་ཚན་རྩལ་གྱི་ཆེད་ལས་མིང་བརྡའི་ལོ་ཙཱ་ལ་གཅིག་གྱུར་དང་ཡོངས་ཁྱབ་བེད་སྤྱོད་ཐད་སྐུལ་འདེད་བྱས་པར་མ་ཟད། གཞི་རིམ་མང་ཚོགས་ཀྱིས་སྐད་གཉིས་སློབ་སྦྱོང་དང་ཚན་རྩལ་ཤེས་བྱ་མང་བོ་ཞིག་དང་ལེན་བྱེད་རྒྱུར་ཡང་སྟབས་བདེ་བསྐྲུན། དེ་མིན་རང་བྱུང་ཚན་རིག་ཁྱབ་ཁོངས་སུ་བོད་སྐད་ཀྱི་ཐ་སྙད་མུ་མཐུད་དུ་ཁ་གསབ་བྱས་ཏེ་ཕུན་སུམ་ཚོགས་པར་བཏང་བ་ལ་རོགས་རམ་ཐོབ་པ་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དར་སྤེལ། ཚན་རིག་དང་མཐུན་པའི་སྒོ་ནས་མི་རིགས་སྐད་ཡིག་ལ་སྲུང་སྐྱོབ་ཀྱང་བྱས་ཡོད།  

2.jpg

  རྒྱ་བོད་དབྱིན་གསུམ་ཤན་སྦྱར་ཚན་རྩལ་ཚིག་མཛོད་ཆེན་མོ

      ཚིག་མཛོད་འདི་ནི་རྒྱ་ཆེའི་ལོ་ཙཱ་བ་དང་གསར་འགྱུར། དཔེ་སྐྲུན་ལས་ཀ་བྱེད་མཁན། ཆེད་ལས་དངོས་སྦྱོང་སློབ་གླིང་གི་དགེ་སློབ། ཚན་རྩལ་ལས་བྱེད་མི་སྣ་དང་ལག་རྩལ་ལས་རིགས་ཆེད་ལས་མི་སྣ་སོགས་ལ་ངེས་པར་དུ་མཁོ་གལ་ཆེ་བའི་ཡོ་བྱད་རང་བཞིན་གྱི་དཔེ་དེབ་ཅིག་ཡིན་ལ། བོད་ལྗོངས་དང་བོད་འབྲེལ་བྱ་བ་གཙོ་བོར་བཟུང་བའི་ཞིང་ཆེན་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་དང་། ཚན་རིག་ལག་རྩལ་བེད་སྤྱོད། བསླབ་ཚན་དང་ལས་རིགས་བར་འབྲེལ་འདྲིས་བྱེད་རྒྱུར་ཤུགས་རྐྱེན་ཟབ་མོ་ཞིག་ཐེབས་སྲིད།


མཉམ་སྤྱོད།